ཟླ6པའི་ཚེས5ཉིན། ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭས2026ལོའི་དཔྱིད་དུས་སློབ་སྐབས་ཀྱི་སྐོར་གཉིས་པའི་འཛིན་གྲྭའི་མཐར་ཕྱིན་མཛད་སྒོ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་ཚའེ་ཆི་མཐར་ཕྱིན་མཛད་སྒོར་ཞུགས་པ་མ་ཟད། སློབ་མར་མཐར་ཕྱིན་འཛིན་ཡིག་གནང་།
ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭས་ཚེས5ཉིན2026ལོའི་དཔྱིད་དུས་སློབ་སྐབས་ཀྱི་སྐོར་གཉིས་པའི་འཛིན་གྲྭའི་མཐར་ཕྱིན་མཛད་སྒོ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་ཚའེ་ཆི་མཐར་ཕྱིན་མཛད་སྒོར་ཞུགས་པ་མ་ཟད། སློབ་མར་མཐར་ཕྱིན་འཛིན་ཡིག་གནང་།
ཀྲུང་དབྱང་ཏང་གི་སློབ་གྲྭར་སློབ་སྐབས་འདིར་མཐར་ཕྱིན་སློབ་མ531ཡོད། མཐར་ཕྱིན་མཛད་སྒོའི་སྟེང་སློབ་མའི་འཐུས་ཚབ4ཡིས་གཏམ་བཤད། ཚང་མས་གཅིག་གྱུར་གྱིས་བལྟས་ན། ད་ཐེངས་ཀྱི་སློབ་སྦྱོང་ནི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་རྩོམ་པའི་གནད་འགག་གི་སྐབས་དང་འཁེལ་ཡོད་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་གཅིག་བསྡུས་ཀྱིས་སློབ་སྦྱོང་དང་གོ་བ་ལོན་པ། མ་ལག་ལྡན་པའི་སྒོ་ནས་ཏང་གི་རིགས་པའི་གཞུང་ལུགས་ཀྱི་སློབ་གསོ་དང་ཏང་གཤིས་སློབ་གསོ། འགན་སྒྲུབ་ནུས་པའི་གསོ་སྦྱོང་བཅས་བྱས་པ་བརྒྱུད་དེ་དད་སེམས་སྔར་ལས་བརྟན་པོ་དང་ཏང་གཤིས་སྔར་ལས་ཇེ་དྲག་ཏུ་བཏང་ལ། འཇོན་ཐང་སྔར་ལས་ཇེ་ཆེ་རུ་བཏང་ཞིང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་སྔར་བས་གཏིང་ཟབ་བླངས་པར་མ་ཟད། བློ་བརྟན་འགྱུར་མེད་སྒོས “སྲུང་སྐྱོང་གཉིས”སྔར་བས་སྒྲུབ་ཐུབ་པར་བྱས་པར་འདོད། གསོ་སྦྱོང་སྐབས་སུ། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་ནན་ཏན་སྒོས་སྤེལ་ཞིང་། བསམ་བློའི་ཚད་གཞི་ཡོ་བཅོས་དང་སྤྱོད་ཚུལ་གཟབ་ནན་དར་སྤེལ་བཏང་སྟེ། སྲིད་འབྲས་ལྟ་བའི་ནོར་འཛོལ་ཡོ་བསྲང་བྱེད་པར་ཤུགས་བསྣན། ཚང་མས་བསྟན་དོན། འཐབ་ལམ་གསར་པའི་སྟེང་རྒྱུན་འཁྱོངས་ལྷོད་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་རྩ་བ་ཇེ་བརྟན་དང་བློ་སྒྲིལ་སེམས་བསྐྱེད་བྱས་ཏེ། སློབ་སྦྱོང་གི་གྲུབ་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེ་བྲག་གི་འགུལ་སྐྱོད་དུ་བསྒྱུར་དགོས།