2026ལོའི་མཚོ་སྔོན་གྱི་མཐོ་རྒྱུགས་སྐབས་ཀྱི་གནམ་གཤིས་སྔོན་བརྡ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

གནམ་གཤིས་གནས་ཚུལ་ལ་སྔོན་དཔག་བྱས་ན། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་དྲོད་ཚད་ཅུང་མཐོ།  སྔོན་དཔག་བྱས་ན2026ལོའི་མཐོ་རྒྱུགས་ཀྱི་སྐབས་སུ། ཟི་ལིང་དང་མཚོ་ཤར། མཚོ་ནུབ་ཀྱི་ས་ཆ་མང་ཤོས། མཚོ་ལྷོ།  ཡུལ་ཤུལ་གྱི་ཤར་རྒྱུད།  རྨ་ལྷོའི་བྱང་རྒྱུད། མདོ་ལ། རྒྱ་མདོ། མདའ་བཞི། པདྨ་བཅས་ཀྱི་ཆ་སྙོམས་དྲོད་ཚད10.0~18.8℃རེད། ཡུལ་ཤུལ་གྱི་ནུབ་རྒྱུད་དང་། མགོ་ལོག་གི་ས་ཆ་མང་ཤོས། རྨ་ལྷོའི་ལྷོ་རྒྱུད། ཐེམ་ཆེན། རྐང་ཚ།  ཐོ་ལེ། འབྲོང་ལུང་། ཐོ་ཐོ་གཙང་བོ་བཅས་ཀྱི་དྲོད་ཚད5.9~9.3℃ཡིན་པ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཆ་གཞན་དག་གི་དྲོད་ཚད3.9~4.8℃རེད། ས་གནས་ཁག་གི་དྲོད་ཚད་ལོ་སྔོན་མ་དག་དང་བསྡུར་ན་དུས་མཚུངས་ལས0.4~1.8℃མཐོ་བ་དང་། དེ་ལས་མཚོ་ནུབ་དང་མཚོ་བྱང་། གདང་ལ་བཅས་ཀྱི་དྲོད་ཚད1.2℃ཡན་ལ་བསླེབ་སྲིད།ཞིང་ཆེན་ཡོངས་ཀྱི་ས་ཆ་མང་ཤོས་ལ་ཆར་ཆུ་མང་ཙམ་འབབ་རྒྱུ།
  སྔོན་དཔག་བྱས་ན་མཐོ་རྒྱུགས་སྐབས་སུ། མཚོ་ནུབ་ནུབ་རྒྱུད་དུ་ཆར་ཆུ་ཧའོ་སྨི5ཡི་མན་འབབ་རྒྱུ་དང་། མཚོ་ལྷོའི་ལྷོ་རྒྱུད། ཡུལ་ཤུལ་གྱི་ནུབ་རྒྱུད། རྨ་ལྷོའི་ནུབ་རྒྱུད། རྟ་ཐང་། ཧོང་ཀྲུང་། ཐེམ་ཆེན། མདོ་ལ། རྐང་ཚ། ཡུལ་ཤུལ་བཅས་སུ་ཆར་བ་ཧའོ་སྨི25~35འབབ་རྒྱུ་དང་།  ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ཏུ་ཆར་བ་ཧའོ་སྨི10~25འབབ་རྒྱུ་རེད། ས་གནས་ཁག་གི་ཆར་བ་ལོ་སྔོན་མ་དག་གི་དུས་མཉམ་དང་བསྡུར་ན། མཚོ་ནུབ་ནུབ་རྒྱུད་ཀྱི་ཆར་བ་འབབ་ཚད25%~30%ཡིས་ཉུང་སྲིད་ལ། ཞིང་ཆེན་ནང་ཁུལ་གྱི་ས་ཆ་གཞན་དག་ཏུ་ཆར་ཆུ་འབབ་ཚད15%~25%ཡིས་མང་སྲིད།


བྱེ་བྲག་གི་གནམ་གཤིས་སྔོན་བརྡ།
   ཟླ6ཚེས6ཉིན། མཚོ་ནུབ་ཀྱི་ས་ཆ་མང་ཤོས་ལ་སྤྲིན་མང་རྒྱུ། ཞིང་ཆེན་ནང་ཁུལ་གྱི་ས་ཆ་གཞན་དག་ལ་ཆར་ཟིམ་ཟིམ་ནས་ཐོལ་ཆར། ཡང་ན་དེའི་ཡན་གྱི་ཆར་བ(ཧའོ་སྨི0.1~20)འབབ་རྒྱུ་དང་། དེ་ལས་ཡུལ་ཤུལ་གྱི་ཤར་རྒྱུད་དང་མགོ་ལོག་གི་དབུས་ལྷོ་རྒྱུད། རྨ་ལྷོའི་བྱང་རྒྱུད་བཅས་སུ་ཆར་བ་འབྲིང་(ཧའོ་སྨི10~20)ཙམ་འབབ་རྒྱུ་རེད།

ཟླ6ཚེས7ཉིན། མཚོ་ནུབ་ནུབ་རྒྱུད་དུ་སྤྲིན་མང་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་ཆར་ཟིམ་ཟིམ་ནས་ཐོལ་ཆར། ཡང་ན་དེའི་ཡན་གྱི་ཆར་བ(ཧའོ་སྨི0.1~40)འབབ་རྒྱུ། དེ་ལས་ཟི་ལིང་གི་ས་ཆ་མང་ཤོས་དང་། མཚོ་ཤར་གྱི་ལྷོ་རྒྱུད། མཚོ་ལྷོའི་ས་ཆ་མང་ཤོས། མགོ་ལོག་གི་དབུས་ལྷོ་རྒྱུད། རྨ་ལྷོ། ཐེམ་ཆེན། རྐང་ཚ། མདོ་ལ། ཁྲི་འདུ་སོགས་ས་ཁུལ་ཁག་ལ་ཆར་འབྲིང་ཙམ(ཧའོ་སྨི10~24)འབབ་རྒྱུ། མང་རྫོང་དང་། འབའ་རྫོང་། དགའ་བདེ། གཅིག་སྒྲིལ། རྨ་ལྷོ་སོག་རྫོང་། རྩེ་ཁོག་བཅས་ཀྱི་ས་ཁུལ་ཁ་ཤས་ལ་ཆར་ཆེན(ཧའོ་སྨི25~40)འབབ་རྒྱུ། ཚྭ་འདམ་གཞོང་དུ་རིམ་པ6~7ཅན་གྱི་ནུབ་རླུང་གཡུག་རྒྱུ། ཟི་ལིང་དང་མཚོ་ཤར་དུ་རིམ་པ4~5ཅན་གྱི་ཤར་རླུང་གཡུག་རྒྱུ། ཞོར་དུ་ས་ཆ་ཁ་ཤས་སུ་ས་རྡུལ་འཐིབ་པའི་གནམ་གཤིས་ཡོད། ཤར་བྱང་རྒྱུད་ཀྱི་ཉིན་གཅིག་གི་ཆེས་མཐོ་བའི་དྲོད་ཚད8~10℃མར་འཆག་རྒྱུ་དང་། ས་ཆ་ཁ་ཤས་སུ12℃ཡན་མར་འཆག་རྒྱུ་རེད།

ཟླ6པའི་ཚེས8ཉིན་ནས9བར། མཚོ་ནུབ་ནུབ་རྒྱུད་དུ་སྤྲིན་མང་རྒྱུ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་ཆར་ཟིམ་ཟིམ་ནས་ཐོལ་ཆར། ཡང་ན་དེའི་ཡན་གྱི་ཆར་བ(ཧའོ་སྨི0.1~35)འབབ་རྒྱུ། དེ་ལས་ཡུལ་ཤུལ་གྱི་ཤར་རྒྱུད་དང་། མགོ་ལོག་གི་དབུས་ལྷོ་རྒྱུད་བཅས་ཀྱི་ས་ཁུལ་ཁ་ཤས་ལ་ཆར་བ་འབྲིང་ནས་ཟིམ་ཟིམ(ཧའོ་སྨི10~35)འབབ་རྒྱུ་རེད།
   ཟླ6པའི་ཚེས10ཉིན། མཚོ་ནུབ་ནུབ་རྒྱུད་དུ་སྤྲིན་མང་རྒྱུ། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་ཆར་ཟིམ་ཟིམ་ནས་འབྲིང་ཙམ། ཡང་ན་དེའི་ཡན་གྱི་ཆར་བ(ཧའོ་སྨི0.1~24)འབབ་རྒྱུ། དེ་ལས་ཡུལ་ཤུལ་གྱི་ཤར་ལྷོའི་རྒྱུད་དང་མགོ་ལོག་གི་ལྷོ་རྒྱུད་ལ་ཆར་བ་འབྲིང་ཙམ་འབབ་རྒྱུ་རེད།

  2026ལོའི་མཐོ་རྒྱུགས་སྐབས་སུ་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་ལ་གནམ་གཤིས་ངན་པའི་གནོད་འཚེ་ཅུང་ཆེ། སྔོན་དཔག་བྱས་ན། 2026ལོའི་མཐོ་རྒྱུགས་ཀྱི་སྐབས་སུ། རང་ཞིང་དུ་གློག་འཁྱུག་ཅིང་། སེར་བ་དང་དྲག་ཆར། ཆུ་ལོག་རྒྱུག་པ་སོགས་ཀྱི་གནམ་གཤིས་གནོད་འཚེ་འབྱུང་སྲིད། དྲག་ཆར་གྱི་གནོད་འཚེ་ཉེན་ཁ་རིམ་པ་འབྲིང་དང་དེའི་ཡན་ན་ཡོད་པའི་ས་ཁོངས་གཙོ་བོ་ཤར་ལྷོའི་ས་ཁུལ་ཡིན། དེ་ལས་ཉེན་ཁ་ཆེས་ཆེ་ས་དེ་ཡ་རྫི་དང་། རྨ་ལྷོ་སོག་རྫོང་། རྩེ་ཁོག འབའ་རྫོང་། གཅན་ཚ། རེབ་གོང་། བྲག་དཀར། མང་རྫོང་། ཡུལ་ཤུལ།ཁྲི་འདུ། དར་ལག དགའ་བདེ། རྨ་སྟོད། རྨ་ཆེན་སོགས་ས་ཁུལ་རེད། ཉེན་ཁའི་རིམ་པ་འབྲིང་གི་ཁོངས་སུ་ཧོང་ཀྲུང་དང་། ལུང་མདོ། དམར་གཙང་།གཞོང་ཐང་། བ་ཡན། ཁྲི་ཀ གསེར་ཆེན། རྐང་ཚ། རྒྱ་མདོ། འབྲི་སྟོད། གཏེར་ལེན་ཁ་སོགས་ཡོད། མཐོ་རྒྱུགས་ཀྱི་སྐབས་སུ་མཐོ་སྒང་གི་གཏད་རྒྱུག་དྲག་པོའི་གནམ་གཤིས་ཅུང་བྱུང་སྐྱེན་པས། ཞིང་ཆེན་ཡོངས་ཀྱི་ས་ཁུལ་མང་ཤོས་ལ་གློག་འཁྱུག་ཐོག་རྒྱག་གི་ཉེན་ཁ་ཅུང་ཆེ་བ་དང་། ཤར་རྒྱུད་ཀྱི་ཞིང་ལས་ཁུལ་དང་། མཚོ་སྔོན་ལྷོ་རྒྱུད་ས་ཁུལ་དུ་སེར་བ་འབབ་པའི་གནམ་གཤིས་འདུག
  
  མཐོ་རྒྱུགས་ལ་ཡིད་འཇོག་བྱ་དགོས་པའི་དོན་ཚན་ཁག

མཐོ་རྒྱུགས་སྐབས་སུ། རྒྱུགས་ཞུགས་སློབ་མ་དང་ཁྱིམ་བདག་རྣམས་ཀྱིས་ཆར་གདུགས་དང་ཆར་ལྭ། ཉི་འགོག་མཁོ་ཆས་སོགས་སྔ་མོ་ནས་གྲ་སྒྲིག་བྱེད་དགོས་པ་དང་། ཐོག་ཆར་འབབ་དུས་སྒོའི་ཕྱིར་གློག་རྡུལ་ཡོ་ཆས་བེད་སྤྱོད་མི་བྱེད་པ་སོགས་རྒྱུགས་ཞུགས་སློབ་མའི་འགྲོ་འོང་དང་རྒྱུགས་ལེན་གྱི་བདེ་འཇགས་ལ་འགན་སྲུང་ཏན་ཏིག་བྱེད་དགོས། གཞན་ཞིང་ཆེན་ཡོངས་ཀྱི་ནངས་དགོང་གི་དྲོད་གྲང་བར་ཁྱད་ཅུང་ཆེ་བས། རྒྱ་ཆེའི་རྒྱུགས་ཞུགས་སློབ་མ་རྣམས་ཀྱིས་དུས་ཐོག་ཏུ་མཐོ་རྒྱུགས་ཉིན་མོའི་སྔ་གཞུག་གི་གནམ་གཤིས་གནས་ཚུལ་ལ་དོ་སྣང་བྱ་རྒྱུ་གལ།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།