རང་རྒྱལ་གྱི་རྒྱ་མཚོའི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་ཐད་གྲུབ་འབྲས་གསར་པ་བླངས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

 

ཉེ་བའི་ལོ་ཤས་རིང་བཙོག་འབུད་སྦུ་གུ་ཚོད་འཛིན་ནན་མོ་དང་། ཐོན་ལས་ལེགས་སྒྲིག་རིམ་སྤོར། རྒྱ་མཚོའི་སྐྱེ་ཁམས་སླར་གསོ་བཅས་བྱས་པ་བརྒྱུད། རང་རྒྱལ་གྱི་ཀྱག་ཀྱོག་གི་རྒྱ་མཚོའི་འགྲམ་རྒྱུད་དུ“ཆུ་དྭངས་ཤིང་གཙང་བ། ཆུ་སྐྱར་སྔར་ལས་མང་བ། མི་མཚོ་འཆམ་མཐུན་ཡོང་བ”བཅས་ཀྱི་མཛེས་ལྗོངས་མངོན་ཡོད།

མིག་སྔར་ཧའེ་ནན་ཧའེ་ཁོའུ་མཚོ་ཁུག་ཏུ། ས་ཁོངས་ཧྲིལ་པོའི་སྐོར་ཞིབ་ཅིག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། ལས་བཟོ་བས“མི་ཐབས་ལ་བརྟེན་ནས་ས་ངོས་སུ་སྐོར་ཞིབ་བྱེད་པ་དང་མི་མེད་གནམ་གྲུས་མཁའ་དབྱིངས་སུ་བརྙན་ལེན་པའི་དཔེ་དབྱིབས་སྤྱད་དེ། མཚོ་འགྲམ་གྱི་གད་སྙིགས་གཙང་སེལ་དང་རྒྱ་མཚོར་འབུད་ས་རུ་བརྟག་དཔྱད་བྱས་ནས་རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་ཡོད།

རང་རྒྱལ་གྱི་རྒྱ་མཚོའི་འགྲམ་རྒྱུད་ཀྱག་ཀྱོག་དང་རྒྱུན་རིང་ཞིང་། མཚོ་ཁུག283ཏུ་ཁྱབ་ཡོད། ཧྥུའུ་ཅན་ཞ་མོན་ནི་རང་རྒྱལ་མངའ་ཁོངས་ཡོངས་ཀྱི་མཛེས་སྡུག་ལྡན་པའི་མཚོ་ཁུག་གྲོང་ཁྱེར་དང་པོ་ཡིན། ས་དེས་མགྱོགས་མྱུར་ངང་གྲུ་ཁའི་ལྗང་མདོག་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། གློག་སྒུལ་གྲུ་གཟིངས་ཀྱིས་སྲོལ་རྒྱུན་འབར་སྣུམ་གྲུ་གཟིངས་ཀྱི་ཚབ་བྱས་པར་མ་ཟད། ཚད་ལྡན་མིན་པའི་གསོ་སྤེལ་གཙང་བཤེར་ཕྱིར་སློག་དང་མཚོ་འགྲམ་བསྒྱུར་བཀོད་བྱས་ཏེ། གྲོང་མི་རྣམས་རྒྱ་མཚོའི་འགྲམ་དུ་བསྐྱོད་རྒྱུ་དེ་ནམ་རྒྱུན་གྱི་ཡུལ་ལྗོངས་ཤིག་ཏུ་གྱུར་ཡོད། ས་ཁོངས་བརྒལ་ནས་མཉམ་དུ་མཛེས་སྡུག་ལྡན་པའི་མཚོ་ཁུག་རྣམ་པ་གསར་པ་བཅོས་སྐྱོང་དང་གསར་སྐྲུན་བྱས།  ཧྲེན་ཀྲེན་དང་ཞང་ཀང་གིས་ས་ཁུལ་གཉིས་སུ་ཐུན་མོང་ཐོག་སྲུང་སྐྱོང་ཡག་པོ་བྱེད་པ་དང“འཆར་འགོད་མཐུན་སྦྱོར་དང་། ལྟ་ཞིབ་གཅིག་མཚུངས། བཅོས་སྐྱོང་མཉམ་འགུལ། གྲུབ་འབྲས་མཉམ་སྤྱོད”བཅས་ཀྱི་ལམ་སྲོལ་གཏིང་ཇེ་ཟབ་ཏུ་བཏང་ནས་ཏ་ཕེང་མཚོ་ཁུག་གི་མཚོ་རྒྱུད་གྲམ་ཐང་ས་ཁུལ་བརྒལ་བའི་བཅོས་སྐྱོང་དང་སྲུང་སྐྱོང་གི་དཀའ་གནད་སེལ་ཡོད།

ཀོང་ཏུང་ཞིང་ཆེན་ཧྲེན་ཀྲེན་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་རང་བྱུང་སྐྱེ་ཁམས་དང་རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ལུའོ་ཧྭ་མེན་གྱིས་བཤད་རྒྱུར།  ཧྲིན་ཀྲིན་དང་ཞང་ཀང་ཚུད་པའི་མཉམ་སྤྱོད་གཞི་གྲངས་དང་། ཡང་ན་རྒྱ་མཚོར་འདྲེས་པའི་ཆུ་བོ། རྒྱ་མཚོའི་ཆུ་སྤུས་ཀྱི་ལྟ་ཞིབ་ཚད་ལེན་གཞི་གྲངས་ཁ་ཤས་ཀྱང་དུས་བཀག་ལྟར་ཕན་ཚུན་བརྗེ་རེས་བྱེད་ཀྱིན་ཡོད།

གཞན་ཡང་། ས་ཁུལ་གཉིས་ཀྱིས་ད་དུང་བྱུ་རུ་གསོ་སྐྱོང་དང་མཚོ་འགྲམ་གཙང་བཟོ་བྱེད་པའི་འགུལ་སྐྱོད་སྤེལ་ནས་མཉམ་དུ་འདེབས་གསོ་བྱས་པའི་བྱུ་རུའི་སྡོང་པོ་ཁྲི6ལྷག་སྐྱེ་འཚར་ཡག་པོ་བྱུང་ཡོད། ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་ལས་མངོན་པ་ལྟར་ན།  རྒྱལ་ཡོངས་ཀྱི་མཚོ་ཁུག283ནང་གི་མཚོ་ཁུག168ཀྱི་སྤུས་ལེགས་ཆུའི་སྤུས་ཚད་ཀྱི་རྒྱ་ཁྱོན་བསྡུར་ཚད85%ལས་བརྒལ་ནས་མཚོ་ཁུག117གྱིས་ས་ཁོངས་ཧྲིལ་པོའི་སྤུས་ལེགས་ཆུའི་སྤུས་ཚད་མངོན་འགྱུར་བྱུང་ཡོད། ཀྲུང་ཧྭའི་མཚོ་ཕག་དཀར་པོ་དང་། མཚོ་གཟིག་ཁྲ་བོ། བྱ་མཆུ་ལེབ་སོགས་སྲོག་ཆགས་རྩ་ཆེན་གྱི་འཚོ་གནས་བྱ་ཡུལ་ལ་སྲུང་སྐྱོབ་ལེགས་པོ་བྱས་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།