2026ལོའི་དྲུག་ལྔའི་ཁོར་ཡུག་ཉིན་མོའི་མཚོ་སྔོན་གྱི་བྱེད་སྒོ་གཙོ་བོ་ཟི་ལིང་དུ་སྤེལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ6པའི་ཚེས5ཉིན། “ཁྱོན་ཡོངས་ནས་ལྗང་མདོག་རྣམ་སྒྱུར་བྱས་ཏེ་མཛེས་སྡུག་ལྡན་པའི་ཀྲུང་གོ་མཉམ་སྐྲུན་བྱེད”ཅེས་པའི2026ལོའི་དྲུག་ལྔའི་ཁོར་ཡུག་ཉིན་མོའི་མཚོ་སྔོན་གྱི་བྱེད་སྒོ་གཙོ་བོ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་སྤེལ་བ་དང་། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཕན་འབྲས་ཕྱོགས་ཡོངས་ནས་མངོན་པ་དང་། སྤྱི་ཚོགས་ལས་རིགས་སོ་སོས་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ། “མཛེས་སྡུག་ལྡན་པའི་ཀྲུང་གོ”འཛུགས་སྐྲུན་ལ་མཉམ་དུ་སྐུལ་འདེད་བཏང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཞའོ་རུང་བྱེད་སྒོར་ཞུགས་ནས་ཤིས་ཚིག་ཕུལ།

བྱེད་སྒོའི་ཁྲོད་བརྙན་འཕྲིན་ཟློས་གར《བླ་ཤིང་། 》ལ་ཕྱིར་ལྟ་བྱས་ནས་སྐྱེ་ཁམས་སྲུང་སྐྱོབ་བྱེད་མཁན་གྱིས་ཚེ་སྲོག་ལ་བརྟེན་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཆུ་འགོར་སྲུང་སྐྱོབ་བྱེད་པའི་མི་སེམས་འགུལ་བའི་གཏམ་རྒྱུད་མངོན་པ་དང་། ཆེད་མངགས་གདན་ཞུ་ཞུས་པའི“མཚོ་སྔོན་གྱི་སྐྱེ་ཁམས་རིག་གནས་སྒྲོག་སྤེལ་ཕོ་ཉ”ཧུའུ་ཀི་དང་དབྱང་ཙི་གཉིས་ཀྱིས་བརྙན་རིས་བརྒྱུད་དེ། ཁོར་ཡུག་སྲུང་སྐྱོབ་ཀྱི་གྲོས་འགོ་བཏོན་པར་མ་ཟད། ཡུལ་དངོས་སུ《ལྗང་མདོག་ཕྱོགས་སུ་གོམ་པ་མཉམ་སྤོ་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་མཉམ་སྐྲུན་བྱེད་པ་བཅས་ཀྱི་སྤྱི་ཕན་འགུལ་སྐྱོད》ཀྱི་གྲོས་འགོའི་ཡི་གེ་སྒྲོག་འདོན་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཆེད་མངགས་གདན་ཞུའི་མང་ཚོགས་ལྟ་སྐུལ་པ་དང་སྐྱེ་ཁམས་ཁོར་ཡུག་དང་བླངས་པར་གདན་ཞུའི་ཡི་གེ་བྱིན་ཏེ། མཚོ་སྔོན་ཞིང་ཆེན་གྱི“སློབ་ཆེན་སློབ་མས་བྱ་སྤྱོད་སྤེལ་བའི”སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚན་རིག་ཁྱབ་གདལ་བྱ་སྤྱོད་དུས་གཅིག་ཏུ་སྤེལ་འགོ་བརྩམས། བྱེད་སྒོའི་ཁྲོད་ད་དུང་བླ་ཤིང་གི་སྐྱེ་ཁམས་དར་ལམ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གྲུབ་འབྲས་འགྲེམ་སྟོན། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་གྲུབ་འབྲས་འགྲེམ་སྟོན་བཅས་ཀྱིས་གྲུབ་པའི་བརྗོད་དོན་འགྲེམ་སྟོན་གཅིག་སྡུད་སྒོས་འགྲེམ་སྟོན་བྱས་ནས། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་རྣམ་སྒྱུར་གྱི་གསོན་ཉམས་ལྡན་པའི་ལག་ལེན་ཐད་ཀར་མངོན་པར་བྱས།

ལོ་ངོ་དུ་མའི་རིང་ལ། མཚོ་སྔོན་གྱིས“དགེ་མཚན་ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་ངེས་གནས་དང་། “སྔར་ལས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གོ་གནས་ལ་རྐང་ཚུགས་པར་བྱས་ཏེ། ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་པར་བརྟེན། སྐྱེ་ཁམས་ཀྱི་རང་མདངས་སྔར་ལས་རྫོགས་པར་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།