ཟླ6པའི་ཚེས12ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་པ་དང་། ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་དང་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། འབྲེལ་ཡོད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
གྲོས་ཚོགས་ལས་བསྟན་དོན། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས“གཞུང་དོན་དུ་ཏང་འཛུགས་པ་དང་དམངས་ལ་བདེ་སྐྱིད་བསྐྲུན་པ། ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་པ། དམ་འཛིན་དངོས་སྒྲུབ”བཅས་ཀྱི་སྤྱིའི་བླང་བྱ་ལག་ལེན་ནན་མོ་བྱས་པ་དང་། སློབ་བཤེར་སྒྱུར་གསུམ་གཞི་གཅིག་སྐུལ་འདེད་བཏང་ནས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་བསམ་བློའི་རྨང་གཞི་སྔར་ལས་སྲ་བརྟན་དུ་བཏང་བ་དང་བྱ་སྤྱོད་བར་ཁྱད་སྔར་ལས་དག་སྒྲིག་བྱས་པར་མ་ཟད། དངོས་སྒྲུབ་རང་རྟོགས་སྔར་ལས་ཇེ་དྲག་ཏུ་བཏང་། ཏང་གཤིས་སྟེང་བར་ཁྱད་འཚོལ་བ་དང་འབྱུང་རྩར་ཞིབ་བཤེར་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སྔོན་ལ་གནད་དོན་བཤེར་འདོན་བྱེད་པའི་རྨང་གཞིའི་སྟེང་། དཔལ་འབྱོར་ཁྱབ་ཁོངས་ཀྱི་སྲིད་འབྲས་ལྟ་བའི་བར་ཁྱད་གནད་དོན་འཚོལ་ཞིབ་ཟབ་མོ་བྱས་ཏེ་བཤེར་འདོན་གནད་དོན་དག་ཐེར་ལེགས་བཅོས་དང་འགོ་ཁྲིད་གསར་པས་རྩིས་ཐོ་རྙིང་བར་ཁ་ཡ་མི་བྱེད་པའི་འབུར་ཐོན་གནད་དོན་གཅིག་བསྡུས་སྒོས་དག་ཐེར་ལེགས་བཅོས་བྱེད་པར་སྐུལ་འདེད་ནན་མོ་གཏོང་བ་དང་། ཡུན་ཕན་རྐྱེན་སྲོལ་འཛུགས་པ། འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་པ། ལྟ་སྐུལ་མཛུབ་སྟོན་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ། རྣམ་པ་གསར་པ་དང་གྲུབ་འབྲས་གསར་པར་བརྟེན་ནས་ལས་དོན་སོ་སོའི་འཕེལ་རྒྱས་ཐད་ཕན་འབྲས་གསར་པ་ལོན་པར་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ལས《མཚོ་སྔོན་ཞིང་ཆེན་གྱི2026ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་འཁྲིའི་ལམ་ལུགས་ཀྱི་དཔྱད་ཞིབ་དམིགས་ཚད》ལ་གྲོས་ཞིབ་བྱས་པ་དང་། དཔྱད་ཞིབ་བྱ་བའི་གནད་འཁེལ་ཚད་སྔར་ལས་ཇེ་མཐོར་གཏོང་བ་དང་། དཔྱད་ཞིབ་ཀྱི་བཀོད་འདོམས་དབྱུག་པ་ལྟ་བུའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ། ལས་བྱེད་པས་ཁག་ཁུར་བྱས་རྗེས་འཇོག་པར་སྐུལ་མ་གཏོང་བ། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བཅས་བྱས་ནས་བྱ་བ་སོ་སོའི་སྤུས་འདེགས་ཕན་སྐྱེད་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་ལས་དོན་ཚན་གཞན་དག་ལའང་ཞིབ་འཇུག་བྱས།