རྨ་ལྷོས་གནད་འཁེལ་ཤུགས་འདོན་གྱིས་གཞི་རིམ་ཏང་འཛུགས་ཀྱི་སྤུས་འདེགས་ནུས་འཕར་ལ་སྐུལ་འདེད་བཏང་།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

 

ཟླ6པའི་ཚེས10ཉིན། ཀྲུང་གུང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གནས་ཚུལ་སྤེལ་བ་ལྟར་ན། ཞིང་ཆེན་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་བྱེད་ནུས་དང་རྩ་འཛུགས་ནུས་པ་ཞིབ་ཕྲ་ཅན་དང་དངོས་ཕན་ཅན་གྱི་ལོ་གསུམ་འགུལ་སྐྱོད་བཀོད་སྒྲིག་ལ་ཕྱོགས་ཡོངས་ནས་ཚད་བསྡུར་བྱས་ཏེ། མགྱོགས་མྱུར་དང་ལེན་དང་གནད་འཁེལ་ཇུས་འདོན་བྱས་པ་དང་། འགན་འཁྲི་དངོས་འབེབས་དང་རིགས་དབྱེ་སྐུལ་འདེད། གྲུབ་འབྲས་སྲ་བརྟན་སོགས་དངོས་གཉེར་བྱེད་ཐབས་ཀྱིས་གཞི་རིམ་ཏང་འཛུགས་ཀྱི་ཞན་ཆ་ཁ་གསབ་བྱས་ཤིང་། གཞི་རིམ་ཏང་འཛུགས་བྱ་བའི་ཕྱོགས་ཡོངས་སྤུས་འདེགས་ནུས་འཕར་ལ་སྐུལ་འདེད་བཏང་ནས། དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་རྩ་འཛུགས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས།

རྨ་ལྷོ་ཁུལ་གྱིས་བྱ་བ་དངོས་ལ་རྐང་བཙུགས་ནས། དམིགས་འབེན་གྱི་ཁྲིད་ཕྱོགས་དང་མཇུག་འབྲས་ཀྱི་ཁྲིད་ཕྱོགས་གཅིག་གྱུར་རྒྱུན་འཁྱོངས་དང་། མ་ལག་འཆར་འགོད་དང་གནད་འཁེལ་ཤུགས་འདོན་བྱས་ཤིང་། གཞི་རིམ་ཏང་འཛུགས་ཀྱི་སྤུས་འདེགས་ནུས་འཕར་གྱི་བྱེད་ཐབས་སྤྱད་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་རང་བཞིན་ཇེ་དྲག་དང་ཞབས་ཞུའི་ནུས་པ་ཇེ་ཆེར་བཏང་། ཏང་འཛུགས་བྱ་བའི་འགན་འཁྲིའི་མུ་ཕྲེང་སྔར་ལས་ཇེ་དམ་དུ་བཏང་བ་དང་། ཏང་ཨུའི་གཙོ་གཞིའི་འགན་འཁྲི་དོན་འཁྱོལ་ནན་མོ་བྱས་ལ། རྩ་འཛུགས་སྡེ་ཁག་གིས་སྣེ་ཁྲིད་དང་ལས་རིགས་སྡེ་ཁག་གིས་མཐུན་སྦྱོར། རྫོང་དང་ཞང་གིས་དམ་འཛིན་བཅས་ཀྱི་བྱ་བའི་མ་ལག་བཙུགས་ནས། ལོ་གསུམ་འགུལ་སྐྱོད་དོན་འཁྱོལ་གནས་ཚུལ་དེ་རིམ་པ་སོ་སོའི་ཏང་རྩ་འཛུགས་ཧྲུའུ་ཅི་ཡི་ཏང་འཛུགས་ལས་ཁུར་སྙན་ཞུའི་དཔྱད་འཇོག་རྒྱུགས་བཤེར་གྱི་ནང་དོན་གཙོ་བོའི་ཁྲོད་བཞག ཐད་ཀར་གཉིས་དང་མིན་པ་བཞི་ཡི་བྱེད་ཐབས་སྤྱད་དེ་གཞི་རིམ་གྱི་ལས་ཡུལ་དང་པོར་ལྟ་སྐུལ་བྱས་པ་དང་། དུས་ཐོག་ཏུ་ལག་བསྟར་མ་བྱས་པ་དང་དོན་འཁྱོལ་གནད་འཁེལ་མིན་པའི་ལས་ཁུངས་ལ་དུས་བཅད་གསལ་འདེབས་དང་དུས་བཅད་ཡོ་བསྲང་བྱེད་དུ་བཅུག་ལ། རིམ་པ་བཞིན་དུ་འགན་འཁྲིའི་མུ་ཕྲེང་ཇེ་དམ་དུ་བཏང་སྟེ། ལས་འགན་སྣ་ཚོགས་ཞིབ་ཚགས་ཀྱིས་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱས།

དེ་དང་མཉམ་དུ། རྨ་ལྷོ་ཁུལ་གྱིས་གནད་འཁེལ་རིགས་དབྱེ་ཇུས་འདོན་དང་། ཞིབ་ཕྲའི་སྐུལ་འདེད་དངོས་འབེབས་བྱས། ཞིང་ཆེན་རིམ་པའི་སྤྱིའི་ཇུས་གཞིར་དམ་པོར་དམིགས་པ་དང་། ཞིང་སྡེ་དང་སྡེ་ཁུལ། ལས་ཁུངས་ཀྱི་ཁེ་ལས་དང་། ལས་དོན་སྡེ་ཁག གསར་བ་གཉིས་ཀྱི་རྩ་འཛུགས་སོགས་ཁྱབ་ཁོངས་མི་འདྲ་བའི་ཏང་འཛུགས་ཉམས་ཞན་ཁུལ་ལ་གཞིགས་ནས། ཆེད་དོན་ལས་འགན་རྩིས་ཐོ་གྲུབ་པར་བྱས་ལ། ལས་གཞི་ཅན་གྱི་དོ་དམ་དང་གསལ་ཁྲ་ཅན་གྱི་སྐུལ་འདེད་ལག་བསྟར་བྱས་ཏེ། སྤྱི་ཁོག་བཀོད་སྒྲིག་དེ་ལག་བསྟར་ཐུབ་ལ་ལྟ་བཤེར་བྱེད་ཆོག་པ་དང་། ཚད་ལེན་བྱེད་ཆོག་པ་བཅས་ཀྱི་ཞིབ་ཕྲའི་བྱེད་ཐབས་སུ་ཚུལ་སྒྱུར་བྱས།

ཁུལ་ཡོངས་ཀྱི་ཏང་འཛུགས་བཅོས་སྐྱོང་གི་གྲུབ་འབྲས་བསྟུད་མར་སྲ་བརྟན་དུ་བཏང་བ་དང་། སྲིད་འབྲས་ལྟ་བ་ཡང་དག་པའི་སློབ་སྦྱོང་སློབ་གསོ་སྤེལ་བའི་ཕན་འབྲས་ཟབ་སྤེལ་བྱས་ཏེ། དཀྱིལ་སྙིང་གཅིག་དང་བཅོས་སྐྱོང་ལྔའི་བཅོས་སྐྱོང་མ་ལག་འཐུས་ཚང་དུ་བཏང་ཞིང་། དུས་ཚིགས་ཀྱི་བཀོད་གཏོང་དང་ལོ་འཁོར་གྱི་དཔྱད་འཇོག་བྱ་བའི་རྐྱེན་སྲོལ་འཐུས་ཚང་བཙུགས་ནས། གཞི་རིམ་ཏང་འཛུགས་ཀྱི་སྔོན་ཐོན་དཔེ་མཚོན་འཛུགས་པ་དང་ཁྱབ་གདལ་དུ་བཏང་ལ། དཔེ་སྟོན་སྣེ་ཁྲིད་ཀྱིས་སྤྱི་ཡོངས་མཐོར་འདེགས་ལ་སྐུལ་འདེད་བྱས་ནས། རྒྱུན་ཆད་མེད་པར་གཞི་རིམ་ཏང་རྩ་འཛུགས་ཀྱི་གསོན་ཤུགས་བསྐྱེད། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།