མཚོ་སྔོན་གྱིས《བྱེད་ཐབས་དོན་ཚན་བཅུ》བཏོན་ནས་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་བཏང་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཐད་གཏོགས་སྲིད་ཁྲིམས་ཀྱི་འབྲེལ་ཡོད་ལས་ཁུངས་དང་མཉམ་དུ《མཚོ་སྔོན་ཞིང་ཆེན་སྲིད་ཁྲིམས་ལས་ཁུངས་ཀྱིས་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་དོན་ཚན་བཅུ》(གཤམ་དུ《བྱེད་ཐབས་དོན་ཚན་བཅུ》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ནས་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་འཛུགས་སྐྱོང་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བར་ཁྲིམས་སྐྱོང་གི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱས།

《བྱེད་ཐབས་དོན་ཚན་བཅུ》ཡིས་ཚོང་གཉེར་ཁོར་ཡུག་གི་ཁྲིམས་འཛུགས་འགན་སྲུང་ལ་ཤུགས་སྣོན་བྱེད་པ་དང་། ཁེ་ལས་དང་འབྲེལ་བ་ཡོད་པའི་ཁྲིམས་ལུགས་སློབ་སྦྱོང་དང་ཁྲིམས་ལུགས་ཁྱབ་གདལ་གྱི་རྨང་གཞི་སྲ་བརྟན་དུ་གཏོང་བ། ཚད་ལྡན་དྲང་གཞག་དང་ཡ་རབས་ལུགས་མཐུན་གྱི་ཁྲིམས་འཛིན་ནན་པོ། ཁེ་ལས་དང་འབྲེལ་བ་ཡོད་པའི་ཁྲིམས་འཛིན་གྱི་སྤུས་ཚད་དང་ཕན་འབྲས་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་བ། མ་རྩ་རྡིབ་པའི་འདྲི་གཅོད་སྐྱོབ་བཅོས་དང་གཙང་སེལ་གྱི་ནུས་པ་ཉིས་བརྩེགས་འདོན་སྤེལ་གང་ལེགས་བྱེད་པ། ཤེས་བྱའི་ཐོན་དབང་སྲུང་སྐྱོང་ལ་ཤུགས་སྣོན། ཁེ་ལས་དང་འབྲེལ་བ་ཡོད་པའི་ཁྲིམས་འཛིན་ལྟ་སྐུལ་ལ་ཤུགས་སྣོན། སྒྲིག་འཛུགས་དཔྱད་དཔོག་དང་ཕན་འབྲས་ལ་འདྲི་རྩད་ནན་པོ། འགན་འཁྲི་བདའ་འདེད་དང་འགན་འཁྲི་བདའ་འདེད་བྱེད་ཤུགས་ཆེར་བསྐྱེད། སྒྲིག་འཛུགས་ཐོག་ལག་བསྟར་འགན་སྲུང་ལ་ཤུགས་སྣོན་བཅས་ཕྱོགས་བཅུར་དམིགས་ཏེ་སྲིད་ཁྲིམས་ལས་ཁུངས་ཀྱི་ཁྲིམས་འཛུགས་དང་། ཁྲིམས་བསྟར། ཁྲིམས་འཛིན།  ཁྲིམས་ལུགས་ཁྱབ་གདལ་བཅས་ཀྱི་འབྲེལ་ཐག་ཧྲིལ་པོར་གཞི་ཚུགས་ནས་མཚོ་སྔོན་གྱི་ཐོན་ལས་འཕེལ་རྒྱས་དང་། ཁྲོམ་རའི་བྱེད་པོ་གསོ་སྐྱོང་། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་བཅས་ཀྱི་འགག་རྩའི་ལྷུ་ཚིགས་དམ་པོར་སྦྲེལ་ནས་གནད་ལ་འཁེལ་བའི་སྒོ་ནས་ཐབས་ཇུས་ལག་བསྟར་བྱེད་རྒྱུ་རེད།

ཁྲིམས་འཛུགས་འགན་སྲུང་ཐད་ཚོང་གཉེར་ཁོར་ཡུག་ཁྱབ་ཁོངས་ཀྱི་ཁྲིམས་སྲོལ་དང་སྲིད་ཇུས་གཙང་བཤེར་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་རྒྱུ་ཁ་གསལ་བཟོས་ནས་ཁྲོམ་རའི་བྱེད་པོའི་བསམ་འཆར་དང་གྲོས་མགོ་རྒྱ་ཁྱབ་ངང་བསྡུ་རུབ་བྱས་ཏེ། རང་ཞིང་གི་དམངས་གཉེར་དཔལ་འབྱོར་སྐུལ་འདེད་སྲོལ་ཡིག་སོགས་ཁྲིམས་འཛུགས་འཕེལ་རིམ་ཇེ་མགྱོགས་སུ་གཏོང་རྒྱུ། ལུགས་མཐུན་དྲང་གཞག་དང་ཡ་རབས་ཀྱི་ཁྲིམས་འཛིན་ཐད།“དང་ཐོག་ཁྲིམས་འགལ་བྱས་རིགས་ལ་ཆད་པ་མི་གཅོད་པ”དང“ཁྲིམས་འགལ་ཆུང་ངུ་རིགས་ལ་ཆད་པ་མི་གཅོད་པའི་བྱེད་ཐབས”སྤྱད་དེ་བབ་བསྟུན་ཁྲིམས་བསྟར་ལ་སྐུལ་འདེད་གཏོང་བ་དང་དུས་མཚུངས་ཁེ་སྤོགས་རང་བཞིན་གྱི་ཞུ་གཏུག་ཐེར་འདོན་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་རྒྱུ། ཤེས་བྱའི་ཐོན་དབང་སྲུང་སྐྱོང་ཁྱབ་ཁོངས་སུ་ཁེ་དབང་ལ་བཙན་གནོད་དང་རྫུན་བཟོ་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་ནས་ཤེས་བྱའི་ཐོན་དབང་གི་གྱོད་གཞི“འདྲི་གཅོད་མགྱོགས་པོ་དང་འདྲི་གཅོད་ཞིབ་ཚགས་བྱེད་པའི”འདྲི་གཅོད་བྱེད་སྟངས་བཏོད་དེ་ཤེས་བྱའི་ཐོན་དབང་གི་གྱོད་གཞི་ཐག་གཅོད་བྱེད་པའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏང་རྒྱུ། མ་རྩ་རྡིབ་པའི་འདྲི་གཅོད་སྐྱོབ་བཅོས་དང་གཙང་སེལ་གྱི་ནུས་པ་ཉིས་བརྩེགས་འདོན་སྤེལ་བྱེད་པའི་ཐད་ནས་མཉམ་འབྲེལ་ཚོགས་འདུའི་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་དང་། ཁྲིམས་ལྟར་མ་རྩ་རྡིབ་པའི་གྱོད་གཞི་བདག་སྤྲོད་དང་ཞིབ་གཅོད་ནན་པོ། མ་རྩ་རྡིབ་པའི་འབྲེལ་མཐུད་བྱ་བའི་ལམ་སྲོལ་བཅོས་བསྒྱུར་ཟབ་སྤེལ། མ་རྩ་རྡིབ་པའི་འདྲི་གཅོད་ཆེད་ལས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་འགན་ཁ་གསལ་བཟོས་ཡོད།

《བྱེད་ཐབས་དོན་ཚན་བཅུ》ཡི་ནང“འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུ་ནི་སྲིད་སྐྱོང་བྱས་རྗེས་ཆེ་ཤོས་ཡིན་པ་དང་དམངས་འཚོ་འགན་སྲུང་བྱ་རྒྱུ་ནི་ལྟེ་བའི་འགན་འཁྲི་ཡིན”ཞེས་པའི་བྱ་བའི་ཁྲིད་སྟོན་མཐའ་འཁྱོངས་བྱས་ཏེ་སྲིད་ཁྲིམས་ལས་ཁུངས་ཀྱི་འགན་ནུས་ངེས་གནས་ལ་གཞི་ཚུགས་པ་དང་། ཁྲོམ་རའི་བྱེད་པོའི་ཁ་ཚ་དགོས་གཏུག་ཏུ་གྱུར་བའི་དཀའ་ངལ་དང་སེམས་ཁྲལ་ལ་དམིགས་ཏེ་དྲང་གཞག་ཡ་རབས་ཀྱི་ཁྲིམས་འཛིན་ལུགས་མཐུན་ནན་པོ་དང་། གནད་ལ་འཁེལ་ཞིང་ནུས་ཆེའི་ཁྲིམས་སྐྱོང་ཞབས་ཞུ་མཁོ་འདོན། ཁེ་ལས་ལ་ཕན་པའི་ཕུགས་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བརྒྱུད་ཁེ་ལས་ཀྱི་དཀའ་ངལ་དང་ཁུར་པོ་ཇེ་ཡང་དུ་བཏང་ནས་ཁྲོམ་རའི་བྱེད་པོ་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྲུང་སྐྱོང་ཏན་ཏིག་བྱེད་རྒྱུ་རེད། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།