ཟླ6པའི་ཚེས8ཉིན། རྒྱལ་ཁབ་གློག་དྲ་མགོ་ལོག་གློག་འདོན་ཀུང་ཟི་ཡིས་ཁྱོན་སྡོམ་མིས་བཟོས་བྱ་ཚང700ལྷག་བསྐྲུན་ཏེ། གློག་དྲའི་བདེ་འཇགས་འགོག་ཐིག་སྲ་བརྟན་གཏོང་བའི་རྨང་གཞིའི་སྟེང་། མཐོ་སྒང་གི་བྱ་རིགས་ལ་བློ་བདེ་བག་ཕེབས་ཀྱི་གསོ་སྤེལ་ཁྱིམ་གཞིས་ཤིག་བསྐྲུན།
མཐོ་སྒང་གི་བྱ་རིགས་སྐྱེ་འཕེལ་བྱེད་པའི་གནད་འགག་གི་དུས་སྐབས་འདིར། བྱ་ཕྲུག་ཚང་མ་སྒོ་ང་ལས་གྲོལ་ཏེ་འཚར་ལོངས་བྱུང་བའི་དུས་རིམ་དུ་སླེབས་པ་དང་། བྱ་རིགས་ཕ་མ་གཉིས་རྒྱུན་དུ་ཕྱི་ལ་ཟས་འཚོལ་བར་འགྲོ་བཞིན་ཡོད་ལ། ཤིང་གི་ཡལ་ག་དང་། རྩྭ་རྐང་། ཐག་པ་སོགས་རང་བྱུང་རྒྱུ་ཆ་བླངས་ནས་བྱ་ཚང་བཟོ་བ་དང་བྱ་ཕྲུག་གསོ་སྐྱོང་བྱེད་བཞིན་ཡོད། རྒྱལ་ཁབ་གློག་དྲ་མགོ་ལོག་གློག་འདོན་ཀུང་སིའི་ལས་སྒྲུབ་མི་སྣ་ཀུང་ཡུས་དང་ལིའུ་ཧྲི་པིན་གཉིས་ཀྱིས་སྟོང་ཝ35ཅན་གྱི་ཝུན་ཧྲང་ལམ་ཐིག140པའི་གློག་སྡོང་སྐོར་ཞིབ་བྱེད་སྐབས། སྔོན་གྱི་ཟིན་ཐོ་གཞིར་བཟུང་ནས། མི་མེད་གནམ་གྲུ་རྒྱང་རིང་ནས་མིས་བཟོས་པའི་བྱ་ཚང་གི་གམ་དུ་བཅར་བ་དང་། ཚང་ནང་དུ་བྱ་ཕྲུག་གསར་པ5 ཡོད་པ་དེ་དག་གི་གཤོག་སྒྲོ་ད་དུང་རྒྱས་མེད་ཅིང་། སྐད་ཅོར་རྒྱག་བཞིན་འདུག ཁོ་གཉིས་ཀྱིས་འགུལ་སྐྱོད་ཇེ་དལ་དུ་གཏོང་ནས་ལྟ་ཞིབ་ཞིབ་མོ་བྱས་ཏེ། བྱ་ཚང་བརྟན་པོར་གཏོང་བ་དང་བྱ་རིགས་ཀྱི་ཚེ་སྲོག་གི་གནས་སྟངས་བཟང་བར་ཁེག་ཐག་བྱས་པར་མ་ཟད། དེ་ལྟ་བུའི་ཡིད་སེམས་འགུལ་བའི་རྣམ་པ་དེ་མི་མེད་གནམ་གྲུས་ཐོ་འགོད་བྱས་འདུག
དཔྱིད་ཀར་ཐོན་པ་ནས་བཟུང་། རྒྱལ་ཁབ་གློག་དྲ་མགོ་ལོག་གློག་འདོན་ཀུང་སིའི་ལས་སྒྲུབ་མི་སྣས་མིས་བཟོས་སྐོར་ཞིབ་དང་མི་མེད་གནམ་གྲུས་སྐོར་ཞིབ་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ། སྐོར་ཞིབ་ཐེངས་གྲངས་དང་སྐོར་ཞིབ་ལམ་ཐིག་ལེགས་སྒྱུར་བྱས་ཡོད། རང་བྱུང་བྱ་ཚང་ལ་དམིགས་ཏེ། སྐོར་ཞིབ་མི་སྣས་བདེ་འཇགས་བར་ཐག་ལ་ཞིབ་བཤེར་ནན་མོ་བྱས་ཏེ། ཟླ4པར་ཚན་རིག་དང་མཐུན་པའི་གནས་སྤོ་དང་ཚད་ལྡན་ངང་བཀོད་སྒྲིག་བྱེད་པ་གཅིག་སྡུད་ཐོག་སྤེལ་ནས། བྱ་རིགས་ཀྱི་སྐྱེ་འཕེལ་གོམས་གཤིས་ལ་སྲུང་སྐྱོབ་གང་ཐུབ་བྱས་ཏེ། གློག་སྐུད་བདེ་འཇགས་ངང་འཁོར་སྐྱོད་ཐུབ་པར་འགན་ལེན་བྱེད་པ་དང་ཆབས་ཅིག་ཏུ། བྱ་རིགས་ཀྱི་འཚོ་གནས་ལ་བདེ་འཇགས་དང་ཞི་འཇགས་ཀྱི་ཁོར་ཡུག་ཅིག་བསྐྲུན་ཡོད། མིག་སྔའི་བར་རྒྱལ་ཁབ་གློག་དྲ་མགོ་ལོག་གློག་འདོན་ཀུང་སིས་ཁོངས་གཏོགས་ཁུལ་གྱི་གློག་སྐུད་ཐོག་བྱ་ཚང700ལྷག་ཙམ་ཚན་རིག་དང་མཐུན་པའི་ངང་བསྐྲུན་ཡོད། དེའི་ནང་རྨ་སྟོད་རྫོང་གི་སྟོང་ཝ110མ་ཏུང་སྐུད་ལམ་དང་པོ་དང་གཉིས་པ་སོགས་ཀྱི་ལམ་དུམ་དེ་བྱ་རིགས་ཀྱིས་དགའ་པོ་བྱེད་པའི་སྡོད་གནས་སུ་གྱུར་ཡོད་པ་དང་། བྱ་ཚང་མང་པོས་བདེ་བླག་ངང་བྱ་ཕྲུག་གསོ་སྐྱོང་བྱས་ཡོད།