ཞིང་ཆེན་ཡོངས་ཀྱི་ན་ཆུང་བྱིས་པ་རྣམས་ལ་སྤྲིངས་པའི་ཤིས་འཕྲིན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཛའ་ཞིང་བརྩེ་བའི་གྲོགས་པོ་ཆུང་ཆུང་ཚོ། 

དེ་རིང་ནི“དྲུག་གཅིག”རྒྱལ་སྤྱིའི་ན་ཆུང་བྱིས་པའི་དུས་ཆེན་རེད། ང་ཚོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ། ཚང་མར་དུས་ཆེན་སྤྲོ་སྐྱིད་ཡོང་བའི་སྨོན་འདུན་ཞུ།

ན་ཆུང་བྱིས་པའི་དུས་ཆེན་ནི་མེས་རྒྱལ་གྱི་མ་འོངས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རེ་བ་ཡིན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་དང་རྣམ་པ་ཀུན་ཏུ་ན་ཆུང་བྱིས་པ་རྣམས་ཐུགས་ལ་བཟུང་སྟེ།  ཁྱེད་ཅག་ཏང་ལ་དགའ་ཞེན་དང་རྒྱལ་ཁབ་ལ་དགའ་ཞེན་ཆེ་བ།  བརྩོན་འགྲུས་ལྡན་པ་བཅས་ཕྱོགས་ཡོངས་ནས་དུས་རབས་གསར་པའི་ལོ་ཆུང་བཟང་པོ་ཞིག་བྱེད་པ་དང་། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྱོང་དང་། མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་ཕྲག་ཏུ་ཁུར་ཕོད་པའི་གདོང་འདེགས་ཀྱི་ཀ་བ་ལྟ་བུ་ཞིག་ཏུ་འགྱུར་བར་རེ་བ་ཟབ་མོ་བཅངས་ཡོད།  ཁོང་གི་གསུང་ཚིག་རེ་རེ་ནི་རི་རབ་བཞིན་བརྗིད་པས།  རྒྱལ་ཡོངས་ན་ཆུང་བྱིས་པ་རྣམས་དུས་རབས་གསར་པའི་ཁ་ཕྱོགས་དང་ལམ་ཕྱོགས་འདི་ནས་མདུན་དུ་བསྐྱོད་པར་ཕྱོགས་སྟོན་མཛད་ཅིང་། འོད་སྟོང་འཕྲོ་བའི་མདུན་ལྗོངས་རི་མོར་ཕབ།

རི་ཆུའི་མགོ་ཁུངས་ཀྱིས་ཧྭ་ཞའི་ས་གཞི་བརླན། རབ་མཛེས་མཚོ་སྔོན་གྱིས་ལེའུ་གསར་པ་རྩོམ།  ན་ཆུང་བྱིས་པ་ནི་མཐོ་སྒང་གི་ས་གཞི་དྲོན་མོའི་སྟེང་གི་མ་འོངས་བ་ཡིན་པས།  ཁྱེད་ཅག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཟབ་མོ་ཡིད་ལ་བཅངས་ཏེ།  མི་ཚེ་ཡི་སྒྲོག་གུ་ཐོག་མ་དེ་དྲང་མོར་བརྒྱབ་ནས་ཆུང་དུས་ནས་མཛེས་པའི་ཕ་ཡུལ་འཛུགས་སྐྲུན་དང་། རླབས་ཆེན་མེས་རྒྱལ་ལ་དྲིན་ལན་འཇལ་བའི་འདུན་པ་རྒྱ་ཆེན་པོ་སེམས་ལ་འཇགས་རྒྱུ་དང་།  དྲིན་ཤེས་ཡར་བརྩོན་དང་། བདེ་ཐང་འཚར་ལོངས།  སློབ་སྦྱོང་ལ་འབད་འབུངས།  ཉིན་རེར་ཡར་ཐོན་གྱི་སྒོ་ནས་འཚར་ལོངས་འབྱུང་བ་དང་། སྔ་མོ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་མཁན་ཚད་ལྡན་ཅན་དང་བློས་ཐུབ་ཀྱི་རྒྱུན་འཛིན་པ་ཞིག་ཏུ་གྱུར་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་དུ་འགྱུར་བའི་ཀྲུང་གོའི་ཕུགས་འདུན་ལ་དུས་དང་རྣམ་པ་ཀུན་ཏུ་གྲ་སྒྲིག་བྱེད་རྒྱུ་རེ་བ་ཡོད།

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གཉིས་ཀྱིས་སྔར་བཞིན་དུ་ན་ཆུང་བྱིས་པའི་ལས་དོན་ལ་ཐུགས་ཁུར་དང་མཐོང་ཆེན་གནང་རྒྱུ་དང་། རྒྱ་ཆེའི་དགེ་རྒན་རྣམས་དང་ན་ཆུང་བྱིས་པའི་ལས་དོན་པ་དང་། སྤྱི་ཚོགས་ཡོངས་ཀྱིས་མཉམ་གཅིག་ཏུ་ན་ཆུང་བྱིས་པའི་འཚར་ལོངས་དང་ཡར་རྒྱས་ལ་སྲུང་སྐྱོབ་ཡག་པོ་བྱས་ཏེ།   བརྩེ་བ་དང་སེམས་ཤུགས་ལ་ཡོ་གཟར་མེད་པའི་ལམ་སྟོན་པ་དང་། སྲུང་སྐྱོང་བ།  ཕུགས་འདུན་སྐྱོང་མཁན་ཞིག་བྱས་ནས་བྱིས་པ་རེ་རེ་ཉི་དྲོད་ཀློང་ནས་འཚར་ལོངས་བྱུང་དུ་འཇུག་དགོས།

མཐར་ཞིང་ཆེན་ཡོངས་ཀྱི་ན་ཆུང་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་། དགེ་རྒན་རྣམ་པ་དང་རྒྱ་ཆེའི་ན་ཆུང་བྱིས་པའི་ལས་དོན་པ། ཁྱིམ་བདག་སོ་སོ་བཅས་ལ་ཅི་བསམ་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ།

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཝུའུ་ཞའོ་ཅུན།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་། ལའོ་ཏུང་ཁྲུན།

2026ལོའི་ཟླ6ཚེས1ཉིན། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།