མཚོ་སྔོན་ཞིང་ཆེན་གྱིས2026ལོའི་སྤྱིའི་ཆུ་དཔོན་དང་མཚོ་དཔོན་གྱི་བཀའ་རྒྱ་ཨང་དང་པོ་ཁྱབ་སྒྲོག་བྱས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ5པའི་ཚེས23ཉིན། མཚོ་སྔོན་གྱིས2026ལོའི་སྤྱིའི་ཆུ་དཔོན་དང་མཚོ་དཔོན་གྱི་བཀའ་རྒྱ་ཨང་དང་པོ་ཁྱབ་སྒྲོག་བྱས་ཏེ། ཞིང་ཆེན་ཡོངས་སུ་ཆུ་མཚོའི་མཛོད་ཀྱི་རྒྱང་ཚོར་དཔེ་རིས་ཞིབ་བཤེར་ལེགས་སྒྲིག་འགུལ་སྐྱོད་གཏིང་ཟབ་ངང་སྤེལ་བར་བཀོད་སྒྲིག་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ“ཀྲུང་ཧྭའི་ཆུ་མཛོད”ཀྱི་སྐྱེ་ཁམས་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱས། བདེ་འཇགས་གཙང་ཆུ་དང་ཚེ་སྲོག་གཙང་ཆུ། བདེ་སྐྱིད་གཙང་ཆུ་བཅས་བསྐྲུན་ནས། མཛེས་སྡུག་མཚོ་སྔོན་འཛུགས་སྐྲུན་ཐད་གོམ་སྟབས་བརྟན་པོ་སྤོ་བར་རོགས་ཤུགས་བཏོན།

སྤྱིའི་ཆུ་དཔོན་དང་མཚོ་དཔོན་བཀའ་རྒྱ་ལས། མཐུན་སྦྱོར་ནུས་མཐོའི་ལེགས་སྒྲིག་བྱ་བའི་མ་ལག་བསྐྲུན་པ་དང་། སྐབས་བརྗེས་རྗེས་ཀྱི་བྱ་བའི་སྦྲེལ་མཐུད་དང་འགན་འཁྲི་རྗེས་སྣོན་ལ་ཤུགས་སྣོན་པ། རིམ་པ་དབྱེ་ནས་གསར་དུ་འགན་འཁུར་བའི་ཆུ་དཔོན་དང་མཚོ་དཔོན་གྱི་འགན་སྒྲུབ་གསོ་སྦྱོང་སྤེལ་ཏེ། འགན་འཁྲིའི་མུ་ཕྲེང་གི་སྦྲེལ་མཐུད་དམ་ཟབ་ཡོང་བ་དང་འགན་སྒྲུབ་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱེད་དགོས། རིམ་པ་སོ་སོའི་ཆུ་དཔོན་མཚོ་དཔོན་དང་ཆུ་དཔོན་མཚོ་དཔོན་ལམ་ལུགས་གཞུང་སྒྲུབ་ཁང་གི་ལས་བགོས་མཉམ་ལས་དང་གཅིག་འདོམས་སྐུལ་འདེད་བྱས་ཏེ། ལེགས་སྒྲིག་ལས་འགན་སོ་སོ་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པར་ཁག་ཐེག་བྱེད་དགོས། སྡེ་ཁག་མཉམ་འགུལ་དང་མཉམ་འཛིན་སྤྱི་འདོམས་རྒྱུན་འཁྱོངས་དང་། ཆུ་བེད་དང་འགྲིམ་འགྲུལ་སྐྱེལ་འདྲེན། ཞིང་ལས་ཞིང་སྡེ། ནགས་རྩྭ། སྡོད་ཁང་འཛུགས་སྐྲུན། རིག་གནས་ཡུལ་སྐོར། ནུས་ཁུངས་སོགས་སྡེ་ཁག་གིས་མཐུན་སྦྱོར་ཤུགས་འདོན་བྱས་ཏེ། ཁུལ་ཁོངས་དབྱེ་ནས་ཆུ་མཚོའི་མཛོད་དོ་དམ་ཁྱབ་ཁོངས་ཀྱི་འབྲེལ་ཡོད་སྒྲིག་བཀོད་དཔེ་རིས་ཞིབ་བཤེར་ལེགས་སྒྲིག་ལ་སྐུལ་འདེད་གཏོང་དགོས། སྲིད་ཁྲིམས་ལས་ཁུངས་ཀྱིས་ཁྲིམས་བསྟར་མཉམ་ལས་ཟབ་སྤེལ་བྱེད་པ་དང་། ཆུ་མཚོ་དང་འབྲེལ་བའི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་ནས། ཆུ་མཚོའི་སྐྱེ་ཁམས་བདེ་འཇགས་དང་དོ་དམ་སྒྲིག་སྲོལ་ལ་དངོས་སུ་སྲུང་སྐྱོབ་བྱེད་དགོས་པ་གཏན་འཁེལ་བྱས།

ཆུ་རགས་བདེ་འཇགས་དང་སྐྱེ་ཁམས་བདེ་འཇགས་ཀྱི་དམིགས་འབེན་གཙོ་བོར་གཞིགས་ནས། ཞིང་ཆེན་ཡོངས་ཀྱིས་རིགས་དབྱེའི་ལེགས་སྒྲིག་དང་དུས་བཅད་གཙང་སེལ་ལག་བསྟར་བྱ་རྒྱུ་རེད། སྤྱིར་བཏང་རང་བཞིན་གྱི་གནད་དོན་མྱུར་དུ་ལག་བསྟར་དང་བཅོས་སྒྱུར་བྱེད་པ་དང་། གཙོ་གནད་དང་དཀའ་གནད་གསལ་ཐོ་དོ་དམ་དང་ཐག་གཅོད་སྐུལ་འདེད་བཏང་སྟེ། ཁུལ་ཁོངས་གཙོ་བོ་དང་ཁྱབ་ཁོངས་གཙོ་བོའི་གནད་དོན་ལ་གཅིག་བསྡུས་འགག་སྒྲོལ་བྱེད་དགོས། འགོ་ཁུངས་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་པ་དང་། རྨ་ཆུ་དང་ཙོང་ཆུ། འཇུ་ལག་ཆུ་བོ། རོང་བོ་དགུ་ཆུ། མཚོ་སྔོན་པོ་སོགས་འབབ་རྒྱུད་གཙོ་བོར་དམིགས་ནས། འགྲམ་རྒྱུད་སྲུང་སྐྱོབ་དང་དོ་དམ་ཚོད་འཛིན་ནན་མོ་བྱེད་པ། ཆུ་མཚོ་དང་འབྲེལ་བའི་ལས་གཞིའི་མཆན་འགོད་དོ་དམ་ཚད་ལྡན་དུ་བཟོ་བ། གསར་བྱུང་གནད་དོན“ཞིབ་བཤེར་དང་ངོས་འཛིན། ལེགས་བཅོས། ཆད་པ་གཅོད་པ”བཅས་རྒྱུན་འཁྱོངས་བྱས་ཏེ། གནད་དོན་གསར་བ་འབྱུང་བར་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། ཡུན་ཕན་བཅོས་སྐྱོང་རྐྱེན་སྲོལ་འཐུས་ཚང་བཟོ་བ་དང་། ཡུལ་བབ་དང་བསྟུན་ནས་ཆུ་མཚོའི་དོ་དམ་ཁྱབ་ཁོངས་བསྐྱར་བཤེར་བཟོ་བཅོས་བྱེད་པ། “ཆུ་བོ་གཅིག(མཚེའུ་དང་མཛོད)ལ་ཇུས་གཞི་གཅིག་འགུལ་རྣམ་གྱིས་འཐུས་ཚང་དུ་བཏང་ནས། ཆུ་མཚོའི་བདེ་འཇགས་དཔྱད་འཇོག་བསྟུད་མར་སྤེལ་དགོས། ཆུ་མཚོའི་མཛོད་གཞི་གཅིག་ཅན་གྱི་ཚད་ལེན་ཚོར་ཤེས་མ་ལག་མགྱོགས་མྱུར་ངང་བསྐྲུན་པ་དང་། གནད་དོན་སྔ་མོ་ནས་མཐོང་བ་དང་སྔ་མོ་ནས་བཀག་འགོག་བྱེད་པ། སྔ་མོ་ནས་ཐག་གཅོད་བྱེད་པ་བཅས་མངོན་འགྱུར་བྱེད་དགོས།

ཞིང་ཆེན་ཡོངས་ཀྱིས་རྒྱང་ཚོར་དཔེ་རིས་ལེགས་སྒྲིག་བྱེད་པ་དེ་དམིགས་འབེན་འགན་འཁྲིའི་རྒྱུགས་བཤེར་ཁྲོད་བཞག་ནས། ལས་བྱེད་པའི་ཕྱོགས་བསྡུས་དཔྱད་འཇོག་དང་། བྱ་དགའ་དང་ཆད་པ་གཅོད་པ། གོ་གནས་བསྐོ་འཇོག་བཅས་ཀྱི་གཞི་འཛིན་ས་གཙོ་བར་བྱས་ཏེ། བྱ་བ་ལེགས་པོར་མི་སྒྲུབ་པ་དང་གནད་དོན་འབུར་ཐོན་ཡིན་པར་འགན་འཁྲི་བདའ་འདེད་དང་འདྲི་རྩད་ནན་མོ་བྱ་རྒྱུ་རེད། དེ་དང་མཉམ་དུ། དམངས་ཡོངས་ཀྱི་ལྟ་སྐུལ་ཐབས་ལམ་རྒྱ་བསྐྱེད་པ་དང་། གཞི་རིམ་ཆུ་མཚོ་ལྟ་སྲུང་བ་དང་རྟ་ཐོག་གི་ཆུ་དཔོན་མཚོ་དཔོན། དམངས་ཁྲོད་སྐོར་སྲུང་རུ་ཁག་བཅས་ཀྱི་བྱེད་ནུས་འདོན་སྤེལ་བྱས་ཏེ། སྤྱི་ཚོགས་ཡོངས་སྤྱི་འདོམས་མཉམ་བཅོས་དང་མཉམ་སྐྲུན་མཉམ་སྤྱོད་ཀྱི་སྣང་ཚུལ་ལེགས་པོ་ཞིག་བསྐྲུན་པ་དང་། འགུལ་སྐྱོད་ནན་མོར་བརྟེན་ནས་ཆུ་མཚོའི་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པ་དང་། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་དགོས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།