གཟིགས་དང་། འདི་ནི་དཔའ་ལུང་ཡིན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཁྱེད་ཀྱིས་དཔའ་ལུང་ཞེས་པའི་མིང་དེ་ཐོས་མྱོང་མེད་ནའང་།

ཁྱེད་ཀྱིས་འཐུང་བའི་ཐུག་པ་དཀར་ཡོལ་གང་དེ་གྲོང་ཁྱེར་འདིའི་ཐུན་མིན་གྱི་ཟས་མཆོག་ཡིན།

རྨ་ཀླུང་རིང་མོ་སྤྱི་ལེ168བརྒལ་ཏེ་རྨ་ཙོང་ཡུལ་དུ་བབས་ནས།

སྔོ་ལྗང་རི་ཀླུང་གི་བཀོད་པས་རི་ཆུའི་དཔའ་ལུང་གི་མཚན་བཟང་འདི་སྩལ།

ཐུག་པ་དཀར་ཡོལ་གང་ནས་མགོ་བརྩམས་ཏེ་ལས་གཏོད་པ་འབུམ་ཕྲག་ལྷག་གིས་དཔའ་ལུང་གི་སྣང་བརྙན་གནམ་འོག་ལ་བསྒྲགས།

གཟིགས་དང་། འདི་ནི་དཔའ་ལུང་ཡིན།

རྨ་ཆུའི་ངོགས་སུ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་རྒྱུགས་ལན་བཀོད་དེ།

མི་ཡུལ་དུ་དམངས་ཚིས་བདེ་སྐྱིད་ཀྱི་གསང་བ་ཉར་ཡོད་ཅིང་།

ཐོན་ལས་འཕེལ་རྒྱས་ཀྱིས་ས་གནས་འཕེལ་རྒྱས་ལ་སྒུལ་ཤུགས་སྩལ།

དྭངས་གཙང་གི་ཆུ་བོས་སྐྱེ་ཁམས་ཀྱི་སྣང་བརྙན་ཇེ་ལེགས་སུ་བཏང་།

རྨ་ཆུ་སྔོན་མོར་བཞུར་སྒྲ་མེད་པར་དཔའ་ལུང་བརྒྱུད་དེ་ལྷིང་འཇགས་ཀྱི་འབབ་ཀྱིན་འདུག

རྨ་ཆུའི་ངོགས་གཉིས་སུ་རྩི་ཤིང་རབ་ཏུ་རྒྱས་ཏེ། དུས་བྱའི་གནས་ཡུལ་ཏུ་གྱུར་འདུག

ལོ་རེའི་དགུན་ཁར། དཔའ་ལུང་གི་རྨ་ཆུ་བཞུར་ཁུལ་དེ“ངང་དཀར་མཚེའུ”རུ་འགྱུར་སྲིད།

ངང་དཀར་སུམ་བརྒྱ་ལྷག་གིས་དཀར་གཙང་གི་གཤོག་པ་བརྐྱངས་སྐུམ་བྱེད་བཞིན། སྔོ་ཞིང་དྭངས་པའི་གནས་མཆོག་དེ་རུ་བག་ཡངས་ཀྱིས་གཟན་ཆས་འཚོལ་བཞིན་འདུག

2016ལོའི་ངང་དཀར་བཅུ་ཕྲག་ནས་ད་ལྟའི་ངང་ཁྱུའི་གནས་མལ་གྱི་རྒྱབ་ན་རྨ་ཆུའི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་ཕྱིན་པ་མཚོན་ཐུབ།

“ཆུ་ཏུན་སྟོང་མི་ཁྲི་ལ”མཁོ་འདོན་བྱེད་པའི་འཐུང་ཆུའི་ཆུ་ཁོངས་འཛུགས་སྐྲུན་བྱས་ཏེ། ཆུ་ཡི་སྤུས་ཚད་རིམ་པⅡརུ་བརྟན་འཇགས་སུ་གནས་ཡོད།

ཆུ་ཐིགས་རེ་རེས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བརྟན་སྲུང་མངོན་པར་བྱས་ཏེ།

བཙོག་ཆུ་བགྲུང་བ་ནས་གཙང་བོ་དང་མཚེའུའི“གང་བྱུང་བཞི”གཙང་སེལ་བྱེད་པ་རྒྱུན་རྣམ་ཅན་དུ་བསྒྱུར།

དཔའ་ལུང་པས་གཙང་ངོགས་གོམ་པས་འཇལ་ཞིང་།

ས་ཆུའི་རིག་གནས་ལག་ཤེས་ལ་བརྟེན་ནས་སྲུང་སྐྱོབ་བྱས་པ་རེད།

རྨ་ཆུའི་བདེ་སྐྱོང་རྒྱུན་རྣམ་ཅན་དུ་བཏང་སྟེ།

སྐྱེ་ཁམས་ཀྱི་ཁེ་བཟང་གིས་ཁྱིམ་བཟང་ཁྲི་སྟོང་མང་པོར་ཕན་ཁེ་བསྐྲུན་པར་བྱས།

ཐུག་པ་དཀར་ཡོལ་གང་གིས་དམངས་ཕྱུགས་ཐོན་ལས་ལ་འདེགས་སྐྱོར་བྱས།

ཐུག་པ་དཀར་ཡོལ་གང་ནི་དཔའ་ལུང་པ་ཡི་ཕྱུག་འགྱུར་གྱི་གསང་བ་ཡིན།

“གཅིག་གཙང་གཉིས་དཀར་གསུམ་དམར་བཞི་ལྗང”ནི་ཐུག་པ་དཀར་ཡོལ་གང་འདིའི་ཐུན་མིན་གྱི་ལག་ཤེས་ཁོ་ན་ལགས།

སྐུད་ཐུག་སྐུད་པ་ལྟར་ཕྲ་ཞིང་། ལེབ་ཐུག་གཡང་ཊའི་སྐེད་བཅིངས་དང་འདྲ་བ་དེ་ནི།

རྨ་ཆུའི་ཆུ་ཡིས་བསྐོལ་བའི་ཐུག་པ་དཀར་ཡོལ་གང་དེའོ། །

དཔའ་ལུང་གིས་སྐྱེ་ཁམས་སྲུང་སྐྱོབ་ལ་ཤུགས་བསྣན་ཏེ། མང་ཚོགས་ཀྱིས་མཐོང་ཐུབ་པའི་བདེ་སྐྱིད་དུ་བསྒྱུར་ནས།

རྨ་ངོགས་སྡེ་བའི་སྐྱེ་ཁམས་ཀྱི་སྣང་བརྙན་ཇེ་མཐོར་ཕྱིན་ཡོད།

སྤྲོ་གསེང་གླིང་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལས་རིགས་གསར་པ་འཕེལ་རྒྱུས་སུ་ཕྱིན་པ་དང་བསྟུན།

སྡེ་མི་སྔར་ལས་མང་པོ་ཞིག་གིས་གསོ་སྤེལ་ལས་རིགས་དེ་ཡུལ་སྐོར་ཞབས་ཞུ་རུ་བསྒྱུར་ཏེ།

སྐྱེ་ཁམས་ཡུལ་སྐོར་དེ་ཡོང་འབབ་འཚོལ་བྱེད་ཀྱི་ལམ་བུ་གསར་པ་ཞིག་ཏུ་གྱུར་ཡོད།

མི་རིགས་ཀྱི་སྲོལ་རྒྱུན་མདའ་འཕེན་འགྲན་སྡུར་སྤེལ་ཏེ། ཁམ་བུའི་མེ་ཏོག་རིག་གནས་སྒྱུ་རྩལ་སོགས་མང་ཚོགས་རང་བཞིན་གྱི་བྱ་འགུལ་སྤེལ་ནས།

རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྒུལ་ཤུགས་སྩལ།

“དཔྱིད་ཀྱི་ཁམ་བུའི་མེ་ཏོག །དགུན་གྱི་ངང་ཆུང་དཀར་མོ”ཞེས་པའི་རིག་གནས་ཡུལ་སྐོར་ལ་ཀུན་གྱིས་དགའ་བསུ་ཐོབ་ཅིང་།

དམངས་ཚིས་འཛད་སྤྱོད་ལ་སྐུལ་འདེད་བཏང་།

གྲོང་ཁྱེར་དང་ཡུལ་ཚོའི་རྨང་གཞིའི་སྒྲིག་ཆས་མུ་མཐུད་དུ་ཇེ་ལེགས་དང་།

རྒན་གསོ་དང་སྨན་བཅོས་སོགས་ཀྱི་འགན་སྲུང་སྔར་ལས་འཐུས་ཚང་དུ་གྱུར།

རྨ་ཆུའི་ངོགས་སུ་ཐུག་པའི་དྲི་བསུང་ཕྱོགས་བཞིར་མཆེད་ཅིང་།

སྔོ་ལྗང་གི་རི་ཀླུང་བར་ནས་རིགས་སོ་སོའི་མང་ཚོགས་ཕན་ཚུན་མཛའ་ཞིང་མཐུན་པ་དང་།

ལག་གདང་གཅིག་ཏུ་སྦྲེལ་ཏེ་མདུན་སྐྱོད་བྱེད་བཞིན་མཆིས།

གཟིགས་དང་། འདི་ནི་དཔའ་ལུང་ཡིན།

རྨ་ཆུའི་བཞུར་རྒྱུན་ལ་ངལ་བ་མེད་པ་དེས། གནས་འདིའི་བརྟན་སྲུང་དང་ཧུར་བརྩོན་གྱི་མདུན་སྐྱོད་ལ་འཇགས་པ་མེད་པ་མཚོན།

སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ལས་དར་སྤེལ།

ཡུལ་སྐོར་མཉམ་འདྲེས་དང་དམངས་ཚིས་ལེགས་སྒྱུར་མཛད་དེ།

དཔའ་ལུང་གིས་དོན་དངོས་ལག་ཏུ་བསྟར་ནས་རྨ་ཆུའི་བཞུར་ཁོངས་ཀྱི་སྤུས་ལེགས་འཕེལ་རྒྱས་ལེའུ་བརྩམས་པ་རེད།

གཟིགས་དང་། འདི་ནི་དཔའ་ལུང་ཡིན།

རྨ་ཆུ་སྔོན་མོའི་བཅུད་ཀྱིས་གསོས་པའི་སྐྱེ་ཁམས་ཀྱི་གཞིས་ཁྱིམ་དྲོད་མོ།

ཐུག་པའི་དྲི་བསུང་ཕྱོགས་བཞིར་མཆེད་པའི་འབྱོར་ཕྱུག་གི་ཕ་ས་དྲོད་མོ།

ལང་ཚོའི་གསོན་ཤུགས་རབ་ཏུ་རྒྱས་པའི་བདེ་སྐྱིད་ཀྱི་གནས་མཆོག་བྱིན་ཅན།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།