ཟླ6པའི་ཚེས13ཉིན། ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱི་དྲིལ་སྒྲོག་བྱ་བའི་ཚོགས་འདུ་བསྡུས། གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བ་ཡག་པོ་བསྒྲུབ་པའི་སྐོར་གྱི་དགོངས་པ་གལ་ཆེན་དང་མཚོ་སྔོན་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱས་ནས། རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་ཚོགས་འདུ་དང་རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་དྲིལ་སྒྲོག་བྱ་བའི་ཚོགས་འདུའི་དགོངས་དོན་ལག་བསྟར་དངོས་འབེབས་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་གོ་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད།
གྲོས་ཚོགས་ལས་འཐབ་ཕྱོགས་གཅིག་གྱུར་གྱི་དྲིལ་སྒྲོག་ནི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ནང་དོན་གལ་ཆེན་ཡིན་ལ། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ནང་ཁུལ་གྱི་གྲུབ་ཚུལ་སྔར་ལས་སྣ་མང་དང་། ཁེ་ཕན་གྱི་རེ་ཞུ་སྔར་ལས་སྣ་མང་། བསམ་བློའི་འདུ་ཤེས་སྔར་ལས་འགྱུར་ལྡོག་མང་བས། གནས་པའི་ལོ་རྒྱུས་ཀྱི་ཕྱོགས་གནས་དང་ཕྲག་ཏུ་བབས་པའི་འགན་འཁྲིའི་ལས་འགན་ཚང་མར་འགྱུར་ལྡོག་གལ་ཆེན་བྱུང་ཡོད། དེ་བས་བསམ་བློའི་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ་དང་། བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་བྱེད་ཐབས་ལ་བརྟེན་ནས་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་གྱི་དྲིལ་བསྒྲགས་ལ་ཤུགས་བསྣན་ཏེ། འཐབ་ཕྱོགས་གཅིག་གྱུར་གྱི་དྲིལ་བསྒྲགས་བྱ་བ་ལེགས་པོར་སྒྲུབ་པའི་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་རྒྱུན་ཆད་མེད་པར་ཇེ་རྒྱས་ཇེ་ལེགས་སུ་གཏོང་དགོས་ཞེས་བསྟན།
གྲོས་ཚོགས་ལས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། འཐབ་ཕྱོགས་གཅིག་གྱུར་དྲིལ་བསྒྲགས་ཀྱི་དགོས་ངེས་རང་བཞིན་ཡང་དག་པར་ཁོང་དུ་ཆུད་པ་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་སློབ་སྦྱོང་ལ་མུ་མཐུད་དུ་ཤུགས་སྣོན་དགོས། བྱ་བའི་མ་ལག་འཐུས་ཚང་དུ་བཏང་ནས། ནུས་ཤུགས་ཡོད་རྒུས་འཐབ་ཕྱོགས་གཅིག་གྱུར་དྲིལ་བསྒྲགས་ཀྱི་གསར་གཏོད་རང་བཞིན་ཆེ་རུ་གཏོང་བ་དང་། གཡུལ་ས་འཛུགས་སྐྱོང་དང་ནང་དོན་ཐོན་སྐྱེད། དཔུང་ཁག་འགན་ལེན་སོགས་གཙོ་གནད་རིམ་པར་དམིགས་ཏེ། བདེན་སྲུང་གསར་སྐྲུན་དང་དངོས་སྒྲུབ་དངོས་གཉེར་བྱས་ནས། ཁོངས་གཏོགས་ཡོངས་དང་ཕྱོགས་ཡོངས། བརྒྱུད་རིམ་ཧྲིལ་པོ་བཅས་ཀྱི་སྟོབས་ཤུགས་གཅིག་སྡུད་བྱེད་པ་དང་ཆབས་ཅིག་གཡུལ་ས་དམ་འཛིན་དང་ཟོང་རྟགས་དམ་འཛིན། བརྗོད་བྱ་གཙོ་བོ་དམ་འཛིན། དཔུང་ཁག་དམ་འཛིན། མཉམ་ལས་དམ་འཛིན་བཅས་བྱས་ཏེ། འཐབ་ཕྱོགས་གཅིག་གྱུར་དྲིལ་བསྒྲགས་དྲ་བ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་དྲིལ་བསྒྲགས་ཆགས་སྟངས་ཆེན་པོ་འཛུགས་པ། འཐབ་ཕྱོགས་གཅིག་གྱུར་དྲིལ་བསྒྲགས་ཀྱི་ཤུགས་རྐྱེན་ཆེ་རུ་གཏོང་བ་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་མཚོ་སྔོན་གྱི་འཐབ་ཕྱོགས་གཅིག་གྱུར་དྲིལ་བསྒྲགས་བྱ་བའི་རྣམ་པ་གསར་པ་བསྐྲུན་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་སྟེང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དང་། ཞིང་ཆེན་ཏང་ཨུའི་ཆ་འཕྲིན་གཞུང་སྒྲུབ་ཁང་། ཀྲུང་གོ་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་ཁང་། མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་སྨྱན་སྦྱོར་ལྟེ་གནས། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཕྱོགས་བསྡུས་མཐུན་སྦྱོར་ཁྲུའུ་སོགས་ཀྱིས་གཏམ་བཤད།