ཟླ6པའི་ཚེས11ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་འཇར་པན་རྒྱལ་སྤྱིའི་ཉོ་ཚོང་སྐུལ་སྤེལ་མཐུན་ཚོགས་ཀྱི་ཚོགས་གཙོ། གྲོས་ཁང་ཞོལ་མའི་གྲོས་གཙོ་ཟུར་པ་ཧི་ཡེ་དབྱང་ཕིན་སྐུ་གཤེགས་པར་འདས་པོའི་ཁྱིམ་མིར་མྱ་ངན་ཞུ་བའི་གློག་འཕྲིན་སྤྲིངས་ནས། ཧི་ཡེ་དབྱང་ཕིན་སྐུ་གཤེགས་པར་མྱ་ངན་ཞུས།
ཀྲའོ་ལེ་ཅི་ཡིས་བསྟན་དོན། སྐུ་ཞབས་ཧི་ཡེ་ནི་འཇར་པན་གྱི་བསླབ་པ་རྒན་པའི་ཆབ་སྲིད་པ་ཞིག་ཡིན་ལ། ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་རྙིང་བ་ཞིག་ཀྱང་ཡིན། དུས་ཡུན་རིང་པོར་ཀྲུང་འཇར་གྱི་མཛའ་མཐུན་བྱ་གཞག་ལ་འབད་མྱོང་། 1993ལོར་སྐུ་ཞབས་ཧི་ཡེ་ཡིས་སྐབས་དེའི་འཇར་པན་དཔོན་ཁང་གི་དཔོན་པོའི་འགན་ཁུར་ཡོད་པའི་ཆ་ནས། “དམག་ཞབས་མའི”གནད་དོན་ཐད“ཧི་ཡེ་གླེང་མོལ”སྤེལ་བར། ད་ལྟའང་སྔར་བཞིན་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐོན་བཞིན་ཡོད། རེ་བར་ཁྱོད་ཚོས་སྐུ་ཞབས་ཧི་ཡེ་ཡི་འདས་པོའི་ཕུགས་རེ་རྒྱུན་འཛིན་བྱས་ཏེ། ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་རྒྱུན་ལྡན་གྱི་འཁོར་ལམ་དུ་ཡང་བསྐྱར་བསྐྱོད་པར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས།