ཟླ6པའི་ཚེས3ཉིན། ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ཚད་ལྡན་ཅན་གྱི་འཛུགས་སྐྱོང་གཏིང་ཟབ་ཏུ་སྤེལ་བ་དང་འགལ་བ་དང་རྩོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་པའི་སྐུལ་འདེད་ཚོགས་འདུ་ཟི་ལིང་དུ་བསྡུས།
ཚོགས་འདུ་ལས་ནན་གྱིས་བསྟན་དོན། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་དེ་འགལ་བ་དང་རྩོད་གཞི་བསྡུ་ལེན་དང་། ཁྲིམས་ལྟར་ཐག་གཅོད་པའི་རྨང་གཞིའི་སྟེགས་བུ་གལ་ཆེན་ཏུ་བརྩིས་ཏེ། ཏང་འཛུགས་སྣེ་ཁྲིད་རྒྱུན་འཁྱོངས་དང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ཚད་ལྡན་ཅན་གྱི་འཛུགས་སྐྱོང་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ། མགྱོགས་མྱུར་སྒོས་སྡེ་བ་དང་སྡེ་ཁུལ་དུ་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་སྤེལ་བ། ནང་ཁུལ་གྱི་དོ་དམ་ལ་ཤུགས་སྣོན་དང་བྱ་བའི་གོ་རིམ་འཐུས་ཚང་དུ་གཏོང་བ། ཚན་རྩལ་ནུས་སྩོལ་ཇེ་དྲག་ཏུ་གཏོང་བ། གཞི་གྲངས་སྦྲེལ་མཐུད་ལ་སྐུལ་འདེད་དང་རིག་ནུས་བེད་སྤྱོད་ཁྱབ་གདལ་དུ་གཏོང་བ་བཅས་བྱས་ཏེ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་སྤུས་འདེགས་ནུས་སྤེལ་ལ་སྐུལ་འདེད་གཏོང་དགོས། འགལ་བ་དང་རྩོད་གཞིར་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཁུལ་ཁོངས་ཡོངས་ཀྱི་ཞིབ་བཤེར་མ་ལག་འཛུགས་པ། རིགས་བགར་ཏེ་གནད་ལ་འཁེལ་བའི་སྒོ་ནས་ཞིབ་བཤེར་བྱེད་པ། འགུལ་རྣམ་ཞིབ་བཤེར་བྱ་བ་བཟང་བོར་བསྒྲུབ་པ་བཅས་བྱས་ནས་རིམ་དབྱེ་ཐག་གཅོད་དང་གནད་འཁེལ་ཉེན་སེལ། ཡུན་ཕན་སྲ་བརྟན་སོགས་ལ་སྐུལ་འདེད་གཏོང་བ་དང་། རྒྱུན་རྣམ་ཅན་གྱི་ཞིབ་གཅོད་རྐྱེན་སྲོལ་འཛུགས་པ་དང་གནད་འཁེལ་ཅན་གྱི་ཉེན་བརྡའི་ནུས་པ་ཇེ་ཆེར་གཏོང་བ། འགོ་ཁུངས་རང་བཞིན་གྱི་བཅོས་སྐྱོང་བྱེད་ཐབས་དམ་འཛིན་ནན་མོ་བྱེད་པ། འབྲེལ་ཡོད་ཚོགས་སྤྱིའི་ཞབས་ཞུའི་དོ་དམ་ལ་ཤུགས་སྣོན་བཅས་བྱས་ཏེ་འགལ་བའི་ཉེན་ཁ་སྣ་ཚོགས་ནུས་ལྡན་སྒོས་འགོག་སེལ་བྱེད་དགོས། འཕྲིན་བཅར་ཐད་ཀྱི་ཐག་བཅད་མེད་པའི་གྱོད་གཞི་ཐག་གཅོད་ལ་སྐུལ་འདེད་བཏང་ནས་བརྩེ་སེམས་ལྡན་ཞིང་ནུས་ཡོད་སྒོས་མང་ཚོགས་ཀྱིས་ཚུར་སྣང་བྱས་པའི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་དགོས། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་སྟོབས་ཤུགས་ཡོད་རྒུས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་བྱེད་དགོས།
ཚོགས་འདུའི་སྔོན་ལ། ཚོགས་ཞུགས་མི་སྣ་རྣམས་ཀྱིས་ཟི་ལིང་གྲོང་ཁྱེར་མཁར་དབུས་ཆུས་མི་དམངས་སྲང་ལམ་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་རོང་བོ་གྲོང་རྡལ་སོགས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་ཡུལ་དངོས་ལྟ་ཞིབ་བྱས།
ཚོགས་འདུའི་སྟེང་། ཞིང་ཆེན་སྤྱི་བདེ་ཐིང་དང་མཚོ་ཤར་གྲོང་ཁྱེར་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་། ཞང་དང་གྲོང་རྡལ་གསུམ་བཅས་ཀྱིས་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད།