མཐོ་རྒྱུགས་ཀྱི་སྐར་གྲངས་རྩད་ཞིབ་དུས་ཚོད་ཁྱབ་བསྒྲགས་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཟླ6པའི་ཚེས10ཉིན་གྱི་ཆུ་ཚོད11སྟེང་། མཚོ་སྔོན་ཞིང་ཆེན་གྱི2026ལོའི་མཐོ་རྒྱུགས་བདེ་བླག་ངང་མཇུག་བསྒྲིལ། མཚོ་སྔོན་གྱི་རྒྱུགས་དཔྱད་བྱ་བ་སང་ཉིན་ནས་མགོ་བརྩམ་རྒྱུ་ཡིན་ཞིང་། སྔོན་དཔག་ལྟར་ན་ཟླ6པའི་ཚེས25ཉིན་ཡས་མས་སུ་སྐོར་ཐེངས་རེ་རེའི་སྐར་གྲངས་ཚད་ཐིག་དང་སློབ་མའི་སྐར་གྲངས་བསྒྲག་རྒྱུ། དེ་དང་མཉམ་དུ་རེ་འདུན་རེའུ་མིག་བསྐང་བའི་སྲིད་ཇུས་གསོ་སྦྱོང་དང་ཚོད་ལྟའི་སྦྱོང་བརྡར་སྤེལ་རྒྱུ།

ཞིང་ཆེན་སློབ་གསོ་སློབ་བསྡུ་རྒྱུགས་ལེན་གླིང་གིས་མཚོ་སྔོན་ཞིང་ཆེན་སློབ་གསོ་རྒྱུགས་ལེན་དྲ་བ་དང་མཚོ་སྔོན་ཞིང་ཆེན་སློབ་གསོ་སློབ་བསྡུ་རྒྱུགས་ལེན་གླིང་གི་སྐད་འཕྲིན་སྤྱི་སྟེགས་བརྒྱུད་རེ་འདུན་རེའུ་མིག་བསྐང་བའི་མཛུབ་སྟོན་བརྙན་ཐུང་དང་སྲིད་ཇུས་གསལ་འགྲེལ་སོགས་ཀྱི་འབྲེལ་ཡོད་ནང་དོན་བསྒྲག་སྟེ། སློབ་མས་ལུགས་མཐུན་སྒོས་རེ་འདུན་རེའུ་མིག་བསྐང་རྒྱུར་རོགས་རམ་བྱ་རྒྱུ། རྒྱ་ཆེའི་སློབ་མ་དང་ཁྱིམ་བདག་གིས་དུས་ལྟར་གཞུང་ཕྱོགས་དྲ་བའི་འགུལ་རྣམ་ལ་དོ་ཁུར་བྱས་ཏེ། རེ་འདུན་ལུགས་མཐུན་སྒོས་བཀོད་སྒྲིག་དང་འབྲེལ་ཡོད་རྒྱུགས་གཞིའི་ལས་དོན་བདེ་བླག་ངང་སྤེལ་རྒྱུ་གལ།

དེ་དང་མཉམ་དུ། རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་གིས་བདེ་འཇགས་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། སྐར་གྲངས་ཁྱབ་སྒྲོག་དང་རེ་འདུན་རེའུ་མིག་བསྐང་བ། མཐོ་རྒྱུགས་སློབ་བསྡུ་སོགས་ཀྱི་གལ་ཆེའི་དུས་རིམ་ལ། ཐོབ་ཐང་ལག་ཁྱེར་དང་རྒྱུགས་སྤྲོད་དཔང་ཡིག་སོགས་འབྲེལ་ཡོད་ཀྱི་མི་སྒེར་ཆ་འཕྲིན་གང་འདོད་དུ་མི་གཞན་ལ་གདོན་སྤྲོད་བྱ་མི་རུང་ཞིང་། དྲ་རྒྱའི་སྟེང་གི་དཀྲོག་གཏམ་དང་སློབ་བསྡུའི་ཆ་འཕྲིན་རྫུས་མ་ཅི་རིགས་ལ་ཡིད་ཆེས་བྱ་མི་རུང་།

རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་གིས་མཚོ་སྔོན་ཞིང་ཆེན་སློབ་གསོ་རྒྱུགས་ལེན་གླིང་གི་གཞུང་ཕྱོགས་སྐད་འཕྲིན་སྤྱི་སྟེགས་སམ་མཚོ་སྔོན་ཞིང་ཆེན་སློབ་གསོ་རྒྱུགས་ལེན་དྲ་བ(https://www.qhjyks.com)བརྒྱུད་ནས་མཐོ་རིམ་སློབ་གྲྭའི་སློབ་བསྡུའི་འབྲེལ་ཡོད་ཆ་འཕྲིན་བསྡུ་ལེན་བྱ་དགོས་སོ།།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།