ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སོ་སོའི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་བྱེད་ནུས་དང་རྩ་འཛུགས་བྱེད་ནུས་ཞིབ་ཕྲ་ཅན་དང་དངོས་ཕན་ཅན་གྱི་ལོ་གསུམ་འགུལ་སྐྱོད་དངོས་སུ་འགོ་བརྩམས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ6པའི་ཚེས4ཉིན།   ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སོ་སོའི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ནུས་པའི་ཞིབ་ཕྲ་ཅན་དང་དངོས་ཕན་ཅན་གྱི་ལོ་གསུམ་འགུལ་སྐྱོད་ཀྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ཟི་ལིང་དུ་བསྡུས།   ཚོགས་འདུ་ལས་ལོ་གསུམ་འགུལ་སྐྱོད་ཀྱི་ཇུས་གཞི་དང་དེ་བཞིན2026ལོའི་ལས་འགན་གཙོ་བོའི་གསལ་ཐོ་དཔར་འགྲེམ་བྱས།    ཞིང་ཆེན་ཏང་ཨུའི་རྒྱུན་ཨུ།  རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཚའོ་ཅུན་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད།   

ཚོགས་འདུ་ལས་བསྟན་དོན།  གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་གཞི་རིམ་གྱི་སྲིད་དབང་སྲ་བརྟན་དུ་བཏང་ན། ད་གཟོད་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩ་བརྟན་པོ་ཡོང་ཐུབ།  ལོ་གསུམ་འགུལ་སྐྱོད་ལག་བསྟར་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཞི་རིམ་དམ་འཛིན་ནན་མོ་བྱེད་པའི་རྒྱས་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་།  ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་དངོས་ཡོད་བླང་བྱ་ཡིན་པར་མ་ཟད།   གཞི་རིམ་ཏང་རྩ་འཛུགས་ཀྱི་ཞན་ཆ་ཁ་གསབ་བྱེད་པའི་དགོས་མཁོ་གལ་ཆེན་ཡིན་ལ།   སྐབས་བརྗེའི་རྗེས་ཀྱི་གཞི་རིམ་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་པའི་གོ་སྐབས་གལ་ཆེན་ཞིག་ཀྱང་ཡིན།  

ཚོགས་འདུ་ལས་ནན་གྱིས་བསྟན་དོན།   ལོ་གསུམ་འགུལ་སྐྱོད་ཀྱིས་ཆབ་སྲིད་སྣེ་ཁྲིད་ལ་བརྟེན་ནས་བློ་སྦྱོང་དང་རྩ་འཛུགས་མ་ལག་ལ་བརྟེན་ནས་རྨང་གཞི་ཇེ་བརྟན་དུ་གཏོང་བ།  ནུས་མེད་ཁ་ཐོར་དག་ཐེར་བྱེད་པ། རྐང་འཛིན་པའི་དཔུང་སྡེ་གསོ་སྐྱོང་བྱེད་པ།   ཏང་ཡོན་གདོང་མཆོང་བྱས་ནས་བྱས་རྗེས་འཇོག་པ། ཏང་འཛུགས་ཀྱིས་འཕེལ་རྒྱས་ལ་བྱེད་ནུས་སྩོལ་བ་སོགས་དམ་འཛིན་བྱེད་སར་བྱས་ཏེ་ལོ་གཅིག་གི་རིང་ཞན་ཆ་ཁ་གསབ་བྱེད་པ་དང་ལོ་གཉིས་ཀྱི་རིང་སྤུས་ཚད་ཇེ་ལེགས་སུ་གཏོང་བ།   ལོ་གསུམ་གྱི་རིང་ཕན་འབྲས་ཐོབ་པར་བྱེད་པའི་སྤྱིའི་བཀོད་སྒྲིག་ལྟར།   གཞི་རིམ་ཏང་འཛུགས་དེ་ཡོད་པ་ནས་ནུས་ལྡན་དང་།   ཚད་ལྡན་ནས་སྤུས་འདེགས་ཀྱི་ཕྱོགས་སུ་རྣམ་སྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས།   ཆོས་ཉིད་ཁོང་དུ་ཆུད་པ་དང་ཚན་རིག་མཐུན་པའི་ཇུས་བསྟར།   འགན་འཁྲི་ནན་དཀྲི་བཅས་ལ་དོ་སྣང་བྱེད་པ་དང་།   ཅི་ཞིག་སྒྲུབ་པ་དང་ཇི་ལྟར་སྒྲུབ་པའི་གནད་དོན་དེ་གཞི་རིམ་ཏང་འཛུགས་དམ་འཛིན་བྱེད་པའི་ཞིབ་ཕྲའི་ལག་ལེན་ཁྲོད་གཅིག་གྱུར་བྱེད་པ།  དངོས་སྒྲུབ་དངོས་གཉེར་དང་དངོས་ཕན་དོན་གཉེར་བཅས་བྱས་ཏེ་ཏང་འཛུགས་ལ་བརྟེན་ནས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་ཕན་འབྲས་ཀྱིས་རིགས་སོ་སོའི་མང་ཚོགས་ལ་ཕན་འདོགས་དགོས།  

ཚོགས་འདུ་ལས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ལོ་གསུམ་འགུལ་སྐྱོད་དེ་རིམ་པ་སོ་སོའི་ཏང་འཛུགས་ཀྱི་ཧྲུའུ་ཅིས་གཞི་རིམ་ཏང་འཛུགས་དམ་འཛིན་བྱས་པའི་འགན་སྒྲུབ་དཔྱད་ཞིབ་ཀྱི་ནང་དོན་གཙོ་བོའི་ཁྲོད་བཞག་སྟེ་ཐོན་ཁུངས་སྟོབས་ཤུགས་དེ་གཞི་རིམ་དུ་ཕྱོགས་པར་སྐུལ་འདེད་གཏོང་བ་དང་།   ལྟ་སྐུལ་ཞིབ་བཤེར་དང་ཕན་འབྲས་འདྲི་རྩད་ནན་མོ་བྱས་ཏེ་སྤྱོད་ཚུལ་ནན་མོར་བརྟེན་ནས་ལས་འགན་སྣ་ཚོགས་དོན་འཁྱོལ་བྱས་ཏེ་ཕན་འབྲས་ཐོབ་པར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།