མཚོ་འགག་གླེང་སྟེགས་ཚོགས་ཆེན་སྐབས་བཅོ་བརྒྱད་པ་ཞ་མོན་དུ་བསྡུས་པ་དང་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་ཏེ་ཤིས་ཚིག་ཕུལ།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

 

ཟླ6པའི་ཚེས13ཉིན། མཚོ་འགག་གླེང་སྟེགས་ཚོགས་ཆེན་སྐབས་བཅོ་བརྒྱད་པ་ཞ་མོན་དུ་བསྡུས་ཤིང་།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་ཏེ་ཤིས་ཚིག་ཕུལ། 

མཚོ་འགག་གླེང་སྟེགས་ཚོགས་ཆེན་སྐབས་བཅོ་བརྒྱད་པ་ཚེས13ཉིན་ཞ་མོན་དུ་བསྡུས་ཤིང་།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་ཏེ་ཤིས་ཚིག་ཕུལ། 

ཝང་ཧུའུ་ཉིང་གིས་བསྟན་དོན། ད་ལོའི་ཟླ4པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་གོ་མིན་ཏང་གི་ཀྲུའུ་ཞི་ཀྲེང་ལི་ཝུན་དང་མཇལ་འཕྲད་གནང་སྐབས་གསུང་བཤད་གལ་ཆེན་གནང་སྟེ། མཚོ་འགག་འགྲམ་གཉིས་བར་གྱི་འབྲེལ་བ་ཞི་བས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་བའི་བྱ་གཞག་ཆེན་པོར་སྐུལ་སྤེལ་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད་ལ། མཚོ་འགག་འགྲམ་གཉིས་ཀྱི་བརྗེ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་མཚོ་འགག་འགྲམ་གཉིས་ཀྱི་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བར་སྒུལ་ཤུགས་ཆེན་པོ་བསྣན་ཡོད། ང་ཚོས་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་སྤྱི་ཡོངས་ཀྱི་ཁེ་ཕན་དང་ཡུན་རིང་འཕེལ་རྒྱས་ཐད་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བའི་ཁྱོན་ཡོངས་དམ་འཛིན་བྱེད་དགོས། ཀྲུང་གོ་གཅིག་གི་རྩ་དོན་དང“དགུ་གཉིས་ཐུན་མོང་ལྟ་བ”རྒྱུན་འཁྱོངས་བྱེད་པ། “ཐའེ་ཝན་རང་བཙན”ཁ་བྲལ་དང་ཕྱི་ཕྱོགས་ཀྱི་ཐེ་གཏོགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བས་འཕེལ་རྒྱས་གཏོང་བའི་བགྲོད་ལམ་དུ་བློ་རྩ་བརྟན་པོས་སྐྱོད་དགོས། མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་བའི་བྱ་གཞག་ཆེན་པོར་བློ་རྩ་བརྟན་པོས་སྐུལ་འདེད་གཏོང་དགོས་ཤིང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་ཁྱིམ་གཞིས་སྲུང་སྐྱོང་ཡག་པོ་དང་འཛུགས་སྐྲུན་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་གཏོང་དགོས།

ཝང་ཧུའུ་ཉིང་གིས་བསྟན་དོན། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་ཀྱི་འཕེལ་རྒྱས་ཀྱི་རླབས་ཆེའི་འཆར་གཞི་བཀོད་ནས་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་བར་སྟོང་ཆེན་པོ་གཏོད་སྲིད། ང་ཚོས“མཚོ་འགག་འགྲམ་གཉིས་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་འདུ་ཤེས་བཅངས་ཏེ། རྒྱ་ཆེའི་ཐའེ་ཝན་སྤུན་ཟླ་དང་ཐའེ་ཝན་ཁེ་ལས་མཚོ་འགག་འགྲམ་གཉིས་ཀྱི་བརྗེ་རེས་མཉམ་ལས་དང་མཉམ་འདྲེས་འཕེལ་རྒྱས་ནང་ཞུགས་ནས། སྐམ་ས་ཆེན་མོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དེང་རབས་ཅན་འཛུགས་སྐྲུན་ནང་ཞུགས་རྒྱུར་བསུ་མ་ཞུ་རྒྱུ་ཡིན། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླ་དང་མཚོ་འགག་འགྲམ་གཉིས་ཀྱི་གཞོན་ནུ་ཚོས་ཀྲུང་ཧྭ་མི་རིགས་དང་། ཀྲུང་ཧྭའི་རིག་གནས། རླབས་ཆེན་མེས་རྒྱལ་བཅས་ལ་ངོས་འཛིན་གཅིག་མཐུན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཀྲུང་གོ་བ་དྲང་བདེན་ཟོལ་མེད་བྱེད་པའི་བློ་སྟོབས་དང་གཏིང་ཤུགས་ཆེ་རུ་གཏོང་དགོས། བློ་སེམས་གཅིག་མཐུན་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་མཛེས་སྡུག་གི་མ་འོངས་པ་མཉམ་བསྐྲུན་བྱ་དགོས།

ཀྲུང་གོའི་གོ་མིན་ཏང་གི་ཀྲུའུ་ཞི་གཞོན་པ་ཀྲང་རུང་ཀུང་གིས་ཤིས་ཚིག་ཕུལ་ཏེ་བསྟན་དོན། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཁོངས་སུ་གཏོགས། རྩ་བ་དང་འབྱུང་ཁུངས་གཅིག་པ། ཁྲག་རྒྱུན་འདྲེས་པའི་ཁྱིམ་ཚང་གཅིག་ཡིན། ལྷག་བསམ་ཟོལ་མེད་ཀྱི་ཐའེ་ཝན་པ་ཡང་གཞུང་དྲང་ཟོལ་མེད་ཀྱི་ཀྲུང་གོ་བ་ཡིན། མཚོ་འགག་འགྲམ་གཉིས་ཀྱི་བརྗེ་རེས་དང་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་འགྲམ་གཉིས་ཀྱི་མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་བཏང་སྟེ། ཐའེ་ཝན་མཚོ་འགག་གི་ཞི་བདེ་སྲུང་སྐྱོང་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཐུན་མོང་ཐོག་དོན་གཉེར་བྱ་དགོས།  ཐའེ་ཝན་སྤུན་ཟླའི་འཐུས་མི་གཞན་དག་གིས་གཏམ་བཤད།

ཚོགས་ཆེན་མ་འཚོག་སྔོན། ཝང་ཧུའུ་ཉིང་གིས་གླེང་སྟེགས་ལ་ཞུགས་མཁན་ཐའེ་ཝན་གྱི་སྐུ་མགྲོན་འཐུས་མིར་མཇལ་འཕྲད་གནང་། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།