གསར་བརྗེའི་ཁྲག་རྩ་རྒྱུན་འཛིན་བྱས་ཏེ། དུས་རབས་གསར་པའི་རྒྱང་སྐྱོད་ལམ་དུ་ལེགས་པོར་བསྐྱོད།

ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ།

ཀུའེ་ཀྲོའུ་ཙུན་དབྱི་ནི་གསར་བརྗེའི་གནས་རྙིང་ཁུལ་ཡིན་པ་དང་། 1935ལོའི་ཟླ1པོར་འཚོགས་པའི་ཙུན་དབྱིའི་གྲོས་ཚོགས་ནི། ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་སྟེང་ཤི་གསོན་ལ་ཐུག་པའི་འཕོ་འགྱུར་རླབས་ཆེན་ཞིག་ཡིན་ལ། ཉེན་ཁ་ཤིན་ཏུ་ཆེ་བའི་ལོ་རྒྱུས་ཀྱི་འགག་རྩར་འཕྲད་པའི་སྐབས་སུ་ཏང་དང་། དམར་དམག ཀྲུང་གོའི་གསར་བརྗེ་བཅས་བསྐྱབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཙུན་དབྱིའི་གྲོས་ཚོགས་ཀྱི་ལོ་རྒྱུས་ཉམས་མྱོང་བེད་སྤྱོད་ལེགས་པོ་བྱས་ནས། ཙུན་དབྱིའི་གྲོས་ཚོགས་ཀྱི་དགོངས་དོན་ནམ་ཡང་འོད་ཟེར་ལྡན་པར་བྱ་དགོས། དེང་སྐབས། “ཡིད་ཆེས་བརྟན་པོ་དང་། བདེན་དོན་རྒྱུན་འཁྱོངས། རང་བཙན་རང་བདག མཐུན་སྒྲིལ་གཅིག་གྱུར”བཅས་ཀྱི་ཙུན་དབྱིའི་གྲོས་ཚོགས་ཀྱི་དགོངས་དོན་ཡུལ་དུས་ལས་བརྒལ་བ་དང་། ཡུན་རིང་གསར་འཕེལ་བྱས་པས། གནས་རྙིང་ཁུལ་གྱི་མི་དམངས་ལ་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་པར་བསྔགས་སྐུལ་དང་། གསར་བརྗེའི་ས་རྒྱུ་གཤིན་པོར་རྐང་ཚུགས་ནས། བརྗིད་ཆེའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་རིས་རིང་མོ་བྲིས།

ཉིན་འདི་དག་རིང་། ཙུན་དབྱིའི་གྲོས་ཚོགས་དྲན་གསོ་ཁང་དུ། “གསར་བརྗེའི་སྒྲོག་འགྲེལ་པ་ཆུང་ཆུང”གི་རྒྱུན་འཛིན་བྱེད་སྒོ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད། བྱིས་པ་ཚོ་རྩ་ཆེའི་ལོ་རྒྱུས་དཔྱད་ཡིག་གི་མདུན་དུ་ལངས་ཏེ། རླབས་ཆེན་གྱི་ཁ་ཕྱོགས་སྒྱུར་བའི་ནང་དོན་ཟབ་མོ་རྟོགས། ཉན་མཁན་ནས་ཁྱབ་སྤེལ་མཁན་དུ་འགྱུར་བར། གསར་བརྗེའི་མེ་སོན་འདི་ནས་མཚམས་མི་འཇོག

ཀུའེ་ཀྲོའུ་ཞིང་ཆེན་ཙུན་དབྱི་གྲོང་ཁྱེར་མཁར་རྙིང་སློབ་ཆུང་གི་སློབ་མ། གསར་བརྗེའི་སྒྲོག་འགྲེལ་པ་ཆུང་ཆུང་། ཀེང་ཧའོ་ཁྲེང་གིས་བཤད་རྒྱུར། ད་ལྟ་ང་ཚོས་བཤད་པའི་གཏམ་རྒྱུད་རེ་རེ་ནི། གསར་བརྗེའི་སྔོན་བྱོན་པ་རྣམས་ཀྱིས་ཚེ་སྲོག་ལ་བརྟེན་ནས་བརྗེས་པ་ཤ་སྟག་ཡིན། ངས་ཙུན་དབྱིའི་གྲོས་ཚོགས་ཀྱི་གཏམ་རྒྱུད་མི་སྔར་ལས་མང་པོར་བཤད་ནས། དེ་རིང་གི་བདེ་སྐྱིད་འཚོ་བ་ལས་སླ་པོར་བྱུང་བ་ཞིག་མིན་པ་ཚང་མར་ཤེས་སུ་འཇུག་རྒྱུ་ཡིན།

1935ལོའི་ཟླ1པོར། དམར་དམག་གིས“སྐོར་བཅོམ”ཐེངས་ལྔ་པར་ངོ་རྒོལ་བྱེད་པར་ཕམ་ཉེས་བྱུང་བ་དང་རྒྱང་སྐྱོད་ཀྱི་དུས་འགོར་བར་ཆད་ཚབས་ཆེན་བྱུང་བའི་ལོ་རྒྱུས་ཀྱི་འགག་རྩར་འཕྲད་པའི་སྐབས། ཙུན་དབྱིའི་གྲོས་ཚོགས་རྒྱལ་ཁའི་ངང་སྐོང་འཚོགས་བྱས་ཏེ། ང་ཚོའི་ཏང་གིས་རང་ཚུགས་རང་བདག་གིས་ཀྲུང་གོའི་གསར་བརྗེའི་གནད་དོན་དངོས་ཐག་གཅོད་བྱེད་པའི་དུས་རིམ་གསར་པ་ཞིག་ཕྱེས། ཙུན་དབྱིའི་གྲོས་ཚོགས་ཀྱི་དགོངས་དོན་དུས་དེ་ནས་བཟུང་ཀྲུང་གོ་གུང་ཁྲན་ཏང་མིའི་ཁྲག་རྒྱུན་དང་འདྲེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཙུན་དབྱི་གྲོས་ཚོགས་ཀྱི་དགོངས་དོན་རྒྱུན་འཛིན་དང་དར་སྤེལ་གཏོང་བར་ཚད་མཐོའི་མཐོང་ཆེན་གནང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཀུའེ་ཀྲོའུ་རུ་རྟོག་ཞིབ་ཐེངས་གསུམ་གནང་བར་ཕེབས་ཏེ། ཙུན་དབྱིའི་གྲོས་ཚོགས་ཀྱིས་མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དང་ཀྲུང་གོའི་དོན་དངོས་ཟུང་འབྲེལ་དང་། རང་བཙན་རང་བདག་གི་བགྲོད་ལམ་དུ་བསྐྱོད་པ་རྒྱུན་འཁྱོངས་བྱེད་པ་སོགས་ཀྱི་ཐད་ལ། ཉམས་མྱོང་རྩ་ཆེན་དང་བློ་སྒོ་གལ་ཆེན་ཕྱེས་ཡོད་པ་གཏིང་ཟབ་ཏུ་བསྟན། གསར་བརྗེའི་ས་རྒྱུ་གཤིན་པོར་རྐང་ཚུགས་ནས། སྤྱི་ཁྱབ་ཧྲུའུ་ཅིས་ཀུའེ་ཀྲོའུ་ཡིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཁྱོན་ཡོངས་ལ་སྤྱི་འདོམས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་པོའི་ཐད་ལམ་བུ་གསར་པ་བསྐྲུན་པ་དང་། གྲོང་གསེབ་དར་སྤེལ་ཐད་འགོ་གསར་པ་རྩོམ་པ། གྲངས་འཛིན་དཔལ་འབྱོར་འཐབ་ཇུས་ལག་བསྟར་ཐད་གོ་སྐབས་གསར་པ་འཕྲོག་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་གྲུབ་འབྲས་གསར་པ་ཐོབ་པ་བཅས་བྱེད་དགོས་པའི་བླང་བྱ་བཏོན། 

མངགས་བཅོལ་ནན་མོ་དེ་སྒུལ་ཤུགས་ཆེན་པོ་རུ་བསྒྱུར། སྙིང་སྟོབས་རྒྱུན་འཛིན་ནས་གསོན་ཉམས་ལྡན་པའི་ལག་ལེན་བར། རང་ཚུགས་རང་བདག་གི་འཚོལ་ཞིབ་སྙིང་སྟོབས་ཀྱིས་དང་ཐོག་ཡུལ་བབ་དང་བསྟུན་ནས་གྲོང་གསེབ་དར་སྤེལ་གཏོང་བའི་སྟོབས་ཤུགས་ཆེན་པོ་འཕེལ་བར་བྱས། ཙུན་དབྱི་ནུབ་རྒྱུད་རི་ཁུལ་དུ་གནས་པའི་ཧྭ་མའོ་སྡེ་བ་སྟེ། གནའ་བོའི་མིང་ལ“ཐང་རྒོད”ཟེར། སྔོན་ཆད་རྩྭ་ལྡུམ་མང་དུ་སྐྱེས་ཤིང་རྨོ་ཞིང་ཐར་ཐོར་དུ་གནས། འཕེལ་རྒྱས་དོན་གཉེར་བྱེད་ཆེད། སྡེ་མི་ཚོས་བྱེད་ཐབས་མི་ཉུང་བ་ཞིག་ཚོད་ལྟ་བྱས་པ་དང་། ཐ་ན་ས་ཆ་གཞན་གྱི་དཔེ་དབྱིབས་འདྲ་སྤོས་བྱས་ཀྱང་རྒྱུན་དུ་ཕམ་ཁ་མྱངས། ཚང་མས་རྐང་འོག་གི་ས་གཞི་སྟེ་རི་སྔོ་ཆུ་དྭངས་དང་། གསར་བརྗེའི་དྲན་ཤེས། རྫ་བཟོའི་ལག་རྩལ་བཅས་ལ་ཡང་བསྐྱར་ཞིབ་ལྟ་བྱེད་རག་བར་དུ། ཀུའེ་ཀྲོའུ་བྱང་རྒྱུད་ཀྱི་གྲོང་གསེབ་ལ་དབང་བའི་ཕ་ཡུལ་གྱི་བརྩེ་སེམས་ཀྱིས་ཁེངས་འདུག གྲོང་གསེབ་ཀྱི་ཁྱད་ཆོས་ལ་བརྟེན་ནས། ཧྭ་མའོ་སྡེ་བར་ཡང་དག་པའི་ཞིང་ལས་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་ཁ་ཕྱོགས་བཙལ་ནས། གོམ་པ་རེ་རེ་བཞིན་རང་ཉིད་ཀྱི་ལམ་བུའི་སྟེང་བསྐྱོད། ལོ་བཅུའི་རིང་། སྡེ་བའི་ཐུན་མོང་ཡོང་འབབ་སྒོར་ཆིག་འབུམ་དྲུག་ཁྲི་ནས་སྒོར་བྱེ་བ་གཅིག་ས་ཡ་བཞི་བརྒྱད་འབུམ་ཆིག་ཁྲི་བར་འཕར་བ་དང་། སྡེ་མིའི་མི་རེའི་ཆ་སྙོམས་ཡོང་འབབ་ལྡབ་གཅིག་ལྷག་འཕར་ཏེ། རྒྱལ་ཁའི་ངང་རྒྱལ་ཡོངས་ཀྱི་གྲོང་གསེབ་དར་སྤེལ་གྱི་དཔེ་སྟོན་སྡེ་བར་གྱུར། དེ་སྔའི་དབུལ་ཐར་མཁྲེགས་གཏོར་གྱི་གཡུལ་ས་གཙོ་བོ་ཡིན་པའི་ཀུའེ་ཀྲོའུ་ཡིས་ལོ་ལྔའི་བར་བརྒལ་དུས་སྐབས་ཀྱི་ལས་འགན་བདེ་བླག་ངང་ལེགས་གྲུབ་བྱུང་ནས། དབུལ་ཐར་མང་ཚོགས་ས་ཡ་དགུ་ཉིས་འབུམ་སུམ་ཁྲིའི་འཚོ་བ་རྒྱུན་མཐུད་ངང་ཇེ་ལེགས་སུ་སོང་། ཞིང་ཆེན་ཡོངས་ཀྱི་སྡེ་བའི་བཅའ་སྡོད་བྱ་བའི་རུ་ཁག་ཆིག་ཁྲི་ལ་ཉེ་བས་གཞི་རིམ་གྱི་ཡུལ་དངོས་དང་པོ་བརྟན་སྲུང་བྱས་པ་དང་། ཁྱད་ལྡན་དམངས་ཕྱུག་ཐོན་ལས་སྟོབས་ཆེར་བཏང་ནས། འཆམ་མཛེས་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་། རྒྱལ་ཡོངས་ཀྱི“རྒྱལ་ཡོངས་འཆམ་མཛེས་གྲོང་གསེབ་ཀྱི་ལག་རྩལ་སྤོ་ལོའི་འགྲན་སྡུར་ཆེན་མོ”དང“འཆམ་མཛེས་གྲོང་གསེབ་ཀྱི་རྐང་གྲུག་རིམ་འདས་མཉམ་འགྲན”ནི། གནས་རྙིང་མི་དམངས་ཀྱིས་རང་ངོས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཚོ་བ་བསྐྲུན་པའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་རེད། གལ་ཏེ་ཡུལ་བབ་དང་བསྟུན་པ་ནི་དངོས་ཐོག་བདེན་འཚོལ་གྱི་མཚོན་ཚུལ་ཞིག་ཡིན་ན། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་མཐུན་སྒྲིལ་རོགས་ལས་བྱེད་པ་ནི། ཙུན་དབྱིའི་གྲོས་ཚོགས་ཀྱི་དགོངས་དོན་གྱི་འཐབ་ལམ་གསར་པའི་སྟེང་གི་འགྲེལ་བཤད་གལ་ཆེན་གཞན་ཞིག་ཡིན། ཀུའེ་ཀྲོའུ་རུ་དག་གཙང་ནུས་ཁུངས་ཀྱིས་ཕྱུག་པ་དང་། ས་གཤིས་དང་གནམ་གཤིས་ཀྱི་ཆ་རྐྱེན་ལྷག་ཏུ་བཟང་ཡང་། སྔོན་ཆད་ཞིང་ཆེན་རང་གི་ཇུས་འགོད་ཁོ་ནར་རྐང་བཙུགས་པས། ཐོན་ཁུངས་ཀྱི་དགེ་མཚན་སྤྱོད་ཐུབ་ཀྱིན་མེད། དུས་རབས་གསར་པའི་ཚུན་དུ། རྒྱལ་ཡོངས་ལ་བསམ་ཇུས་གཅིག་གི་ལྟ་བའི་མཐོ་ཚད་ལས་ཡང་བསྐྱར་ཞིབ་ལྟ་བྱས་ཏེ། ཀུའེ་ཀྲོའུ་ཡིས“ཤར་གྲངས་ནུབ་རྩིས”ཀྱི་འཐབ་ཇུས་གོ་སྐབས་དམ་འཛིན་བྱས་ཏེ། ནུས་ཁུངས་ཀྱི་ལེགས་ཆ་དེ་རྒྱལ་ཡོངས་ཀྱི་རྩིས་ཤུགས་ཀྱི་དགོས་མཁོ་དང་འབྲེལ་མཐུད་བྱས། གཉེར་སྐྱོང་ཉོ་ཚོང་ཆེན་མོ་གསུམ་གཞི་གྲངས་ལྟེ་གནས་སུ་གཞིས་ཆགས་པ་ནས། རྒྱལ་ཡོངས་ཀྱི་རང་རྒྱལ་ནས་ཐོན་པའི་རིག་མཛོད་ཁྱུ་ཚོགས་ཆེ་ཤོས་བསྐྲུན་པའི་བར། ས་གནས་ཀྱི་གྲངས་ནུས་ཐོན་ལས་ཀྱི་གཞི་ཁྱོན་སྒོར་ཁྲག་ཁྲིག་གསུམ་གྱི་བར་འཕར་ནས། ཐོན་ཁུངས་ཀྱི་སྐྱེས་ཐོབ་རང་བཞིན་དེ་འཐབ་ཇུས་རང་བཞིན་གྱི་ཐོན་ལས་ལ་ངོ་མཚར་ཆེ་བའི་རྣམ་པ་ཞིག་མངོན་ཡོད།

རི་འདབས་ཀྱི་སྡོང་ཕྲུག་ར་བའི་ནང་དུ། སྐྱེས་མ་ཐག་པའི་སྡོང་ཕྲུག་གི་སྐྱེ་ཚུལ་དགའ་འོས་པ་ཞིག་རེད། ཧོའུ་ཀུའེ་ཡིས་བཤད་རྒྱུར། སྡོང་ཕྲུག་འདི་དག་འདི་ནས་ལོ་བཞི་ལ་གསོ་སྐྱོང་བྱས་ཏེ། བྱེ་མའི་ནང་དུ་སྤོས་རྗེས་སླར་ཡང་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་སྲིད་ཟེར།

ལེའོ་ཉིང་ཞིང་ཆེན་ཧྥུ་ཞིན་གྲོང་ཁྱེར་ཀྲང་ཝུའུ་རྫོང་སི་ཧོ་གྲོང་རྡལ་ལིའུ་ཅ་སྡེ་བའི་སྡེ་མི་ཧོའུ་ཀུའེ་ཡིས་བཤད་རྒྱུར། མི་ཚེ་འདིར་ང་ཆེས་ང་རྒྱལ་ཆེ་བའི་བྱ་བ་ནི་ནགས་ཚལ་འདི་བཏབ་པ་དེ་ཡིན།  བུ་རབས་ཚ་རྒྱུད་ལ་རི་སྔོན་འདི་འཇོག་ཐུབ་པ་དང་། ང་ད་དུང་འགུལ་པའི་ཐུབ་བར། ངས་སྡོང་བོ་འཛུགས་དགོས། སྡོང་བོར་རྩ་བ་ཚུགས་ན་བྱེ་མའི་བཞུར་རྒྱུན་ཆད་འགྲོ་བས། གང་སར་རེ་བས་ཁེངས་ཐུབ།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།