གཅན་ཚ་རྫོང་གིས“དག་གཙང་རྨ་ཆུ། འཇོན་མིའི་སྐྱེ་ཁམས་ཞིབ་འཇུག་སློབ་སྦྱོང་འགུལ་སྐྱོད”ཅེས་པའི་བྱེད་སྒོ་སྤེལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཉེ་ལམ།   རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གིས་ཚོགས་སྒྲིག་རྣམ་པས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་འཇོན་མིའི་རུ་ཁག་རྩ་འཛུགས་བྱས་ཏེ་ཧི་ནན་སོག་རིགས་རང་སྐྱོང་རྫོང་དང་ཐུན་རིན་གྲོང་ཁྱེར་དུ་སོང་ནས་དག་གཙང་གི་རྨ་ཆུ།   འཇོན་མིའི་སྐྱེ་ཁམས་ཞིབ་འཇུག་སློབ་སྦྱོང་འགུལ་སྐྱོད་ཅེས་པའི་ཆེད་དོན་ཞིབ་འཇུག་སློབ་སྦྱོང་ཐད་ཀྱི་བརྗེ་རེས་བྱེད་སྒོ་སྤེལ།

ཞིབ་འཇུག་སློབ་སྦྱོང་རུ་ཁག་སྔ་གཞུག་ཏུ་ཧི་ནན་རྫོང་ཉིན་མཐའ་རྨ་ཆུའི་གྲོག་རོང་ཆེན་མོ་དང་མཚོ་སྔོན་ཀླུ་ཆུའི་འགོ་ཁུངས་རྒྱལ་ཁབ་བརླན་སའི་སྤྱི་གླིང་དུ་སོང་སྟེ་དག་གཙང་རྨ་ཆུའི་སྐྱེ་ཁམས་ཀྱི་མཛེས་པར་མྱོང་རོལ་བྱས་པ་དང་།     རེབ་གོང་ཀླུ་སྒྲུབ་སྒྱུ་རྩལ་གླིང་སོགས་སུ་སོང་ནས་རེབ་གོང་ཐང་ཀའི་གཟུགས་འདས་ཤུལ་བཞག་རིག་གནས་སྒྱུ་རྩལ་ལ་ལྟ་ཞིབ་དང་སློབ་སྦྱོང་བྱས་ཤིང་།   མི་རིགས་རིག་གནས་རྒྱུན་འཛིན་དང་སྐྱེ་ཁམས་སྲུང་སྐྱོབ་འདུ་ཤེས་མཉམ་འདྲེས་ཟབ་མོ་ཡོང་བར་བྱས་པའི་ཐུན་མོང་མ་ཡིན་པའི་འགུག་ཤུགས་ཉམས་སུ་མྱངས།   ཉིན་མཐའ་གྲོང་རྡལ་ཆ་ཚང་སློབ་ཆུང་གཉིས་པ་རུ་གཅན་ཚ་རྫོང་གི་སློབ་གསོའི་རྐང་འཛིན་པ་དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་འཇོན་མི་རྣམས་ཀྱིས་ཧི་ནན་རྫོང་གི་སློབ་གསོའི་ལས་སྒྲུབ་པ་རྣམས་དང་མཉམ་དུ་སློབ་གསོ་དོ་དམ་གསར་གཏོད་དང་ཁྱད་ལྡན་སློབ་ཁྲིད་འཛུགས་སྐྱོང་།   གྲོང་གསེབ་སློབ་གསོའི་སྤུས་ཚད་མཐོར་འདེགས། དགེ་རྒན་དཔུང་སྡེ་གསོ་སྐྱོང་།   སློབ་གསོ་རོགས་སྐྱོར་མཐུན་སྦྱོར་སོགས་ནང་དོན་གཙོ་བོར་དམིགས་ནས་བཞུགས་མོལ་བརྗེ་རེས་བྱས་པ་དང་།   ཕན་ཚུན་བར་ཉམས་མྱོང་དང་བྱེད་ཐབས་མཉམ་སྤྱོད་བྱས་པར་མ་ཟད།   འཕེལ་རྒྱས་ཀྱི་ཐབས་ལམ་ཐད་ནས་བགྲོ་གླེང་བྱས་ཏེ།    ཁུལ་ཁོངས་བརྒལ་བའི་སློབ་གསོ་རོགས་སྐྱོར་དང་འཇོན་མི་མཉམ་སྐྱོང་།  ཐོན་ཁུངས་མཉམ་སྤྱོད་བཅས་ཀྱི་ཡུན་ཕན་མཐུན་སྦྱོར་འབྲེལ་ཟམ་བཙུགས།

ཐེངས་འདིའི་ཞིབ་འཇུག་སློབ་སྦྱོང་བྱེད་སྒོས་སྐྱེ་ཁམས་དང་སློབ་གསོ།  རིག་གནས་བཅས་མཉམ་བསྲེས་བྱེད་རྒྱུ་གཙོ་ཐིག་ཏུ་བྱས་ཏེ་ཚོགས་སྒྲིག་རྣམ་པས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་འཇོན་མིའི་བརྗེ་རེས་ནུས་སྩོལ་དང་སྐྱེ་ཁམས་ལག་ལེན་རྟོག་ཞིབ།    མི་རིགས་རིག་གནས་བཅས་མཉམ་འདྲེས་ཟབ་མོ་ཡོང་བར་བྱེད་རྒྱུ་ཡིན་པ་དང་།  དེ་ནི་མཐོང་རྒྱ་ཆེ་རུ་བསྐྱེད་པ་དང་ནུས་སྩོལ་ནུས་འདེགས་ཀྱི་སློབ་སྦྱོང་ཐེངས་ཤིག་ཡིན་པར་མ་ཟད།   མཐུན་སྦྱོར་ཐད་ཀྱི་ཐུན་མོང་གི་འདུ་ཤེས་གཅིག་བསྡུས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱེད་པའི་དངོས་གཉེར་གྱི་བྱེད་ཐབས་ཤིག་དེ་ལས་ཀྱང་ཡིན།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།