ཟླ6པའི་ཚེས2ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བླང་བྱ་དོན་འཁྱོལ་བྱས་ཏེ། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་འཐབ་ཇུས་དང་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཁྲོད་སིམ་འདྲེས་ཡོང་བར་བྱེད་པ། ས་གནས་སྲིད་གཞུང་གི་བུ་ལོན་ཉེན་ཁ་སེལ་བར་བྱེད་པ། སྲིད་དོན་ཞབས་ཞུ་ལེགས་སྒྱུར་བྱེད་པ། ཕྱོགས་བསྡུས་སྨན་བཅོས་བཅོས་སྒྱུར་སོགས་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་ཐད་ཀྱི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པ། ཐཱན་རྩེར་སོན་གྱི་ཆེད་དོན་འགུལ་སྐྱོད་ལ་སྐུལ་འདེད་ནན་མོ་གཏོང་བ། ལྗང་གློག་དགེ་མཚན་སྔར་ལས་འདོན་སྤེལ་གང་ལེགས་བྱེད་པ་དང་ལྗང་གློག་ཉོ་ཚོང་གཞི་རྒྱ་ཆེ་རུ་བསྐྱེད་པ། ལྗང་གློག་དང་ལྗང་གློག་དཔང་འཛིན་བཀོལ་སྤྱོད་བྱ་ཡུལ་རྒྱ་བསྐྱེད་པ། རྒྱལ་ཡོངས་ཐཱན་ཁྲོམ་རའི་ཁྲོད་སིམ་འདྲེས་ཡོང་བ་བཅས་བྱས་ནས་སྐྱེ་ཁམས་དགེ་མཚན་དེ་རྒྱུན་མཐུད་ངང་འཕེལ་རྒྱས་དགེ་མཚན་དུ་བསྒྱུར་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་དབང་ཁེ་ལས་བཅོས་སྒྱུར་འཕེལ་རྒྱས་དང་ཏང་གི་འཛུགས་སྐྱོང་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་ཀྱི་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་སྤེལ་བ། ཚོང་གཉེར་རང་བཞིན་གྱི་རྒྱལ་དབང་མ་རྩའི་གཅིག་བསྡུས་གཅིག་གྱུར་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་རྒྱུན་ཆད་མེད་པར་རྒྱལ་དབང་དཔལ་འབྱོར་སྒྲིག་གཞི་ལེགས་བསྒྱུར་བྱེད་པ། བདེ་འཇགས་ཐད་ཀྱི་ལྟ་སྐུལ་དོ་དམ་དང་ཉེན་ཁའི་འགོག་སྲུང་ལ་ཤུགས་སྣོན་པ་བཅས་བྱས་ནས་རྒྱལ་དབང་ཁེ་ལས་དང་རྒྱལ་དབང་མ་རྩ་སྟོབས་ཆེར་གཏོང་དགོས།
ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ལས་ནན་གྱིས་བསྟན་དོན། དུས་རབས་གསར་པའི་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་བླང་བྱར་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་བསམ་ཇུས་གཅིག་གི་བསམ་བཀོད་བརྟན་པོར་ཆགས་པར་བྱེད་པ། སྐྱེ་ཁམས་ཁོར་ཡུག་གི་ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་། ཐོན་ལས་ལེགས་སྒྱུར་དང་ཚུལ་སྒྱུར་རིམ་སྤོར་སོགས་ལས་འགན་གཙོ་བོ་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ནུབ་རྒྱུད་གསར་སྤེལ་ཆེན་མོར་ཞབས་འདེགས་ཞུ་བ་དང་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ། སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲོད་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྔར་ལས་སྐུལ་འདེད་ནན་མོ་གཏོང་དགོས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་གནས་བཞི། ལྗང་མདོག་རྩིས་ནུས་སོགས་ཁྱབ་ཁོངས་གཙོ་བོར་དམིགས་ནས་རིམ་པ་མང་པོའི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོན་པོས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་མཚོ་སྔོན་གྱི་གཏམ་རྒྱུད་བཟང་བོར་བཤད་དེ་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་བརྟེན་ནས་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་དང་འགྲན་རྩོད་ཀྱི་དགེ་མཚན་གསར་པ་བསྐྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་བར་སྟོང་བཏོད་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱེད་པ་དང་། ལས་གཞིའི་དཔྱད་ཞིབ་འགག་སྒོ་ནན་མོར་སྲུང་བ། རིགས་བགར་ཏེ་ལས་གཞི་གཙོ་བོའི་གསོག་འཇོག་མཛོད་འཛུགས་པ་དང་འགུལ་རྣམ་དོ་དམ་བྱེད་པ། ཞིང་ཆེན་ནང་ཁུལ་གྱི་དངུལ་རྩའི་དོ་དམ་སྲིད་ཇུས་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་ལས་གཞི་ལག་བསྟར་ལ་འགན་སྲུང་བྱས་ཏེ་བློ་བརྟན་འགྱུར་མེད་སྒོས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་ར་བརྟན་པོར་འཛུགས་དགོས། མཉམ་འཛིན་སྤྱི་འདོམས་དང་ལྟ་སྐུལ་འགན་འཁྲི། ཡུན་སྐྱོང་ཡུན་ཕན་བཅས་ཀྱི་བྱ་བའི་རྐྱེན་སྲོལ་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་པ་དང་། གོ་རིམ་ལྡན་པའི་སྒོ་ནས་ས་གནས་ཀྱི་བུ་ལོན་ཉེན་ཁ་སེལ་ཏེ་བློ་བརྟན་འགྱུར་མེད་སྒོས་མངོན་མེད་རང་བཞིན་གྱི་བུ་ལོན་གསར་པ་མེད་པར་བྱེད་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱིའི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་པར་དམིགས་ནས་སྲིད་ཇུས་ཀྱི་འདོན་སྤྲོད་སྔར་ལས་ལེགས་སྒྱུར་དང་བྱ་བའི་གོ་རིམ་སྟབས་བདེར་གཏོང་བ། ཞིང་ཆེན་ཡོངས་ཀྱི་ས་ཞིང་བེད་སྤྱོད་ཐད་ཀྱི་མཆན་འགོད་ཕན་འབྲས་དང་སྤྱི་པའི་ཐོན་ཁུངས་ཉོ་ཚོང་སྟེགས་བུའི་ཞབས་ཞུའི་ཕན་ནུས་ཆུ་ཚད་རྒྱུན་མཐུད་ངང་ཇེ་ཆེར་བཏང་སྟེ་ཧུར་ཐག་གིས་མི་དམངས་ཡིད་ཚིམ་པའི་ཞབས་ཞུ་རྣམ་པའི་སྲིད་གཞུང་འཛུགས་སྐྱོང་བྱེད་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྨན་བཅོས་དང་སྨན་བཅོས་འགན་སྲུང་། སྨན་རྫས་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་དང་བཅོས་སྐྱོང་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ་དང་། སྤུས་ལེགས་ཆོད་ཆེའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་པ། རིམ་བགར་གསོ་བཅོས་མ་ལག་འཛུགས་སྐྲུན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བ་བཅས་བྱས་ནས་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ལས《མཚོ་སྔོན་ཞིང་ཆེན་གྱི་ཁྱད་ལྡན་ཁུལ་ཁོངས་ཀྱི་ལྗོངས་རྣམ་གསོ་སྐྱོང་དང་སྒོ་འབྱེད་ཁྲིད་སྟོན》ཞེས་པར་གྲོས་ཞིབ་བྱས་ཏེ་གཞི་རྩའི་སྟེང་གྲོས་འཆམ་བྱུང་། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ལྗོངས་རྣམ་གསར་གཏོད་སྐྱེ་ཁམས་མགྱོགས་མྱུར་སྒོས་བསྐྲུན་པ་དང་། ལྗོངས་རྣམ་ཐོན་ཁུངས་སྒོ་འབྱེད་དང་འདྲ་མཉམ་ཆོད་ཆེའི་བཀོད་སྒྲིག་ལ་སྐུལ་སྤེལ་བཏང་སྟེ་ལྗོངས་རྣམ་བཀོལ་སྤྱོད་ལ་བརྟེན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ལ་ནུས་ཤུགས་བསྩོལ་དགོས།
གྲོས་ཚོགས་ད་རུང་དོན་དག་གཞན་དག་ལའང་ཞིབ་འཇུག་བྱས།