ཉེ་ལམ། ཞིང་ཆེན་དམངས་ཆེན་མི་རིགས་ཕྱི་སྡོད་རང་མིའི་ལས་དོན་ཨུ་ཡོན་ལྷན་ཁང་གིས་རྟོག་ཞིབ་ཚན་ཆུང་བཙུགས་ཏེ་མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་དང་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་དུ་སོང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་ཆགས་པར་བྱེད་རྒྱུ་གཙོ་ཐིག་ཏུ་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྐུལ་སྤེལ་བཏང་བའི་གནས་ཚུལ་ཐད་ཆེད་དོན་རྟོག་ཞིབ་བྱས།
རྟོབ་ཞིབ་ཚན་ཆུང་སྔ་གཞུག་ཏུ་ཞུན་ཧྭ་རྫོང་བོད་ཡིག་སློབ་འབྲིང་དང་། དཔའ་ལུང་རྫོང་གི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་ཆགས་པར་བྱེད་པའི་སློབ་གསོའི་རྟེན་གཞི་དང་ཆོས་འཁོར་ཁུལ་གསར་མཁར་ནུབ་སྡེ་ཁུལ། དཔའ་ལུང་རྫོང་འཐེན་ཐུག་གློག་རྡུལ་ལྟེ་གནས་སོགས་སུ་སོང་ནས་ཡུལ་དངོས་ལྟ་ཞིབ་དང་མཚམས་སྦྱོར་ལ་ཉན་པ། བཞུགས་མོལ་བརྗེ་རེས་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་འབྲེལ་ཡོད་བྱ་བ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས།
རྟོག་ཞིབ་ཚན་ཆུང་གིས་ནན་གྱིས་བསྟན་དོན། མི་རིགས་མཐུན་སྒྲིལ་ནི་རིགས་སོ་སོའི་མི་དམངས་ཀྱི་ལས་དོན་གཙོ་བོ་ཞིག་ཡིན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་ཆགས་པར་བྱེད་རྒྱུ་གཙོ་ཐིག་ཏུ་བྱེད་པ་དང་མི་རིགས་མང་པོ་འདུས་སྡོད་ཀྱི་རྫོང་ཁོངས་ཁྱད་ཆོས་ལ་དམ་པོར་དམིགས་ཏེ་རྒྱུན་རྣམ་ཅན་གྱི་སྒོ་ནས་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་སྤེལ་བ། ཏང་གི་མི་རིགས་བྱ་བའི་བྱེད་ཐབས་སྲིད་ཇུས་སྣ་ཚོགས་ལག་བསྟར་དང་དོན་འཁྱོལ་ནན་མོ་བྱེད་པ། རིགས་སོ་སོའི་མང་ཚོགས་ཀྱི་ཁྲིམས་སྐྱོང་བྱང་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་ཁྲིམས་སྐྱོང་སྟོབས་ཤུགས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མཉམ་ཤུགས་ཆེན་པོ་གཅིག་བསྡུས་བྱེད་དགོས། ཁྲིམས་ལྟར་མི་རིགས་ལས་དོན་བཅོས་སྐྱོང་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། འགལ་བ་དང་རྩོད་གཞིའི་ཞིབ་བཤེར་ཐག་གཅོད་ལ་ཤུགས་སྣོན་པ། ཁྲིམས་ལྟར་རིགས་སོ་སོའི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བཅས་བྱས་ནས་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་དགོས། ལྟ་སྐུལ་དོ་དམ་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་ལས་འགན་གཙོ་བོར་དམིགས་ནས་རྗེས་འདེད་ལྟ་སྐུལ་དང་གནད་འཁེལ་འགན་སྒྲུབ་ལ་ཤུགས་སྣོན་པ། དམངས་ཆེན་འཐུས་མིའི་འབྲེལ་ཟམ་ལྟ་བུའི་བྱེད་ནུས་ལ་བརྟེན་ནས་བྱ་བའི་མཉམ་ཤུགས་གཅིག་བསྡུས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་བཏང་སྟེ་དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།