
ཟླ6པའི་ཚེས15ཉིན། རྒྱལ་ཡོངས་ཀྱི་ཏང་འཛུགས་བྱ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལི་ཞི་ཚོགས་འདུར་ཞུགས།
རྒྱལ་ཡོངས་ཀྱི་ཏང་འཛུགས་བྱ་བའི་བཞུགས་མོལ་ཚོགས་འདུ་ཚེས15ཉིན་པེ་ཅིང་དུ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལི་ཞི་ཚོགས་འདུར་ཞུགས།
ཚོགས་འདུ་ལས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཡུན་རིང་སྲིད་སྐྱོང་གི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་གང་འདྲ་ཞིག་འཛུགས་རྒྱུ་དང་། ཡུན་རིང་སྲིད་སྐྱོང་གི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཇི་ལྟར་འཛུགས་རྒྱུའི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་ལ་དམིགས་ཏེ། འདུ་ཤེས་གསར་པ་དང་དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་ནས། ཞི་ཅིན་ཕིང་གི་ཏང་འཛུགས་ཀྱི་དགོངས་པ་གྲུབ། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ཏང་སྟོབས་ལྡན་དང་རྒྱལ་ཁབ་སྟོབས་ལྡན་ལ་དངོས་ཡོད་ཀྱི་དོན་སྙིང་དང་ཡུན་རིང་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན།
ཚོགས་འདུ་ལས་བསྟན་དོན། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་ནི་དུས་རབས་གསར་པའི་ཏང་འཛུགས་ལ་ཤུགས་སྣོན་པའི་རྩ་བའི་སྲུང་བྱ་ཡིན། དགོངས་པ་འདིས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་རྩ་བར་གྱུར་པའི་ཁྱད་ཆོས་ཡིན་པ་ཁ་གསལ་བཟོས་ལ། ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་དང་ཕྱོགས་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བ་རྒྱུན་འཁྱོངས། ཐོག་མའི་སེམས་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་པ་རྒྱུན་འཁྱོངས། ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་འཛིན་པ་རྒྱུན་འཁྱོངས། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་བློ་སྒྲིལ་སེམས་སྐྱེད་བྱེད་པ་རྒྱུན་འཁྱོངས། ཏང་གཤིས་བརྟན་པོ་སྦྱོང་བརྡར་བྱ་རྒྱུ་རྒྱུན་འཁྱོངས། གོང་འོག་སྦྲེལ་མཐུད་དང་ལག་བསྟར་ནུས་ལྡན་བྱེད་པའི་རྩ་འཛུགས་མ་ལག་འཐུས་ཚང་དུ་གཏོང་བ་རྒྱུན་འཁྱོངས། མི་རིགས་བསྐྱར་དར་གྱི་ལས་འགན་ལྗིད་མོ་འཁུར་ཐུབ་ཅིང་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་འཛུགས་པ་རྒྱུན་འཁྱོངས། སྤྱོད་ཚུལ་ལེགས་སྐྱོང་རྒྱུན་ལྡན་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས། སྒྲིག་ཁྲིམས་ནན་མོར་བརྟེན་ནས་ཏང་ཡོངས་དོ་དམ་དང་ཏང་ཡོངས་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་ཏུ་འགྱུར་བར་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས། ལམ་ལུགས་ལ་བརྟེན་ནས་ཏང་སྐྱོང་བ་དང་སྒྲིག་སྲོལ་ལྟར་ཏང་སྐྱོང་བ་རྒྱུན་འཁྱོངས། ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། ནང་དོན་ཕུན་སུམ་ཇེ་ཚོགས་དང་མ་ལག་ཚགས་ཇེ་དམ་དུ་གཏོང་དགོས། བསམ་བློ་འདིར་ལག་ལེན་གྱི་རྨང་གཞི་བརྟན་པོ་དང་གཞུང་ལུགས་ཀྱི་འབྱུང་རྩ་ཟབ་མོ། གཞུང་ལུགས་ཀྱི་རྣམ་པ་གསལ་པོ་བཅས་འཛོམས་པས། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་ལག་ལེན་འཕེལ་རྒྱས་སོང་བར་བསྟུན་ནས་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་འགྲོ་ངེས་ཡིན།
ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་ནི་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཏང་ཡོངས་ཀྱི་ཆབ་སྲིད་ཀྱི་འོས་འགན་གལ་ཆེན་ཞིག་རེད། ཏང་ཡོན་དང་ལས་བྱེད་པ་རྩ་འཛུགས་བྱས་ནས་མ་རྩོམ་ཀློག་པ་དང་མ་ཡིག་སློབ་སྦྱོང་བྱེད་པ། གཞུང་ལུགས་ཤེས་རྟོགས་བྱེད་པར་སྐུལ་འདེད་བཏང་ནས། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་བས་གོ་བ་གཏིང་ཟབ་ལེན་དགོས་པ་མ་ཟད། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པར་སྒྲུབ་དགོས། མ་ལག་ཅན་དང་གཞུང་ལུགས་སློབ་སྦྱོང་ཅན་གྱི་ཞིབ་འཇུག་འཆད་འགྲེལ་སྤེལ་ནས། ཏང་ཡོན་དང་ལས་བྱེད་པ། མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་རྣམ་པས་དྲིལ་སྒྲོག་བྱེད་དགོས། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་ཏན་ཏིག་བྱ་རྒྱུར་མུ་མཐུད་དུ་སྐུལ་འདེད་བཏང་ནས། ཚད་གཞི་སྔར་བས་མཐོ་བ་དང་བྱེད་ཐབས་སྔར་བས་ཏན་ཏིག་གིས་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་བྱ་བ་སོ་སོ་དམ་འཛིན་ཡག་པོ་བྱེད་དགོས།
ཧྲི་ཐའེ་ཧྥིན་གྱིས་ཚོགས་འདུར་འགོ་འཛིན་མཛད་པ་དང་། ལི་ཧྲུའུ་ལེ་དང་ལིའུ་ཅིན་ཀའོ། མུའུ་ཧུང་བཅས་ཚོགས་འདུར་ཞུགས།
ཀྲུང་དབྱང་སྒྲིག་ཨུའི་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་དང་ཀྲུང་དབྱང་རྩ་འཛུགས་པུའུ། ཀྲུང་དབྱང་དྲིལ་སྒྲོག་པུའུ། ཀྲུང་དབྱང་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གླིང) ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་གླིང་། རྒྱལ་ཡོངས་ཏང་འཛུགས་ཞིབ་འཇུག་ཚོགས་པ། ཀྲེ་ཅང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ། པེ་ཅིང་སློབ་ཆེན་གྱི་འགན་འཁུར་བློ་མཐུན་བཅས་ཀྱིས་བརྗེ་རེས་གཏམ་བཤད་བྱས།