ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཁྲའོ་ཞན་གྱི་མཛའ་བརྩེའི་མཆོད་རྟེན་ལ་མཆོད་འབུལ་གནང་།

ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ།

ས་གནས་དེའི་དུས་ཚོད་ཟླ6པའི་ཚེས9ཉིན་གྱི་སྔ་དྲོར།  ཁྲའོ་ཞན་དུ་རྒྱལ་དོན་འཚམས་འདྲི་གནང་བཞིན་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གཉིས་ཀྱིས་ཀྲུང་ཁྲའོ་མཛའ་བརྩེའི་མཆོད་རྟེན་ལ་མཆོད་འབུལ་གནང་།  ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་སྐུ་ཟླ་ལི་ཞུའེ་ཀྲུའུ་ཡིས་ཕེབས་རོགས་བྱས།

ས་གནས་དེའི་དུས་ཚོད་ཟླ6པའི་ཚེས9ཉིན་གྱི་སྔ་དྲོར།  ཁྲའོ་ཞན་དུ་རྒྱལ་དོན་འཚམས་འདྲི་གནང་བཞིན་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གཉིས་ཀྱིས་ཀྲུང་ཁྲའོ་མཛའ་བརྩེའི་མཆོད་རྟེན་ལ་མཆོད་འབུལ་གནང་།  ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་སྐུ་ཟླ་ལི་ཞུའེ་ཀྲུའུ་ཡིས་ཕེབས་རོགས་བྱས།

ཆུ་ཚོད10དང་སྐར་མ40སྟེང་།  ཞི་ཅིན་ཕིང་དང་ཕེང་ལི་ཡོན་རླངས་འཁོར་ལ་བཞུགས་ནས་མུའུ་ཏན་རི་བོའི་འདབས་སུ་གནས་པའི་ཀྲུང་ཁྲའོ་མཛའ་བརྩེའི་མཆོད་རྟེན་དུ་ཕེབས་ལ། ཅིན་ཀྲེང་ཨེན་དང་ལི་ཞུའེ་ཀྲུའུ་ཡིས་ཕེབས་བསུ་ཞུས།  ཁྲའོ་ཞན་དམག་དཔུང་རོལ་ཆའི་རུ་ཁག་གིས་ཀྲུང་གོ་དང་ཁྲའོ་ཞན་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ།  གུས་དམག་གིས་དལ་གྱིས་མེ་ཏོག་གི་སླེ་བོ་སྟེགས་བུའི་སྟེང་དུ་བཞག  མེ་ཏོག་གི་སྟེང་དུ“ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོ་ཇི་སྲིད་བར་དུ་གནས”ཞེས་བྲིས་ཡོད།  ཞི་ཅིན་ཕིང་དལ་བུར་སྟེགས་བུའི་སྟེང་དུ་ཕེབས་ནས་མེ་ཏོག་སྟེང་གི་ཡི་གེ་ལེགས་སྒྲིག་གནང་།  མི་སྣ་ཡོངས་ཀྱིས་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོར་ངག་བསྡམས་མྱ་ངན་ཞུས།  ངག་བསྡམས་མྱ་ངན་ཞུས་རྗེས།  ཞི་ཅིན་ཕིང་དང་ཅིན་ཀྲེང་ཨེན་རྣམ་གཉིས་ཀྱིས་གཟབ་སྦྲེང་རུ་ཁག་གི་ཁག་བགོས་རྣམ་པར་གཟིགས་ཞིབ་གནང་།  

ཞི་ཅིན་ཕིང་སྐུ་ཟླ་གཉིས་ཅིན་ཀྲེང་ཨེན་སྐུ་ཟླའི་ཕེབས་རོགས་འོག་མཛའ་བརྩེའི་མཆོད་རྟེན་གྱི་དྲན་རྟེན་ཚོམས་ཆེན་དུ་ཕེབས།  ཅིན་ཀྲེང་ཨེན་གྱིས་ཞི་ཅིན་ཕིང་ལ་མཛའ་བརྩེའི་མཆོད་རྟེན་དུ་འགྲེམ་སྟོན་བྱས་ཡོད་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གིས་ཁྲའོ་ཞན་མི་དམངས་དང་དཔུང་པ་མཉམ་གཤིབ་ཀྱིས་དམར་འཛིང་བྱས་ནས་ཐུན་མོང་ཁྱིམ་གཞིས་བསྐྱར་སྐྲུན་བྱས་པའི་ལོ་རྒྱུས་ཀྱི་དཔྱད་ཡིག་དང་འདྲ་པར། སྣུམ་ཚོན་རི་མོ་བཅས་ཀྱི་བརྩམས་ཆོས་ངོ་སྤྲོད་བྱས། ཞི་ཅིན་ཕིང་ཡུན་རིང་ལ་བཞུགས་ནས་གཟབ་ནན་གྱིས་གཟིགས།  ཞི་ཅིན་ཕིང་གིས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་མིང་ཐོར་ནན་ཏན་ངང་གཟིགས་ཏེ། ཅིན་ཀྲེང་ཨེན་ལ་རང་སྲོག་བློས་བཏང་བའི་དང་བླངས་དམག་གི་དཔོན་དམག་གི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་།

ཞི་ཅིན་ཕིང་དང་ཅིན་ཀྲེང་ཨེན་རྣམ་གཉིས་ཀྱིས་གཅིག་གྱུར་གྱིས་བལྟས་ན། དུས་རབས་གོང་མའི་ལོ་རབས50པར་ཀྲུང་གོ་དང་ཁྲའོ་ཞན་གྱིས་མཉམ་དུ་དམག་འཐབ་བྱས་པའི་ལོ་ཟླ་ནི་ཕྱོགས་གཉིས་ཀྱི་རྟག་བརྟན་གྱི་ལོ་རྒྱུས་དྲན་པ་ཡིན་ལ།  ཕྱོགས་གཉིས་ཀས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་དྲན་གསོའི་སྒྲིག་བཀོད་ཐུན་མོང་ཐོག་སྲུང་སྐྱོང་ཡག་པོ་བྱས་ཏེ།  ཁྱད་ཆོས་ལྡན་པའི་གསར་བརྗེའི་སྲོལ་རྒྱུན་གྱི་སློབ་གསོ་དང་གཞོན་ནུ་ལོ་ཆུང་གི་བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོ་སྤེལ་ནས།  རླབས་ཆེན་གྱི་མེ་འགོག་ཁྲའོ་རོགས་ཀྱི་སྙིང་སྟོབས་དར་རྒྱས་གོང་འཕེལ་དང་རླབས་ཆེན་གྱི་ཀྲུང་ཁྲའོ་ཡི་སྲོལ་རྒྱུན་མཛའ་བརྩེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དུ་འཇུག་དགོས་པར་འདོད།

ཚའེ་ཆི་དང་ཝང་དབྱི་སོགས་ཀྱང་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།