མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་ཅེ་ལུང་ཕའོ་རུ་བསྐྱོད།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

 

ཟླ6པའི་ཚེས12ཉིན། རབ་མཛེས་མཚོ་སྔོན་ཀྲུང་གོ ཁྱེད་བདེ་མོ་ཞེས་པའི་མཱ་ལེ་ཞི་ཡའི་རིག་གནས་ཡུལ་སྐོར་འགྲེམ་སྟོན་སྐབས་གསུམ་པའི་སྟེང་མངོན། 2026 ལོའི་རིག་གནས་ཡུལ་སྐོར་པུའུ་ཞིང་ཆེན་རིམ་པའི་མཉམ་ལས་ལས་ཁུངས་ཡིན་པའི་ཆ་ནས། མཚོ་སྔོན་ཞིང་ཆེན་གྱིས་སྐུ་མགྲོན་ཞིང་ཆེན་གྱི་མིང་ཐོག་ནས་ཅི་ལུང་ཕའོ་ཝུའུ་ཅི་ཅཱ་ལི་ཨེར་གྱི་པཱ་ཝེ་ཉི་འགྲེམས་སྟོན་ལྟེ་གནས་སུ་རི་ཆུའི་མགོ་ཁུངས། མཛེསརབ་་མཚོ་སྔོན་ཞེས་པའི་རིག་གནས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་བསྡུས།

འོས་སྦྱོར་ཚོགས་འདུས་གླུ་གར་འཁྲབ་སྟོན་དང་རིག་གནས་ཡུལ་སྐོར་འོས་སྦྱོར། ལྟད་མོ་བའི་འབྲེལ་འདྲིས་བཅས་ཀྱི་གསར་གཏོད་རྣམ་པ་སྤྱད་དེ། མི་རིགས15ཡི་གླུ་གར་ལེ་ཚན་དང་སྤུས་ཚད་མཐོ་བའི་འོས་སྦྱོར་ཐེངས་གསུམ་བརྒྱུད་དེ། མཚོ་སྔོན་གྱི་རང་བྱུང་མཛེས་ལྗོངས་དང་རིག་གནས་ཀྱི་རྨང་གཞི། ཡུལ་སྐོར་ཐོན་རྫས་བཅས་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱས་པ་དང་། ཡུལ་དངོས་སུ་སྤྲོ་སེམས་འཁོལ་བའི་ངང་ལན་ཆ་བྱུང་ཡོད།

མ་ལེ་ཞི་ཡའི་ཡུལ་སྐོར་བའི་ཁྲོམ་རར་དམིགས་ནས། མཚོ་སྔོན་གྱིས་གཙོ་གནད་ཐོག་ཚ་གཡོལ་གནས་མཆོག བསིལ་འཇམ་ལྡན་པའི་མཚོ་སྔོན་ཞེས་པའི་དབྱར་གསེང་བདེ་ཐང་ཡུལ་སྐོར་ཐོན་རྫས་ཁྱབ་བསྒྲགས་བྱས་པ་དང་། སྟབས་བདེའི་མྱོང་རོལ་དང་འཁོར་ཡུན་ཐུང་བ། ས་བབ་དམའ་བ། མཛའ་མཐུན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་འདུ་ཤེས་གཞིར་བཟུང་ནས། སྐྱེ་ཁམས་འཚོལ་ཞིབ་དང་དར་གོས་ཚོང་ལམ་གྱི་རིག་གནས། དམངས་སྲོལ་མྱོང་སྣང་སོགས་ཀྱི་བརྗོད་དོན་གཙོ་བོའི་ལམ་ཐིག་ཡོངས་ལ་ཁྱབ་པར་བྱས། དར་གོས་ཚོང་ལམ་གྱི་རྒྱབ་བཞུད་རྟགས་མའི་རྒྱལ་སྤྱི་ཅན་གྱི་ཡུལ་སྐོར་མེ་འཁོར་དུས་མཉམ་དུ་འོས་སྦྱོར་བྱས་ཏེ། མི་རྣམས་ལྗོངས་ཁུལ་དུ་འགྲོ་བ་དང་། མེ་འཁོར་རི་མོའི་ཁྲོད་དུ་བཀྲ་བའི་མཐོ་རིམ་མྱོང་ཚོར་མཁོ་འདོན་བྱས། ཡུལ་དངོས་སུ་ད་དུང་མ་ལེ་ཞི་ཡའི་ཡུལ་སྐོར་བར་དམིགས་པའི་དམིགས་བསལ་གྱི་གཟིགས་སྐྱོང་ཁུག་མིའི་ལེགས་སྐྱེས་སྤྲད་པ་དེས། མཛེས་ལྗོངས་ཁུལ་གྱི་པ་སེ་དང་མགྲོན་ཁང་། འགྲིམ་འགྲུལ་སྣེ་ལེན་སོགས་གཟིགས་སྐྱོང་སྣ་ཚོགས་ལ་ཁེབས་ཡོད།    

འགྲེམས་སྟོན་བྱེད་རིང་རི་ཆུའི་མགོ་ཁུངས། རབ་མཛེས་མཚོ་སྔོན་གྱི་སྐྱེ་ཁམས་རིག་གནས་ཡུལ་སྐོར་པར་ལེན་འགྲེམས་སྟོན་(ཟླ 7 པའི་ཚེས 12 ཉིན་བར་འགྲེམས་སྟོན་བྱ་རྒྱུ)དང་ཡུལ་དངོས་ཀྱི་ཤུལ་བཞག་རིག་གནས་འགྲེམས་སྟོན་བྱ་རྒྱུ་རེད། མཚོ་སྔོན་འཐུས་མི་ཚོགས་པས་མ་ལེ་ཞི་ཡའི་དམངས་སྲོལ་རིག་གནས་ཡུལ་སྐོར་སྤྱི་ཁྱབ་ཚོང་ཚོགས་སོགས་ས་གནས་ཀྱི་སྒྲིག་གཞི་དང་གཏིང་ཟབ་པའི་གྲོས་མོལ་བྱས། མ་ལེ་ཞི་ཡའི་ཡུལ་སྐོར་ཚོང་པ་མང་པོས་མཉམ་ལས་ཀྱི་འདོད་བློ་མངོན་པ་དང་། མཚོ་སྔོན་གྱི་ཁྱད་ལྡན་ལམ་ཐིག་དེ་མ་ལེ་ཞི་ཡའི་ཕྱི་སྐྱོད་ཐོན་རྫས་མ་ལག་ཁྲོད་བཞག་ནས་ཅི་ལུང་ཕའོ་ནས་ཟི་ལིང་གི་ཐད་འཕུར་གནམ་གྲུ་བཀོད་སྒྲིག་བྱ་བར་དངོས་འབྲེལ་གྱི་གྲུབ་འབྲས་བླངས།

ཐེངས་འདིའི་འོས་སྦྱོར་ཚོགས་འདུས་འགྲེམ་སྟོན་དང་རིག་གནས་བརྒྱུད་ནས་ཀྲུང་གོ་དང་མཱ་ལེ་ཞི་ཡའི་རིག་གནས་ཡུལ་སྐོར་དང་འགྲུལ་ཁུངས་ཕན་ཚུན་མཁོ་འདོན་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་ནས་མཚོ་སྔོན་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་འཛུགས་སྐྲུན་ཐད་རོགས་འདེགས་བྱས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།