《ཞི་ཅིན་ཕིང་གི་ཁྲིམས་སྐྱོང་རྩོམ་བཏུས》ཀྱི་པོད་དང་པོའི་དབྱིན་ཡིག་པར་གཞི་དཔེ་སྐྲུན་འགྲེམ་སྤེལ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚང་ཞིབ་འཇུག་ཁང་གིས་ཡིག་སྒྱུར་བྱས་པའི་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་རྩོམ་བཏུས་པོད་དང་པོའི་དབྱིན་ཡིག་པར་གཞི་དེ། ཉེ་ཆར་ཀྲུང་དབྱང་རྩོམ་སྒྱུར་པར་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་འགྲེམ་སྤེལ་བྱས།

ཞི་ཅིན་ཕིང་གི་ཁྲིམས་སྐྱོང་རྩོམ་བཏུས་པོད་དང་པོ་ནི་ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚང་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པ་དང་། 2012ལོའི་ཟླ12པ་ནས2025ལོའི་ཟླ2པའི་བར་གྱི་བློ་མཐུན་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་འཛུགས་སྐྲུན་སྐོར་གལ་ཆེ་ཤོས་དང་ཆེས་གཞི་རྩར་གྱུར་བའི་གསུང་རྩོམ་བསྡུས་ནས། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་། ལྷག་པར་དུ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པར་དབང་གྲགས་ལྡན་པའི་བསླབ་གཞི་འདོན་སྤྲོད་བྱས།

རྩོམ་བཏུས་འདིའི་དབྱིན་ཡིག་པར་གཞི་དཔེ་སྐྲུན་འགྲེམ་སྤེལ་བྱས་པར་བརྟེན། ཕྱི་རྒྱལ་གྱི་ཀློག་པ་པོས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་ཕུན་སུམ་ཚོགས་པའི་ནང་དོན་ལ་ཤེས་རྟོགས་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་ཐད་བྱུང་བའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་། ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཤེས་རྟོགས་བྱེད་པ། ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ལག་ལེན་གྱིས་འཛམ་གླིང་གི་ཁྲིམས་སྐྱོང་དཔལ་ཡོན་འཛུགས་སྐྲུན་ཐད་བཞག་པའི་བྱས་རྗེས་གལ་ཆེན་ཤེས་རྟོགས་འབྱུང་བར་ཕན་ཐོགས་ཡོད་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱལ་སྤྱིའི་ཁྲིམས་སྐྱོང་དགོངས་དོན་ལག་ལེན་བྱེད་པ་དང་། རྒྱལ་སྤྱིའི་ཁྲིམས་སྐྱོང་མཉམ་ལས་སྤེལ་བ། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་འཛུགས་བཅས་ཀྱི་ཐུན་མོང་ངོས་འཛིན་ཇེ་དྲག་ཏུ་གཏོང་རྒྱུ་དང་། འཛམ་གླིང་བཅོས་སྐྱོང་བྱ་གཞག་སྔར་ལས་དྲང་གཞག་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།