ཞིང་ཆེན་སྲིད་གཞུང་གིས་རྒྱུན་ལས་ཚོགས་འདུ་བསྡུས་ནས་བཅའ་ཁྲིམས་སློབ་སྦྱོང་དང་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་ལག་བསྟར་བྱེད་པའི་ཆེད་དོན་སློབ་སྦྱོང་འཆད་ཁྲིད་འཚོགས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ6པའི་ཚེས10ཉིན་གྱི་སྔ་དྲོར། ཞིང་ཆེན་སྲིད་གཞུང་གིས་རྒྱུན་ལས་ཚོགས་འདུ་བསྡུས་ནས་བཅའ་ཁྲིམས་སློབ་སྦྱོང་དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང》ལག་བསྟར་བྱེད་པའི་ཆེད་དོན་སློབ་སྦྱོང་འཆད་ཁྲིད་བྱས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས་པ་མ་ཟད་གཏམ་བཤད།

ཚོགས་འདུ་ལས་སྐྱེ་ཁམས་ཁོར་ཡུག་པུའུ་ཁྲིམས་སྲོལ་དང་ཚད་ལྡན་སིའི་འགོ་གཙོ་ཀྲའོ་ཁི་གདན་ཞུ་ཞུས་ཏེ་ཆེད་དོན་ཟུར་ཁྲིད་བྱས། ལུའོ་ཏུང་ཁྲོན་གྱིས་འཆད་ཁྲིད་ལ་ཉན་རྗེས་བསྟན་དོན། སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་ནི་དམངས་དོན་ཁྲིམས་གཞུང་རྗེས་སུ་རང་རྒྱལ་གྱི་ཨང་གཉིས་པའི“ཁྲིམས་གཞུང”གིས་མིང་བཏགས་པའི་བཅའ་ཁྲིམས་ཡིན་པ་དང་། འདི་རུ་དུས་རབས་གསར་བའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གཞུང་ལུགས་དང་། ལམ་ལུགས། ལག་ལེན་གྲུབ་འབྲས་བཅས་འདུས་ཡོད་ལ། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་ཕྱོགས་ཡོངས་ནས་སྐུལ་འདེད་དང་། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་མགྱོགས་མྱུར་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་དུས་གཏན་འཕེལ་རྒྱས་མངོན་འགྱུར་འབྱུང་བ་བཅས་ལ། དོན་སྙིང་གལ་ཆེན་ལྡན། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་ནི་རྒྱལ་དོན་གྱི་ཆེ་ཕྱོགས་ཡིན་ལ། སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་ལག་བསྟར་བྱེད་པ་ནི་མཚོ་སྔོན་གྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་དགོས་ལ། སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་གཉིས་ཟུང་འབྲེལ་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་ཀྱི་དམིགས་འབེན་ལས་འགན་དོན་འཁྱོལ་བྱེད་པ་དང་ཟུང་འབྲེལ་བྱས་ནས། སྲིད་འབྲས་ལྟ་བ་ཡང་དག་བརྟན་པོར་འཛུགས་པ་དང་ལག་བསྟར་བྱས་ཏེ། ཁྲིམས་སྐྱོང་བགྲོད་ལམ་སྟེང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱས་ཏེ། རི་སྔོ་ཆུ་དྭངས་དེ་ནམ་ཡང་མཚོ་སྔོན་གྱི་དགེ་མཚན་དང་སྤོབས་པ་རུ་འགྱུར་དུ་བཅུག་སྟེ། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་པ་འབད་པས་འབྲི་དགོས།

ལུའོ་ཏུང་ཁྲོན་གྱིས་ནན་གྱིས་བསྟན་དོན། ལམ་ལུགས་ཀྱིས་སྤྱི་འདོམས་བྱེད་པ་རྒྱུན་འཁྱོངས་བྱས་ནས། ཏང་གི་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་རྒྱུན་འཁྱོངས་དང་ཤུགས་བསྣན་ཏེ། སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་དང་། “ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་མཐའ་གཅིག་ཏུ་བརྟན་པོར་འཁུར་ནས། ཁྲིམས་ལྟར་ལས་འགན་སྒྲུབ་པ་དང་། སྐྱེ་ཁམས་དཔལ་ཡོན་ལམ་སྲོལ་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ། ཁྲིམས་གཞུང་གི་ལག་བསྟར་རྨང་གཞི་བརྟན་པོ་འདིང་དགོས། སྦགས་བཙོག་འགོག་བཅོས་ནན་འཛིན་བྱས་ནས། གནད་འཁེལ་བཙོག་སེལ་དང་ཚན་རིག་བཙོག་སེལ། ཁྲིམས་ལྟར་བཙོག་སེལ་བཅས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སྦགས་བཙོག་འགོག་བཅོས་མཁྲེགས་གཏོར་གཏིང་ཟབ་སྒོས་སྤེལ་བ་དང་། སྐྱེ་ཁམས་ཁོར་ཡུག་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་བཅོས་བྱེད་པ། ཁྲིམས་སྐྱོང་འཆུན་སྡོམ་མུ་མཐུད་དུ་ཇེ་དྲག་ཏུ་གཏོང་དགོས། མ་ལག་བཅོས་སྐྱོང་འབུར་དུ་བཏོད་དགོས་ཤིང་། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་སྤུས་ཚད་མཐོན་པོས་སྐུལ་འདེད་བྱས་ནས། མ་ལག་གིས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཉམས་གསོ་ལས་གྲྭ་ལག་བསྟར་བྱེད་པ་དང་། སྐྱེ་ཁམས་ཉེན་ཁ་འགོག་སྡོམ་མ་ལག་འཐུས་ཚང་འཛུགས་སྐྲུན་བྱས་ནས། སྐྱེ་ཁམས་བདེ་འཇགས་སྲུང་རགས་བརྟན་པོ་བསྐྲུན་དགོས། ལྗང་མདོག་རྣམ་སྒྱུར་གཏིང་ཟབ་ཏུ་གཏོང་དགོས་ལ། སྒྲུབ་དགོས་པ་དང་སྒྲུབ་མི་རུང་བ་རྒྱུན་འཁྱོངས་བྱས་ནས། ཁྱད་ལྡན་དགེ་མཚན་ཅན་གྱི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འབད་པས་བཙུགས་ཏེ། ཧུར་ཐག་སྒོས་ཐཱན་རྩེར་སོན་སྐུལ་འདེད་དང་མངོན་འགྱུར་བྱེད་དགོས་ལ། ཡུལ་བབ་དང་བསྟུན་ནས་སྐྱེ་ཁམས་ཐོན་རྫས་རིན་ཐང་མངོན་འགྱུར་འབྱུང་བའི་བགྲོད་ལམ་ཡངས་པོར་ཕྱེ་དགོས། ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་སྤྱི་འདོམས་ལེགས་པོ་བྱེད་དགོས། བཅའ་ཁྲིམས་འགན་འཁྲི་ཇེ་དྲག་དང་། ཁྲིམས་སྐྱོང་ཁོར་ཡུག་ལེགས་བསྐྲུན། ལམ་ལུགས་ཆ་ཚང་སྦྲེལ་མཐུད་ལ་ཤུགས་བསྣན་ནས། ཁྲིམས་བསྟར་ལྟ་སྐུལ་དོ་དམ་ནན་མོ་བྱས་ཏེ། རིག་ལྡན་ཁྲིམས་བསྟར་མ་ལག་སྒྲིག་འཛུགས་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་གི་ལམ་ལུགས་དགེ་མཚན་དེ་བཅོས་སྐྱོང་གི་ཕན་ནུས་སུ་དངོས་སྒྱུར་བྱས་ནས། ཆེས་གཟབ་ནན་གྱི་ལམ་ལུགས་དང་ཆེས་དམ་ཚགས་ཀྱི་ཁྲིམས་སྐྱོང་གིས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།