ཟླ6པའི་ཚེས16ཉིན་གྱི་ཆུ་ཚོད17དང་སྐར་མ06གི་སྟེང་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཚྭ་འདམ་ཆེ་བར་ཚད་རིམ6.3གྱི་ས་ཡོམ་བྱུང་། ཟླ6པའི་ཚེས16ཉིན་གྱི་ཆུ་ཚོད20ཡི་བར། ས་ཡོམ་ཁྲོད་མི1ཚེ་ལས་འདས་ཤིང་། མི4རྨས། ཐོག་མའི་ཞིབ་དཔྱད་ལྟར་ན། ཐེངས་འདིའི་ས་ཡོམ་མཐའ་འཁོར་གྱི་སྤྱི་ལེ50ཚུན་གྱི་འགྲིམ་འགྲུལ་དང་འཕྲིན་གཏོང་། གློག་འདོན། ཆུ་འདོན། སོལ་རླངས་མཁོ་འདོན་སོགས་རྨང་གཞིའི་སྒྲིག་ཆས་འཁོར་སྐྱོད་རྒྱུན་ལྡན་ཡིན། ད་སྔ། ཞིང་ཆེན་རིམ་པའི་ས་ཡོམ་གནོད་འཚེའི་རིམ་པ་གཉིས་པའི་འཕྲལ་བསྟུན་བཀོད་སྒྲིག་བྱས་ཏེ། ཞིང་ཆེན་དང་ཁུལ། སྲིད་ཨུའི་ཆེད་ལས་རོགས་སྐྱོབ་སྟོབས་ཤུགས་ཅི་རིགས་གནོད་ཐེབས་ཁུལ་དུ་བསྐྱོད་དེ་འཕྲལ་བསྟུན་ཐག་གཅོད་བྱ་བ་སྤེལ་བས། ས་གནས་དེ་གའི་སྤྱི་ཚོགས་གནས་བབ་བརྟན་བརླིང་དང་གོ་རིམ་ལྡན་པ་རེད།
ས་ཡོམ་བྱུང་རྗེས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲེང་ཀྲང་ལུའོ་ཏུང་ཁྲོན་གཉིས་དུས་ཐོག་ཏུ་ཞིང་ཆེན་འཕྲལ་བསྟུན་བཀོད་འདོམས་པུའུ་རུ་ཕེབས་ཤིང་། ཞིང་ཆེན་ཡོམ་འགོག་གནོད་སེལ་བཀོད་འདོམས་པུའུ་ཡི་ཚོགས་འདུ་ཐེངས་དང་པོ་འཚོགས་ཏེ། བརྙན་ལམ་ནས་ཡོམ་འགོག་རྒུད་སྐྱོབ་བྱ་བར་བཀོད་འདོམས་བྱས།
མིག་སྔར། རྒུད་སྐྱོབ་བྱ་བ་རིམ་ལྡན་གྱིས་སྤེལ་སྒང་རེད།