མཚོ་སྔོན་གསར་འགྱུར་དྲ་བ་འཕྲིན། ཟླ6པའི་ཚེས9ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ལེགས་ཆ་དང་། སྐྱེ་ཁམས་ཀྱི་འཐབ་ཇུས་གནས་བབ། ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་བཅས་ལ་གཞི་ཚུགས་པ་དང་། ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་དང་། ཁྱབ་ཁོངས་གསར་པའི་འགྲན་ལམ་གསར་པ་དང་ལས་རྣམ་གསར་པ་སྐྱེད་སྲིང་། སྤྱི་ཚོགས་བཅོས་སྐྱོང་གསར་གཏོད། དམངས་འཚོ་ཇེ་ལེགས་སུ་གཏོང་སོགས་ཀྱི་འཕེལ་རྒྱས་ཁ་ཕྱོགས་ལ་དམིགས་ཏེ།《མཚོ་སྔོན་ཞིང་ཆེན་གྱི་ཁྱད་ལྡན་ཁྱབ་ཁོངས་ཀྱི་རྣམ་པ་སྐྱེད་སྲིང་དང་སྒོ་དབྱེའི་ཁྲིད་སྟོན(ཚོད་ལྟ་ལག་བསྟར)》བཏོན་ནས་གཙོ་གནད་ཁྱབ་ཁོངས་ཆེན་པོ་བཅུའི་ཁྱད་ལྡན་ཐོན་ལས་ཀྱི་བཀོལ་སྤྱོད་རྣམ་པ་བརྒྱུད་རིམ་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱས་ཡོད།
ཆུ་དང་། རླུང་། འོད། ས་འོག་ཚ་ནུས ནུས་གསོག་བཅས་ཀྱི་ལེགས་ཆར་བརྟེན་ནས་ནུས་རྒྱུ་གཙང་མའི་ཁྱབ་ཁོངས་ཀྱི“ནུས་ལྔ་མཐུན་སྦྱོར”གྱི་འཕེལ་རྒྱས་རྣམ་པ་གཏོད་པ་དང་། ནུས་མང་གསབ་རེས་དང་། ནུས་གསོག་གསར་པ། རིག་ལྡན་གློག་དྲ། ལྗང་མདོག་གློག་གི་རྩིས་ནུས་མཉམ་འདྲེས་སོགས་ཀྱི་རྣམ་པ་སྐྱེད་སྲིང་བྱས་ཏེ“ནུས་རྒྱུ་གཙང་མ+”ཕྱོགས་ཡོངས་ནས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དེང་རབས་ཅན་གྱི་ཚྭ་མཚོའི་ཐོན་ལས་ཀྱི་སྤུས་ཚད་མཐོར་གཏོང་རིམ་སྤོར་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་དང་། ཐོན་ལས་དེ་དམའ་རིམ་རྒྱུ་ཆ་ལས་སྣོན་ནས་ཞིབ་ཚགས་ཅན་དང་། ཟུར་སྣོན་རིན་ཐང་མཐོ་བ། ཐཱན་གཅིག་ཀྱང་མེད་པ་བཅས་ཀྱི་ཕྱོགས་སྒྱུར་ལ་སྐུལ་འདེད་གཏང་དགོས། ཐོན་ཁུངས་ནུས་ལྡན་ངང་སྤྱོད་པ་དང་། རྒྱུ་ཆ་གསར་པ་གསར་གཏོད། གཞི་གྲངས་ཅན་གྱི་ཕྱོགས་སྒྱུར “ཚྭ་མཚེའུ+”བཅས་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་ཆེན་པོ་བཞིར་དམིགས་ཏེ། ཅཱ་ལི་མའེ་པོན་ནུས་ལྡན་ངང་གསར་སྤེལ་དང་། དཀོན་པ་དང་ཐར་ཐོར་གཞི་རྒྱུ་རིན་ཐང་ཅན། རིག་ནུས་ཐོན་སྐྱེད་སྒྱུར་བཀོད་བཅས་ལ་སྐུལ་འདེད་གཏང་རྒྱུ་དང་། ཚྭ་མཚེའུ་རིག་གནས་ཡུལ་སྐོར་དང་ཚྭ་མཚེའུ་ནུས་རྒྱུ་གསར་པ་སོགས་ལས་རིགས་རྣམ་པ་གསར་པ་སྐྱེད་སྲིང་བྱས་ནས“ཀྲུང་གོའི་ཨང་དང་པོ་དང་འཛམ་གླིང་གི་རྩེ་གྲའི”ཚྭ་མཚེའུའི་ཐོན་ལས་སྤུས་རྟགས་གཏོད་རྒྱུར་ལ་དམིགས་ཏེ། ས་བབ་མཐོ་བ་དང་། གྲང་ངར་ཆེ་བ སྨུག་ཕྱིའི་འོད་ཟེར་ཆེ་བ་སོགས་ཤིན་ཏུ་དཀོན་པའི་ཁོར་ཡུག་གི་ཆ་རྐྱེན་ལ་བརྟེན་ནས3Hམཐོ་སྒང་གི་ཁས་ལེན་མ་ལག་གསར་གཏོད་དང་བཀོད་སྒྲིག་ཐོག ཐོན་རྫས་ཞིབ་དཔྱད་ཚད་ལེན་དང་། ལག་རྩལ་ཞིབ་དཔྱད་ར་སྤྲོད། ཚད་ལྡན་ཞིབ་བཟོ། ཐོན་ལས་བཀོལ་སྤྱོད་བཅས་ཀྱི་ལས་སྟེགས་བཏོད་དེ་རྒྱལ་ཡོངས་ལ་དམིགས་བསལ་ལྡན་པའི་མཐོ་སྒང་གི་སྤུས་ཚད་གསར་གཏོད་ཀྱི་ཚོད་ལྟའི་རྣམ་པ་ཞིག་གཏོད།
གཙང་གསུམ་ཆུ་མགོ་དང་། མདོ་ལ་རི་བོ། མཚོ་སྔོན་པོ་སོགས་འཛམ་གླིང་རིམ་པའི་སྐྱེ་ཁམས་ཐོན་ཁུངས་ལ་བརྟེན་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་འཛུགས་སྐྱོང་གཏིང་ཟབ་ཏུ་བཏང་བ་དང་། མཐོ་སྒང་གི་སྐྱེ་ཁམས་དང་། དམངས་སྲོལ། གསར་བརྗེ། གནམ་དཔྱད་བཅས་ཀྱི་ཁྱད་ལྡན་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ནས་ ཚ་གཡོལ་ལུས་གསོ་དང་། གངས་འཁྱགས་རི་འཛེག རང་བྱུང་སློབ་གསོ། གྲངས་འཛིན་རིག་གནས་ཡུལ་སྐོར། འཁྲབ་རྩལ་སོགས་སྣ་མང་ལས་རྣམ་ཕུན་སུམ་ཚོགས་སུ་གཏང་རྒྱུ་དང་། མཐོ་སྒང་གི་རིག་ལྡན་རིག་གནས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་དང་། འཕྲལ་སྡོམ་རོགས་སྐྱོབ། རིག་ལྡན་ལྟ་སྐུལ་དོ་དམ་མ་ལག་འཐུས་ཚང་དུ་གཏང་རྒྱུ། “འཛམ་གླིང་གི་ཚད་བརྒལ་དག་གཙང་ཁུལ་ཆེན་པོ་བཞི”ཡི་སྐྱེ་ཁམས་ལེགས་ཆར་གཞི་ཚུགས་ཏེ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་ལས་གཏིང་ཟབ་སྤེལ། སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོང་དང་གསོ་སྤེལ་དང་། རིག་ལྡན་ཞིང་ཕྱུགས་འདེབས་གསོ། འབྲེལ་ཐག་ཧྲིལ་པོར་ལས་སྣོན་ཞིབ་ཚགས། ལྗང་མདོག་ཐཱན་ཉུང་མཁོ་སྤྲོད་སྦྲེལ་ཐག་འཛུགས་སྐྲུན་བཅས་ལ་དམིགས་ཏེ་སྤུས་ཚད་ཀྱི་ཚད་གཞི་དང་། སྐྱེ་ལྡན་གྱི་བདེན་དཔང་ར་སྤྲོད། ཁུངས་འདེད་ལྟ་སྐུལ་དོ་དམ་བཅས་ཀྱི་མ་ལག་འཐུས་སྒོ་ཚང་དང་། “མཚོ་སྔོན་སྤུས་རྟགས་”ཞེས་པའི་ཁྱད་ལྡན་སྤུས་རྟགས་སྟོབས་ཆེར་བཏང་ནས། “ས་གཙང་མཚོ་སྔོན·མཐོ་སྒང་གི་ལྷད་མེད་ཐོན་རྫས”ཞེས་པའི་སྤུས་རྟགས་བཏོད་དེ་རྒྱལ་ཡོངས་ཀྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་མཁོ་སྤྲོད་བྱེད་པའི་མཐོ་ས་བརྟན་པོ་ཞིག་བསྐྲུན།
དྭངས་གཙང་ནུས་རྒྱུའི་ཐོན་ཁུངས་ཕུན་སུམ་ཚོགས་པོར་བརྟེན་ནས“དྭངས་གཙང་ནུས་རྒྱུ+ལྗང་མདོག་རྩིས་ནུས”ཀྱི་མཐུན་སྦྱོར་འཕེལ་རྒྱས་གཏོང་སྟངས་བཏོད་དེ་ལྗང་མདོག་རྩིས་ནུས་ཀྱི་རྨང་གཞིའི་འཛུགས་སྐྲུན་དང་། ཚ་ནུས་ལྷག་མ་དང་གྲང་ལྷག་བེད་སྤྱོད། རིག་ལྡན་ནུས་རྒྱུ་དོ་དམ་ཚོད་འཛིན། གཞི་གྲངས་བདེ་འཇགས་འགན་ལེན་སོགས་ཀྱི་རྣམ་པ་གོ་རིམ་ལྡན་པའི་ངང་བཀོད་སྒྲིག་བྱས་ནས་ལྗང་མདོག་གློག་གཏོང་དང་། རྩིས་ནུས་ཐོན་ལས་བཅས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ལྗང་མདོག་གློག་ཤུགས་དང་རྩིས་ནུས་དྲ་རྒྱ་གཉིས་ཀྱིས་སྤུས་ཚད་མཉམ་དུ་མཐོ་རུ་གཏོང་རྒྱུ། དམའ་དབྱིངས་དཔལ་འབྱོར་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་བར་སྣང་ཁྱབ་ཁོངས་རྒྱ་ཆེ་བ་དང་། བར་སྣང་གཙང་མ། མི་འབོར་འདུས་ཚད་དམའ་བ་བཅས་ཀྱི་མཐོ་སྒང་གི་ལེགས་ཆར་བརྟེན་ནས་སྐྱེ་ཁམས་སྐོར་ཞིབ་དང་། ཞིང་ནགས་འགོག་སྲུང་། འཕྲལ་སྡོམ་རོགས་སྐྱོབ། དམས་དབྱིངས་རིག་གནས་ཡུལ་སྐོར། ལམ་ཐུང་སྐྱེལ་འདྲེན་སོགས་ཀྱི་བཀོལ་སྤྱོད་རྣམ་པ་བཀོད་སྒྲིག་དང་། དམའ་དབྱིངས་སྒྲིག་ཆས་ཞིབ་འཇུག་གསར་སྤེལ་དང་ཐཱན་མེད་ཉུང་གཏོང་ལྟེ་གནས་སོགས་ལེ་ལག་ཚང་བའི་སྒྲིག་བཀོད་འཐུས་སྒོ་ཚང་བཏང་སྟེ། སྐྱེ་ཁམས་ལྟ་ཞིབ་ཚད་ལེན་དང་། འཕྲལ་སྡོམ་རོགས་སྐྱོབ། མཐོ་སྒང་གི་མི་མེད་ལག་རྩལ་དེ་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་དང་། འཕྲལ་སྡོམ་རོགས་སྐྱོབ། མཐོ་སྒང་གི་ཟོག་འགྲེམས་སོགས་ཁྱབ་ཁོངས་སུ་གཞི་ཁྱོན་ཅན་དང་ཚོང་ལས་ཅན་དུ་འགྱུར་བར་སྐུལ་འདེད་གཏང་རྒྱུ།
དེ་དང་ཆབས་ཅིག་ཟི་ལིང་དང་མཚོ་ཤར་གྱི་སྨི1500ནས2000བར་གྱི་ལུས་གསོའི“རྫོགས་ལྡན་ཁུལ”གྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་མཐོ་སྒང་གི་གསོ་རིག་དང་བོད་ལུགས་གསོ་རིག་གི་ཚན་ཞིབ་ཐོན་ཁུངས་ལ་བརྟེན་ནས་རིག་ལྡན་ལུས་གསོ་དང་། གསོ་རླུང་ཉུང་བའི་ཁོར་ཡུག་ལད་མོའི་ཚན་ཞིབ། ཁྱད་ལྡན་ནུས་པའི་བཟའ་བཅའ། ཚན་རིག་དང་མཐུན་པའི་ལུས་ནུས་སྦྱོང་བརྡར་སོགས་ཀྱི་ཁྱད་ལྡན་རྣམ་པ་བཏོད་དེ་རྒྱལ་ཡོངས་ཀྱི་མཐོ་སྒང་སྐྱེ་ཁམས་ལུས་གསོའི་མ་དཔེ་དང་བོད་ལུགས་གསོ་རིག་གི་རིག་གནསIPབསྐྲུན། སྤྱི་པའི་ཞབས་ཞུ་དང་གྲོང་ཁྱེར་བཅོས་སྐྱོང་གཞི་གྲངས་ཅན་གྱི་ཕྱོགས་སྒྱུར་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། རིག་ལྡན་སློབ་གསོ་དང་། རྒྱང་ཁྲིད་སྨན་བཅོས རིག་ལྡན་རྒན་གསོ གྲངས་གཞི་རྒན་རྒོན་ལ་འཚམ་པ་དང་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པ་སོགས་ཀྱི་དམངས་འཚོའི་རྣམ་པ་དོན་འཁྱོལ་བྱེད་པ “དྲ་གཅིག་ཀུན་སྒྲུབ”དང་“དྲ་གཅིག་གཅིག་འདོམས”ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ། རིག་ལྡན་བདེ་སྲུང་དང་། གནོད་འཚེའི་སྔོན་བརྡ། འཕྲལ་སྡོམ་བཀོད་གཏོང་མ་ལག་བཅས་འཐུས་སྒོ་ཚང་དུ་གཏོང་བ། ཁྱོན་ཡོངས་ནས་གྲོང་ཁྱེར་བཅོས་སྐྱོང་ཞིབ་ཚགས་ཅན་དང་སྤྱི་པའི་ཞབས་ཞུ་རིག་ནུས་ཅན་གྱི་ཆུ་ཚད་ཇེ་མཐོང་བཏང་། །
གཞན་ཡང་། ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཡིན་པའི་ཟི་ལིང་གྲོང་ཁྱེར་གྱིས་ཟི་ལིང་གི་ཚན་རྩལ་གསར་གཏོད་ཀྱི་རྣམ་པ་དང་ལས་སྟེགས་ཀྱི་ཐོན་ཁུངས་ལ་བརྟེན་ནས་རྒྱལ་ཡོངས་ལ་ཞབས་འདེགས་ཞུ་བའི་མཐོ་སྒང་གི་ཁྱད་ལྡན་རྣམ་པ་དང་གསར་གཏོད་ཀྱི་མཚམས་ཚིགས་ལྡན་པའི་གྲོང་ཁྱེར་ཧུར་ཐག་བཏོད་དེ་རྣམ་པ་ཡོངས་བསྒྲགས་དང་། མཁོ་སྤྲོད་སྦྲེལ་མཐུད། ཁེ་ལས་མཉམ་ལས། ལག་རྩལ་ཚོད་ལྟའི་བཀོལ་སྤྱོད་སོགས་ཀྱི་ལས་དོན་མུ་མཐུད་སྤེལ་ནས་འདྲ་བཟོ་དང་ཁྱབ་གདལ་གཏོང་ཆོག་པའི་མཐོ་སྒང་གི་རྣམ་པ་གསར་གཏོད་ཀྱི་འཕེལ་རྒྱས་གཏོང་སྟངས་ཕྱོགས་སྡོམ་བྱས། རྣམ་པ་སྔོག་འདོན་དང་། གདམ་གསེས། དོན་འཁྱོལ། དཔྱད་དཔོག་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། སྲིད་ཇུས་དང་། མ་དངུལ རྒྱུ་རྐྱེན་གཙོ་བོའི་འགན་སྲུང་བཅས་འཐུས་སྒོ་ཚང་དུ་གཏོང་བ རྣམ་པ་སྐྱེད་སྲིང་གི་ཐོན་ལས་འཁོར་འབྲེལ་ཆགས་རྒྱུར་སྐུལ་འདེད་གཏོང་བ། རྣམ་པ་གསར་གཏོད་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་དང་སྒུལ་ནུས་གསར་རྙིང་བརྗེ་སྒྱུར་ལ་རྒྱུན་མཐུད་སྐུལ་འདེད་བཅས་བྱས་ཏེ་མཚོ་སྔོན་གྱི་ཁྱད་ཆོས་དང་ལེགས་ཆ་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་དེ་བས་མང་པོ་གོང་དུ་སྤེལ།