ཝང་ཧུའུ་ཉིང་འགྲམ་གཉིས་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི་ཆེད་དོན་སྐུལ་སྤེལ་ཚོགས་འདུར་ཞུགས།

ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ།

འགྲམ་གཉིས་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི་ཆེད་དོན་སྐུལ་སྤེལ་ཚོགས་འདུ་ཚེས13ཉིན་ཧྥུའུ་ཅན་ཞ་མོན་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐའེ་ཝན་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པར་ཏང་གིས་ཐའེ་ཝན་གྱི་གནད་དོན་ཐག་གཅོད་བྱེད་པའི་སྤྱིའི་ཐབས་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ། འགྲམ་གཉིས་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་སྤུས་ཚད་མཐོན་པོས་འཛུགས་སྐྲུན་བཅས་བྱས་ཏེ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་ཀྱི་འགྲམ་གཉིས་མཉམ་འདྲེས་འཕེལ་རྒྱས་ལ་གྲུབ་འབྲས་སྔར་ལས་ཆེན་པོ་ཐོབ་པར་སྐུལ་འདེད་གཏོང་དགོས།

ཝང་ཧུའུ་ཉིང་གིས་བསྟན་དོན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ཀྱི་འགྲམ་གཉིས་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱ་བར་དམ་འཛིན་ཡག་པོ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་བྱ་རྒྱུ་དེ་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས་པའི་བླང་བྱ་དོན་འཁྱོལ་བྱ་དགོས་ལ། འགྲམ་གཉིས་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི་གཙོ་གནད་ལས་འགན་ལ་དམིགས་པ་དང་། སྲིད་ཇུས་དང་ལམ་ལུགས་གསར་གཏོད་བྱེད་ཤུགས་ཆེ་རུ་བཏང་ནས་དཔེ་སྟོན་ཁུལ་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པ། ཉམས་མྱོང་གསར་གཏོད་བཅས་བྱེད་པར་སྐུལ་འདེད་གཏོང་དགོས། འགྲམ་གཉིས་ཀྱི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། ཐོན་ལས་མཉམ་ལས་ལ་ཤུགས་བསྣན་ནས་ཐེ་ཝན་སྤུན་ཟླ་དང་ཐའེ་ཝན་ཁེ་ལས་ཀྱི་ཕན་ཁེ་རེག་ཚད་དང་ཐོབ་སྣང་ཇེ་ཆེ་རུ་གཏོང་དགོས། འགྲམ་གཉིས་ཀྱི་མི་ཚུལ་བརྗེ་རེས་དམ་ཟབ་དང་། ཀྲུང་ཧྭའི་རིག་གནས་ཀྱི་སྦྲེལ་མཐུད་ནུས་པ་ཇེ་ཆེར་བཏང་ནས་ཐའེ་ཝན་སྤུན་ཟླས་ཀྲུང་ཧྭ་མི་རིགས་དང་ཀྲུང་ཧྭའི་རིག་གནས། རླབས་ཆེན་མེས་རྒྱལ་བཅས་ལ་ངོས་འཛིན་གཅིག་མཐུན་བྱེད་ཚད་ཇེ་ཆེར་གཏོང་དགོས། ཐའེ་ཝན་གྱི་ན་གཞོན་སྐམ་ས་ཆེན་མོར་ཡོང་ནས་འཕེལ་རྒྱས་གཏོང་བའི་བགྲོད་ལམ་ཇེ་ཡངས་སུ་གཏོང་བ་དང་། ཐའེ་ཝན་གྱི་ན་གཞོན་སྐམ་ས་ཆེན་མོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དེང་རབས་ཅན་འཛུགས་སྐྲུན་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་ཏེ་བརྗེ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་ཀྱི་ཁྲོད་མཛའ་བརྩེ་ཇེ་ཟབ་དང་སེམས་པ་གཅིག་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།

ཀྲུང་དབྱང་ཐའེ་ཝན་བྱ་བའི་གཞུང་སྒྲུབ་ཁང་དང་། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ཧྥུའུ་ཅན་ཞིང་ཆེན་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་འགྲམ་གཉིས་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་གནས་ཚུལ་ངོ་སྤྲོད་བྱས། ནོར་སྲིད་པུའུ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། ཚོང་དོན་པུའུ། རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་། ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་གཏམ་བཤད།

ཚེས14ཉིན་གྱི་སྔ་དྲོར། ཝང་ཧུའུ་ཉིང་གིས་ད་དུང་ཞ་མོན་དུ་འགྲམ་གཉིས་མཉམ་འདྲེས་འཕེལ་རྒྱས་ཀྱི་བྱ་བ་དང་ཐའེ་ཝན་སྤུན་ཟླའི་ཞབས་ཞུའི་རིག་ནུས་ཅན་དང་སྟབས་བདེ་ཅན། འགྲམ་གཉིས་ཀྱི་ན་གཞོན་བརྗེ་རེས་མཉམ་ལས་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།