ཉེ་ལམ། རིན་ཐང་ལ་སྒོར་འབུམ་དྲུག་ལྷག་ཡོད་པའི་རོགས་སྐྱོར་དངོས་རྫས་ལེ་དབར་སྟོང་ཕྲག་བརྒལ་ནས། བདེ་བླག་ངང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་གི་ཞང་དང་གྲོང་རྡལ་གྱི་སློབ་ཆུང་ཁག་སོ་སོར་བསྐྱལ་ཏེ། ས་གནས་དེ་གའི་སློབ་མ་ལྔ་སྟོང་ལྷག་ལ་རོགས་སྐྱོར་དངོས་རྫས་ཐོབ།
པདྨ་རྫོང་ནི་ས་བབ་མཐོ་བའི་མཐའ་འཁོབ་ས་ཁུལ་དུ་གནས་ཡོད་ལ། ཞང་དང་གྲོང་རྡལ་གྱི་སློབ་སྒྲུབ་ཆ་རྐྱེན་ལ་ཚད་བཀག་ཡོད་པར་མ་ཟད། སློབ་གསོའི་མཁོ་དངོས་ལྟོས་བཅོས་དཀོན་པོ་ཡིན། ཧྲང་ཧེ་མཚོ་སྔོན་རོགས་སྐྱོར་ལས་བྱེད་པས་རྟོག་ཞིབ་ཁྲོད་གནས་ཚུལ་དེ་རྒྱུས་ལོན་བྱུང་བར་བརྟེན། “རོགས་སྐྱོར་གནད་ལ་ཁེལ་བར་བྱས་ཏེ། མི་སེམས་ལ་དྲོལ་ཁོལ་སྦྱིན།”ཞེས་པའི་འདུ་ཤེས་བཟུང་ནས། རང་འགུལ་གྱིས་ཧྲང་ཧེ་རོགས་སྒྲུབ་ལས་ཁུངས་དང་སྤྱི་ཚོགས་ཕན་བདེའི་སྟོབས་ཤུགས་ལ་བརྟེན་དེ། གང་མཁོ་གང་སྒྲུབ་དང་དངོས་ཡོད་གནས་ཚུལ་ལ་བསྟུན་ནས་རོགས་སྐྱོར་དངོས་རྫས་གྲ་སྒྲིག་བྱས།
ཐེངས་འདིའི་རོགས་སྐྱོར་དངོས་རྫས་ཀྱི་ནང་དུ་སློབ་ལྭ་མཐུག་པོ་དང་སློབ་སྦྱོང་གི་མཁོ་དངོས། སློབ་རའི་ཆུ་སྐོལ་ཆས། འཕྲོད་བསྟེན་སྲུང་སྐྱོང་དངོས་རྫས། སློབ་གསོའི་གཞུང་སྒྲུབ་གློག་ཀླད་སོགས་འདུས་ཡོད་ལ། རྫོང་ཡོངས་ཀྱི་ཞང་དང་གྲོང་རྡལ་གྱི་སློབ་གྲྭ་དགུ་ཡི་སློབ་མ་ལྔ་སྟོང་ལྷག་ལ་རོགས་སྐྱོར་བྱས་པར་མ་ཟད། སྔོན་ལ་མཐའ་ཁུལ་དུ་ཡོད་པའི་ཞང་དང་གྲོང་རྡལ། བྱིས་པ་དྭ་ཕྲུག་དང་དཀའ་ཁེག་ཡོད་པའི་ཁྱིམ་ཚང་གི་བྱིས་པར་རོགས་སྐྱོར་བྱས།
མདྨ་རྫོང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བས་བསྟན་དོན། མདྨ་རྫོང་གིས་མུ་མཐུད་དུ་ཧྲང་ཧེ་གྲོང་ཁྱེར་མཚོ་སྔོན་ཁ་གཏད་རོགས་སྐྱོར་མཐུན་སྦྱོར་སྤྱི་སྟེགས་བཙུགས་ཏེ། རྒྱུན་མཐུད་ངང་སྤུས་ལེགས་སྤྱི་ཕན་དངོས་རྫས་ལ་སྦྲེལ་མཐུད་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་རྣམ་པས་གནད་ལ་ཁེལ་བའི་སློབ་གསོའི་རོགས་སྐྱོར་བྱེད་པ། རྒྱུན་མཐུད་ངང་སློབ་སྒྲུབ་ཆ་རྐྱེན་ལེགས་སྒྱུར་བྱེད་པ། ལྷག་བསམ་རྣམ་དག་གིས་མཐོ་སྒང་གི་སློབ་ཕྲུག་ཚོའི་འཚར་ལོངས་ལ་སྲུང་སྐྱོབ་བྱས་ཏེ། རོགས་སྐྱོར་མཐུན་སྦྱོར་གྱི་བརྩེ་བའི་མེ་ཏོག་མཐོ་སྒང་འདིར་བཞད་དུ་བཅུག་པ་དང་། རྒྱུན་མཐུད་ངང་རྫོང་ཁོངས་སློབ་གསོའི་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་བསྩལ།