ཟླ6པའི་ཚེས2ཉིན། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། ད་ལོར“ལམ་གཅིག་ལྗོངས་གཅིག་དང་རྒྱུད་གཅིག་ཉམས་གཅིག”གི་བར་ཁྱད་ཅན་གྱི་གསར་གཏོད་རྣམ་པར་བརྟེན་ནས། རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་ཕལ་བའི་དཔེ་སྟོན་ལམ་སྤྱི་ལེ1000དང་མྱུར་བགྲོད་གཞུང་ལམ་དཔེ་སྟོན་ལམ་སྤྱི་ལེ500བསྐྲུན་ཏེ། ཡུལ་སྐོར་གཞུང་ལམ་དེ་མཚོ་སྔོན་གྱི་སྐྱེ་ཁམས་ཉམས་འགྱུར་ཐེག་པ་དང་། མཚོ་སྔོན་གྱི་མི་ཚུལ་གཏམ་རྒྱུད་བཤད་པའི“ལངས་གཟུགས་རིག་གནས་བར་ཁྱམས”ཞིག་ཏུ་འགྱུར་བར་བྱ་རྒྱུ་རེད།
དཔེ་སྟོན་གསར་སྐྲུན་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ལོན་པའི་ཆེད་དུ། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ལམ་མཚམས་སོ་སོའི་འགན་འཁྲིའི་བྱེད་པོ་ དང་། ལེགས་བཅོས་ཀྱི་ཚད་གཞི་དང་སྐུལ་འདེད་ཀྱི་དུས་ཚད་སོགས་གཏན་འཁེལ་ཞིབ་ཕྲ་བྱས་ཤིང་། “ཞིང་ཆེན་དང་ཐིང་གིས་གཅིག་འདོམས་བཀོད་གཏོང་དང་ལས་ཁུངས་ཁག་གིས་མཐུན་སྦྱོར་དོན་འཁྱོལ”གྱི་བཀག་སྡོམ་སྐུལ་འདེད་མ་ལག་བཙུགས། ཟི་ལིང་གི་ཉིང་གཅིག་སྒོ་ཁྱིམ་གྱི་ཁུལ་གནས་དགེ་མཚན་ལ་རྐང་ཚུགས་ནས། རྒྱལ་ལམ6པའི་པེ་ཅིང་ནས་བོད་ལྗོངས་བར་གྱི་མྱུར་བགྲོད་གཞུང་ལམ་ཕིན་ཨན་ནས་ཟི་ལིང་མཚམས་དང་། བྲ་མ་ལུང་ནས་རིག་སྨོན་མཚམས་སོགས་ཀྱི་གྲོང་ཁྱེར་གྱི་རྒྱུ་ལམ་གཙོ་བོར་བདག་སྐྱོང་ཞིབ་ཚགས་དང་ལྗོངས་རྣམ་ལེགས་སྒྱུར་བྱས། མཚོ་སྔོན་པོ་སྐོར་བ་དང་། བྱང་འབྲུག་རི་བོ་སྐོར་བ་སོགས་སྤུས་ལེགས་ཡུལ་སྐོར་ལམ་ཐིག་གཙོ་བོར་ལྗོངས་ཡོངས་ཕྱོགས་བསྡུས་བཅོས་སྐྱོང་བྱས་ཤིང་། འགྲམ་རྒྱུད་ཀྱི་རླངས་འཁོར་འཇོག་པའི་གྲུ་ཁུག་དང་ལྗོངས་གཟིགས་ལས་སྟེགས་འཁོར་གཉེར་དོ་དམ་ཚད་ལྡན་དུ་བཏང་བ་དང་། གཟུར་ལམ་དང་ལ་གཟར་སོགས་ཁྲིམས་འགལ་གྱིས་བཟུང་སྤྱོད་ཁྲིམས་ལྟར་གཙང་སེལ་བྱས་ཏེ། “ལྗང་མདོག་གི་ཡུལ་ལྗོངས་མཐོང་བ་དང་ལམ་ཐིག་དང་མཛེས་ལྗོངས་གཞི་གཅིག་ཏུ་འདྲེས”པ་མངོན་འགྱུར་བྱས། དུས་མཚུངས་སུ་ནུབ་གཟིགས་ཁུ་ནུ་དང་དར་ལམ་ལྷོ་ཐིག མདོ་ལའི་རྫི་གླུ། ཐང་བོད་གནའ་ལམ་སོགས་ཁྱད་ལྡན་ཡུལ་སྐོར་གཞུང་ལམ་གྱི་བར་ཁྱམས་བཅས་དང་ཟུང་འབྲེལ་དམ་ཟབ་སྒོས། ས་ཁོངས་རིག་གནས་ཀྱི་གཞི་རྒྱུ་བསྣན་ཏེ། “ལམ་གཅིག་ལྗོངས་གཅིག་དང་རྒྱུད་གཅིག་ཉམས་གཅིག”གི་བར་ཁྱད་ཅན་གྱི་རྣམ་པ་བསྐྲུན་པ་ཁྱབ་གདལ་བཏང་།
དཔེ་སྟོན་ཁྲིད་སྟོན་གྱི་རྨང་གཞིའི་སྟེང་། མཚོ་སྔོན་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་རྒྱུན་རྣམ་ཅན་གྱི་སྒོ་ནས་ལམ་ཁོངས་ཁོར་ཡུག་གི་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་བཏང་། ཟླ5པའི་ཟླ་མཇུག་བར་དུ། རིམ་རྩིས་བྱས་ན་མི་ཤུགས་མི་ཐེངས་ལྔ་ཁྲི་ཡན་དང་འཕྲུལ་ཆས་སྒྲིག་ཆས་ཆིག་ཁྲི་ཆིག་སྟོང་བཏང་ནས། ས་ཁོངས་གཙོ་བོ4200ལྷག་ལེགས་བཅོས་བྱས། རྒྱུན་རྣམ་ཅན་གྱི་སྒོ་ནས་ལམ་རྒྱུད་ཀྱི་ཁོར་ཡུག་འཕྲོད་བསྟེན་གཙང་སྦྲ་བྱས་ཤིང་། རིམ་རྩིས་བྱས་ན་གཙང་ཕྱགས་རྒྱ་ཁྱོན་སྨི་གྲུ་བཞི་མ་བཞི་ཁྲི་བཞི་སྟོང་ལ་སླེབས་ཤིང་། ཟུར་རྐ་དང་ཆུ་སྦུག་སྨི་གྲུ་བཞི་མ་ཆིག་ཁྲི་ཉིས་སྟོང་བཤང་ནས་ལེགས་བཅོས་བྱས་ཏེ། ལམ་ངོས་ཞིབ་ལེགས་ཅན་གྱིས་སྟོང་སྨི་གྲུ་བཞི་མ་ཆིག་བརྒྱ་ཉེར་བརྒྱད་དང་གྲངས་ཆུང་བརྒྱད་དྲུག་གཙང་སྦྲ་བྱས་ནས། ཞིང་ཆེན་ནང་ཁུལ་གྱི་ལམ་ཁོངས་གད་སྙིགས་སྤུངས་པ་དང་སྙིགས་རོ་ཐར་ཐོར་དུ་ཡོད་པ་སོགས་ཀྱི་གནད་དོན་འབུར་དོན་རྩ་བ་ནས་མེད་པར་བཟོས།