མར་སྟེང་ཆུ་གློག་ས་ཚིགས་ཀྱིས་བསྟུད་མར་ཉིན་བརྒྱད་བརྒྱ་ལ་བདེ་འཇགས་ཐོན་སྐྱེད་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ6པའི་ཚེས10ཉིན་བར། མར་སྟེང་ཆུ་གློག་ས་ཚིགས་ཀྱིས་བསྟུད་མར་ཉིན་བརྒྱད་བརྒྱ་ལ་བདེ་འཇགས་ཐོན་སྐྱེད་བྱས་ཏེ། དུས་ཡུན་རིང་པོའི་བདེ་འཇགས་འཁོར་སྐྱོད་ཀྱི་ཟིན་ཐོ་གསར་བ་བསྐྲུན་པས། ཀྲུང་དབྱང་ཁེ་ལས་ཀྱི་ནུས་ཁུངས་འདོན་སྤྲོད་ཀྱི་ནུས་པ་དང་ཁག་ཁུར་མངོན་ཡོད།

ཆུ་གློག་ས་ཚིགས་དེས་སྡེ་ཚོགས་དང་མཚོ་སྔོན་ཀུང་ཟིའི་འབྲེལ་ཡོད་བདེ་འཇགས་ཐོན་སྐྱེད་བྱ་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་དངོས་འབེབས་ནན་མོ་བྱས་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་བཙུགས། རྨ་ཆུའི་འབབ་རྒྱུད་ཀྱི་ཆུ་རྒྱུན་དང་ཆར་བའི་གནས་ཚུལ་གྱི་དངོས་ཡོད་འགུལ་རྣམ་ལ་དམ་པོར་དམིགས་ནས། ཞོད་དུས་ཀྱི་ཆུ་མཛོད་བཀོད་གཏོང་སྔོན་ལ་བཀོད་སྒྲིག་བྱས་པ་དང་། ཆེད་དོན་ཆུ་གནས་ཚོད་འཛིན་དང་སྒྲིག་ཆས་འཁོར་སྐྱོར་ཇུས་གཞི་གཏན་འབེབས་བཟོས་ཏེ། སྒྲིག་ཆས་ཀྱི་ནུས་པ་དང་སྒྲིག་བཀོད་བདེ་འཇགས་ལ་འགན་སྲུང་བྱས། ཆུ་གློག་ས་ཚིགས་ཀྱིས་ཐོག་མཐའ་བར་གསུམ་དུ་བདེ་འཇགས་ཐོན་སྐྱེད་ཀྱི་ཚད་མཐའ་བརྟན་སྲུང་བྱས་པ་དང་། སྒྲིག་ཆས་ཆག་སྐྱོན་གྱི་གདུབ་སུམ་དོ་དམ་ཚོད་འཛིན་ལ་ཤུགས་བསྣན་ནས། སྒྲིག་ཆས་ཞིག་གསོ་དང་སྔོན་འགོག་རང་བཞིན་གྱི་ཚད་ལེན་སོགས་བྱ་བ་གཙོ་བོར་ནུས་ལྡན་ངང་སྐུལ་འདེད་བཏང་སྟེ། ཐོན་སྐྱེད་འཁོར་སྐྱོད་བརྟན་བརླིང་རིམ་ལྡན་ཡོང་བར་བྱས།

གློག་ཤུགས་ཐོན་སྐྱེད་དང་བཟོ་སྐྲུན་གྱི་མཇུག་མཐའི་ལས་ཀའི་ཁྱད་ཆོས་ལ་དམ་པོར་དམིགས་ནས། སྒྲིག་ཆས་འཁོར་སྐྱོད་ཀྱི་རྣམ་པར་དབྱེ་ཞིབ་བྱས་པ་དང་། ཉིན་རེར་ཞོགས་པའི་ཚོགས་འདུ་འཚོགས་པ་དང་གཟའ་རེར་དུས་བཅད་ལྟར་ཐོན་སྐྱེད་གཟའ་ཚོགས་འཚོགས་པ། ཟླ་རེར་སྒྲིག་ཆས་ལ་དབྱེ་ཞིབ་དང་ལག་རྩལ་ལྟ་སྐུལ་གྱི་ཚོགས་འདུ་འཚོགས་པ་བརྒྱུད། དམིགས་བསལ་གྱི་གནད་དོན་ལ་གཞིགས་ནས་བགྲོ་གླེང་ཟབ་མོ་བྱས་པ་དང་། གནད་དོན་གྱི་འབྱུང་རྩ་ངོས་འཛིན་དང་སྔོན་འགོག་བྱེད་ཐབས་སྤྱད་དེ། ཆག་སྐྱོན་ལ་གཡོལ་ཐབས་བྱས། གཞན་བཅོལ་ལས་གཞི་དོ་དམ་གྱི་ཚད་གཞི་དང་བརྒྱུད་རིམ་ལ་ཚོད་འཛིན་ནན་མོ་བྱས་ཤིང་། ལས་གཞི་འཛུགས་སྐྲུན་བདེ་འཇགས་རིམ་ལྡན་ཡོང་བ་དང་། ལས་ཀའི་བརྒྱུད་རིམ་ལ་ཚོད་འཛིན་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་རང་འགུལ་དབང་ཆ་ཚོད་འཛིན་ནན་མོ་བྱས་པ་དང་། ཆུ་གློག་ས་ཚིགས་ཀྱི་དུས་ཡུན་རིང་པོའི་བདེ་འཇགས་འཁོར་སྐྱོད་ལ་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།