གཞི་རིམ་མང་ཚོགས་ཀྱི་ནད་སྟོན་པར་ཐག་རིང་བ་དང་། བརྟག་དཔྱད་དཀའ་བ། འདྲི་རྩད་མི་བདེ་བ། བདེ་ཐང་ཤེས་བྱ་ཞན་པ་སོགས་དམངས་ཚིས་དཀའ་གནད་དག་སེལ་བའི་ཆེད་དུ། མང་ཚོགས་ཀྱི་བདེ་ཐང་ཞབས་ཞུའི“མཇུག་མཐའི་སྤྱི་ལེ་གཅིག”ཐག་གཅོད་བྱས། ཟླ6པའི་ཚེས15ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་གུང་ཧོ་རྫོང་དུ“བདེ་ཐང་དམངས་ཕན་ཐད་གཏོང་རླངས་འཁོར”སྤྱི་ཕན་ཞབས་ཞུའ་བྱེད་སྒོ་དངོས་སུ་དབུ་བསླངས་ཤིང་། མཚོ་ལྷོ་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཁྱད་འཕགས་ཀྱིས་སྨན་བཅོས་ཐོན་ཁུངས་དེ་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཞང་དང་གྲོང་རྡལ་དུ་ཞུགས་ནས། སྤྱི་ཕན་བདེ་ཐང་ཞབས་ཞུ་སྤེལ་ནས། སྟོབས་ཤུགས་ཡོད་ཚད་ཀྱིས་རིགས་སོ་སོའི་མང་ཚོགས་ཀྱི་སྐུ་གཟུགས་བདེ་ཐང་ལ་སྲུང་སྐྱོང་བྱ་རྒྱུ་རེད།
བྱེད་སྒོ་དེ་གཞི་རིམ་མང་ཚོགས་ཀྱིས་སྨན་སྟོན་ཁམས་གསོའི་དགོས་མཁོར་དམིགས་ནས། སྤྱི་ཕན་དམངས་ཕན་ཞབས་ཞུ་ལྔ་བཙུགས་ཡོད་ཅིང་། ཕྱོགས་ཡོངས་ནས་གཞི་རིམ་བདེ་ཐང་ཞབས་ཞུའི་སྐྱོན་ཆ་ཁ་གསབ་བྱས། ཞབས་ཞུའི་ནང་དོན་དུ་ཕྱོགས་ལྔ་འདུས་ཡོད་དེ། རིན་མེད་དུ་བདེ་ཐང་བརྟག་དཔྱད་ཞབས་ཞུ་བྱེད་པ་དང་། ཞབས་ཞུ་རུ་ཁག་གིསBཁྲའོ་དང་། སྙིང་རླབས་རི་མོ། བརྟག་དཔྱད་སོགས་ཁྱེར་བདེ་བ་ཅན་གྱི་སྒྲིག་ཆས་ཁྱེར་ནས་ཞང་དང་གྲོང་རྡལ་དུ་ཞུགས་ཏེ། མང་ཚོགས་ལ་ཕྱོགས་ཡོངས་ནས་རིན་མེད་དུ་བདེ་ཐང་བརྟག་བཤེར་བྱ་རྒྱུ་ཡིན་ཞིང་། དུས་མཉམ་དུ་དམངས་ཡོངས་ཀྱི་བདེ་ཐང་བརྟག་དཔྱད་ཡིག་ཚགས་འཐུས་ཚང་དུ་གཏོང་བ་དང་། ཆེད་མཁས་པས་གཅེས་སེམས་ནད་ལྟ་བྱེད་པར། བདེ་ཐང་འཕྲོད་བསྟེན་མ་ལག་གི་ཏང་ཡོན་རྐང་འཛིན་དང་། ཆེད་ཚན་སྨན་པ། ཀྲུང(བོད)གསོ་རིག་སྨན་པ་བཅས་བསལ་འདེམས་བྱས་ནས། ཕྱི་ནང་ཚན་ཁག་དང་། ཀླད་སྙིང་ཁྲག་རྩ་སོགས་རྒྱུན་མཐོང་ནད་ལ་བརྟག་པ། དལ་བའི་རིགས་ཀྱི་ནད་དོ་དམ། སྨན་བཀོལ་མཛུབ་སྟོན་དང་། ཀྲུང(བོད)གསོ་རིག་གི་ཁྱད་ལྡན་ཞབས་ཞུ་བཅས་སྤེལ་ཏེ། དབང་བོ་སྐྱོན་ཅན་དང་། ལོ་ན་མཐོ་བའི་འགུལ་སྐྱོད་མི་བདེ་བའི་མང་ཚོགས་ལ་དམིགས་ནས། ཆེད་དམིགས་རྣམ་གྲངས་ཀྱིས་ཁྱིམ་དུ་སོང་ནས་སྨན་བཅོས་བྱས་ཏེ་དམངས་ཕན་ཞབས་ཞུ་འདོན་སྤྲོད་བྱས་ཤིང་། འཕྲོད་བསྟེན་བདེ་ཐང་གི་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་བྱས་ནས། ལས་བཟོ་མི་སྣས་ཡུལ་དངོས་ནས་སྨན་བཅོས་འགན་སྲུང་དང་། འཕྲོད་བསྟེན་བདེ་ཐང་སོགས་རིགས་སྣ་མང་གི་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་བྱས་ཏེ། ཁྱིམ་ཚང་གི་བདེ་ཐང་ཤེས་མཁན་གསོ་སྐྱོང་བྱས་ཏེ། མང་ཚོགས་ཀྱི་རང་འགུལ་གྱི་བདེ་ཐང་དོ་དམ་ནུས་པ་ཇེ་མཐོར་གཏོང་དགོས། རིན་མེད་ངང་ཁྲག་འབུལ་གྱི་དྲིལ་སྒྲོག་བསྡུ་འགུག་ཞབས་ཞུ་དང་། བོད་རྒྱ་སྐད་གཉིས་ལ་བརྟེན་ནས་ཁྲག་འབུལ་བའི་ཚན་རིན་ཤེས་བྱ་ཁྱབ་གདལ་དུ་གཏོང་བ་དང་སྲིད་ཇུས་འགྲེལ་བཤད་བྱས་ནས། གྲོང་གསེབ་ཀྱི་མང་ཚོགས་ལ་ཁ་ཕྱོགས་པ་དང་ལྷག་པར་ན་གཞོན་ཚོགས་ཁག་ཁྲོད་ནས་རིན་མེད་ངང་་ཁྲག་འབུལ་བའི་དང་བླང་པ་བསྡུ་འགུག་བྱེད་དགོས། ནད་གཞི་ཚབས་ཆེན་གྱི་སྨན་ཁང་བསྒྱུར་ནས་བརྟག་དཔྱད་བྱེད་པའི་ཞབས་ཞུ་སྒྲུབ་པ་དང་། འོས་འགན་སྨན་བཅོས་དང་ལུས་ཕུང་བརྟག་དཔྱད་བྱས་ནས་ནད་གཞི་ཚབས་ཆེན་ཕོག་པ་ཤེས་རྟོགས་བྱུང་བར་གཞིགས་ནས། རེ་རེ་བཞིན་ཆེད་དོན་རྩིས་ཐོ་འཛུགས་པ་དང་། ཆེད་ལས་མི་སྣ་བཀོད་སྒྲིག་བྱས་ཏེ་གོང་རིམ་སྨན་བཅོས་ལས་ཁུངས་དང་སྦྲེལ་མཐུད་བྱེད་པ། ས་ཚིགས་གཅིག་ཅན་གྱི་སྨན་ཁང་བསྒྱུར་བའི་བརྟག་དཔྱད་དང་ནད་བརྟག་ཞབས་ཞུ་འདོན་སྤྲོད་བྱས་ནས། རོགས་སྐྱོར་དབུལ་ཕོངས་ས་ཁུལ་གྱི་ནད་ལྕི་མོ་དང་རིགས་སོ་སོའི་ནད་རྟགས། མཐོང་དཀོན་པའི་ནད་གཞིའི་ཐད་ཀྱི་རོགས་སྐྱོབ་སྣ་སུམ་ཅུ་པོར་ཡོངས་སུ་ཁེབས་པར་བྱས།