སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དམངས་གཉེར་དཔལ་འབྱོར་དེ་རང་རྒྱལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མེད་དུ་མི་རུང་བའི་སྟོབས་ཤུགས་ཤིག་ཏུ་གྱུར་ཡོད། ད་ལོ་ནས་བཟུང་ཀྲུང་དབྱང་ནས་ས་གནས་བར། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་གཅིག་སྡུད་དོན་འཁྱོལ་དང་གནད་འཁེལ་ཤུགས་འདོན་བྱས་པས། དམངས་གཉེར་ཁེ་ལས་ཀྱི་གསར་གཏོད་སྒུལ་ནུས་མུ་མཐུད་གཅིག་ཏུ་འདུས་ཡོད། རྣམ་སྒྱུར་རིམ་སྤོར་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་བགྲོད་ལམ་སྟེང་གོམ་སྟབས་བརྟན་པོས་མདུན་སྐྱོད་བྱས།
གོ་ལ་ཧྲིལ་པོའི་འོད་འཕྲིན་ཐོན་ལས་རྟེན་གཞི་ཆེ་ཤོས་ཝུའུ་ཧན་ཀོང་ཀུའུ་རུ་ཉེ་ཆར་གསར་གཏོད་ཀྱི་གྲུབ་འབྲས་གཅིག་སྡུད་བྱུང་བ་རེད།
ཤེལ་སྒོའི་རྒྱུ་ཆའི་གསོག་འཇོག་མཁྲེགས་སྡེར་གསར་པ་ཐོན་འགོ་ཚུགས་ཤིང་། རྒྱ་ཆེའི་གཞི་གྲངས་དེ་ལོ་ངོ་འབུམ་ལྷག་ལ་ཉར་ཚགས་བྱས་ཆོག འཛམ་གླིང་ཡོངས་ཀྱི་ཉིང་རྡུལ་གཉིས་ལྡན་གྱི་རྡུལ་ཕྲན་ཚད་རྡུལ་བར་མའི་ནུས་པའི་རྩིས་འཁོར་ཁྱབ་བསྒྲགས་བྱས་པ་དང་། ཉིང་རྡུལ་གཉིས་ལྡན་གྱི་ཚད་རྡུལ་རྩིས་རྒྱག་ལས་ཆོད་ཆེས་ཆེར་འཕར་བ་རེད། ལག་རྩལ་གལ་ཆེན་དེ་དག་གི་རྒྱབ་ཏུ་དམངས་གཉེར་ཁེ་ལས་ཟབ་ཞུགས་མཁན་གཙོ་བོ་ཡིན།
ད་ལྟའི་ཀྲུང་གོའི་དམངས་གཉེར་དཔལ་འབྱོར་བྱེད་པོའི་གྲངས་འབོར་དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་ས་ཡ་ལྔ་ལ་སླེབས་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ངལ་རྩོལ་ལས་ཞུགས་ལ་བྱས་རྗེས་བཞག་ཚད་80%ཡན་རྒྱུན་མཐུད་བརྟན་པོ་བྱུང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྟོབས་གསར་དམག་དཔུང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྨང་གཞི་གལ་ཆེན་ཞིག་རེད།
དུས་རབས་གསར་པར་སླེབས་པ་ན། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ཆེན་པོ་བྱུང་བས། ཕྱི་ཕྱོགས་ཁྲོམ་ར་སྔར་བས་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བ་དང་། དམངས་གཉེར་ཁེ་ལས་ལ་རྣམ་སྒྱུར་རིམ་སྤོར་སོགས་ཀྱི་འགྲན་སློང་མང་པོ་ཡོད།
དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་སྤེལ་ཇི་ལྟར་གཏོང་བ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་སུ་བཟུང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ཏང་ཀྲུང་དབྱང་གིས་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་ལ་འཚོགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། “གཡོ་འགུལ་སྤུ་ཙམ་མེད་པ་གཉིས་”རྒྱུན་འཁྱོངས་བྱས་ནས། དམངས་གཉེར་དཔལ་འབྱོར་སྟོབས་ལྡན་དུ་གཏོང་བ་དང་ཉམས་ཞན་དུ་གཏོང་མི་རུང་། རྒྱ་ཆེའི་དམངས་གཉེར་ཁེ་ལས་ལ“སེམས་བདེ་རིལ་བུ”སྟེར་དགོས་ཞེས་ནན་གྱིས་བསྟན་ཞིང་། དམངས་གཉེར་ཁེ་ལས་ཀྱི་བསམ་འཆར་ཅུང་གཅིག་སྡུད་ཡིན་པའི་གནད་དོན་ཁ་ཤས་ལ་དམིགས་ཏེ། ཁོང་གིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་ཏན་ཏིག་བྱ་རྒྱུ་ནི་དེང་སྐབས་ཀྱི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སྐུལ་སྤེལ་གྱི་བྱ་བ་གཙོ་བོ་ཡིན་པས། ཁྲིམས་ལྟར་འདྲ་མཉམ་ངང་ཐོན་སྐྱེད་ཀྱི་བདག་རྐྱེན་བེད་སྤྱོད་བྱེད་པ་དང་། དྲང་གཞག་ངང་ཁྲོམ་རའི་འགྲན་རྩོད་ནང་ཞུགས་པའི་འགོག་རྐྱེན་སྣ་ཚོགས་མཐའ་གཅིག་ཏུ་སེལ་དགོས་ལ། རྨང་གཞིའི་སྒྲིག་བཀོད་ཀྱི་འགྲན་རྩོད་རང་བཞིན་ཁྱབ་ཁོངས་དེ་གཉེར་སྐྱོང་བྱེད་པོ་སོ་སོར་དྲང་སྙོམས་ངང་སྒོ་འབྱེད་པར་མུ་མཐུད་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན་པ་དང་། བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་ནས་དམངས་གཉེར་དཔལ་འབྱོར་སྔར་ལས་རྒྱ་ཆེ་བའི་ལས་སྟེགས་སུ་བསྐྱོད་པར་སྐུལ་འདེད་བཏང་།
ཁྲིམས་ཀྱིས་སྲུང་སྐྱོང་དང་སྲིད་ཇུས་ཀྱིས་ཤུགས་སྣོན་པ།
《དམངས་གཉེར་དཔལ་འབྱོར་སྐུལ་སྤེལ་བཅའ་ཁྲིམས》ལག་བསྟར་བྱས་པ་དང་བསྟུན་ཆ་ཚང་ལམ་ལུགས་དང་བྱེད་ཐབས180ལྷག་གཅིག་རྗེས་གཉིས་མཐུད་ངང་བཏོན་ནས། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལམ་ལུགས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་ཡོད།
ཁྲོམ་རའི་དྲང་གཞག་འགྲན་རྩོད་ཀྱི་འགོག་རྐྱེན་དང་འགག་གནད་ལ་དམིགས་ཏེ། རང་རྒྱལ་གྱིས་དྲང་གཞག་འགྲན་རྩོད་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ཞིང་། སུས་འཇོན་དེ་འགུག་གི་ལྟ་སྐུལ་དོ་དམ་སྒྲིག་སྲོལ་དང་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། 2025ལོར། དམངས་གཉེར་ཁེ་ལས་ཀྱི་འོས་ཐོན་རྣམ་གྲངས་ཀྱི་གྲངས་འབོར་མུ་མཐུད་དུ་འཕར་ནས76%ཟིན་ཡོད།
ཁེ་ལས་ལ་འགལ་རྐྱེན་བཟོས་པའི་ཡུལ་གཞན་དུ་ཁྲིམས་བསྟར་བྱེད་པ་དང་ཁེ་ཕན་རང་བཞིན་གྱི་ཁྲིམས་བསྟར་ཟིང་ཆའི་གནས་ཚུལ་ལ་དམིགས་ཏེ། རྒྱལ་ཁབ་ཀྱིས“ཨང་བཤེར་བྱས་ནས་ཁེ་ལས་སུ་ཞུགས་པ”ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ་དང་། ཁེ་ལས་དང་འབྲེལ་བའི་སྲིད་འཛིན་ཁྲིམས་བསྟར་ཚད་ལྡན་བཟོས། ད་ལོའི་ཟླ3པའི་བར་ཁེ་ལས་དང་འབྲེལ་བའི་སྲིད་འཛིན་ཁྲིམས་འཛིན་གྱི་འབུར་ཐོན་གནད་དོན་ཞིབ་བཤེར་དང་ཡོ་བསྲང་བྱས་པའི་གྱོད་གཞིའི་ཁུངས་སྣེ་དྲུག་ཁྲི་དྲུག་སྟོང་ལྷག་ཡོད་པ་རེད།
དངུལ་བསྲེས་དཀའ་བ་དང་རིན་གོང་མཐོ་བའི་གནད་དོན་ཐག་གཅོད་བྱེད་པར། མ་དངུལ་སྒོར་ཁྲག་ཆེན་གྱི་གཞི་ཁྱོན་ལྡན་པའི་རྒྱལ་ཁབ་ལས་གཏོད་དངུལ་འཇོག་ཁྲིད་སྟོན་ཐེབས་རྩ་འགོ་བརྩམས་ནས་དམངས་གཉེར་ཁེ་ལས་ཀྱི་ཚན་ཞིབ་འགག་སྒྲོལ་ལ་མུ་མཐུད་དུ་དངུལ་རྩའི་གསོན་ཤུགས་བསྣན། དམངས་གཉེར་ཁེ་ལས་ཀྱི་དངུལ་བུན་བསྐྱར་མ་སྒོར་ཁྲག་ཆེན་གཅིག་བཀོད་སྒྲིག་བྱས་ནས། དམངས་གཉེར་གྱི་ཁེ་ལས་ཆུང་འབྲིང་ཐ་ཆུང་གསུམ་ལ་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ཡོད།
གོང་ནས་ཞོལ་བར་གྱི་དངོས་སྒྲུབ་བྱེད་ཐབས་རབ་དང་རིམ་པ་གནད་འཁེལ་དོན་འཁྱོལ་བྱས་ནས། དམངས་གཉེར་ཁེ་ལས་ཀྱི་མ་དངུལ་བསྲེས་དཀའ་བ་དང་། བྱ་བ་སྒྲུབ་དཀའ་བ། རྣམ་སྒྱུར་དཀའ་བ་སོགས་ཀྱི་དངོས་ཡོད་དཀའ་གནད་ཐག་གཅོད་ཏན་ཏིག་བྱས་ནས། བརྟན་བརླིང་དང་། དྲང་གཞག ཁ་གསལ། སྔོན་དཔག་ཐུབ་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་ནུས་ཤུགས་ཡོད་རྒུས་བསྐྲུན།
ཉེ་སྔོན་རྒྱལ་ནང་དུ་དམངས་ཁྲོད་མ་རྩ་ནང་འདྲེན་བྱས་པའི་ཉིང་རྡུལ་གློག་འདོན་ས་ཚིགས་ཐོག་མ་སྟེ་ཀྲེ་ཅང་སན་ཨོ་ཉིང་གློག་ལས་གཞིའི་འཕྲུལ་ཚན་དང་པོས་གློག་གཏོང་འགོ་ཚུགས་པ་རེད། ཉིང་རྡུལ་གློག་འདོན་ས་ཚིགས་འཛུགས་སྐྲུན་བྱས་པ་ནས་བཟུང་། སྒྲིག་ཆས་བཟོ་སྐྲུན་དང་། ཞིབ་བཤེར་བཟོ་བཅོས་ཞབས་ཞུ། བཟོ་སྐྲུན་ཨར་ལས་སོགས་ཀྱི་ཁྱབ་ཁོངས་སུ་དམངས་གཉེར་ཁེ་ལས2000ཙམ་ཞུགས་པར་སྐུལ་ཁྲིད་བྱས་ཡོད། ལས་གཞི་གལ་ཆེན་ལས་བྱུང་བའི་ཁེ་སྤོགས་མཉམ་སྤྱོད་ཐུབ་ཡོད།
ཁྲོམ་རའི་བར་སྟོང་རྒྱུན་མཐུད་ངང་རྒྱ་བསྐྱེད་པས། དམངས་ཁྲོད་ཀྱི་དངུལ་འཇོག་རྒྱུན་ཆད་མེད་པར་ཁྱབ་ཁོངས་སྔར་ལས་མང་པོར་རྒྱ་བསྐྱེད་པ་རེད། དུས་ཡུན་རིང་བོར་དམངས་ཁྲོད་དངུལ་འཇོག་ལ་རྗེས་འདེད་བྱེད་བཞིན་པའི་ཞིབ་འཇུག་པས་ཉེ་ཆར་གྱི་བསྡོམས་རྩིས་གཞི་གྲངས་ལས་འགྱུར་ལྡོག་གསར་པ་ཤེས་རྟོགས་བྱུང་།
དམངས་གཉེར་ཁེ་ལས་སྔར་ལས་མང་པོ་གོམ་སྟབས་ཆེན་པོས་གསར་གཏོད་སྟེགས་བུའི་ལྟེ་གནས་སུ་སྐྱོད་བཞིན་ཡོད། ཀོང་ཏུང་དུ། དམངས་གཉེར་ཚན་རྩལ་གསར་གཏོད་ཁེ་ལས་ཀྱིས་རིག་ནུས་སྒྲིག་ཆས་ཁྱབ་ཁོངས་སུ་བརྩོན་ཞིབ་བྱས་ནས། བཟོ་ལས་སྒྲིག་ཆས་རྩེ་གྲ་རང་བདག་ཞིབ་འཇུག་གསར་སྤེལ་བྱས་ནས་རྒྱལ་སྤྱིའི་ཁྲོམ་རར་བཏོན། ཧྥུའུ་ཅན་དུ། དམངས་གཉེར་ཁེ་ལས་ཀྱིས་སྲོལ་རྒྱུན་ཐོན་ལས་ཀྱི་གྲངས་འཛིན་ཅན་དང་རིག་ནུས་ཅན་གྱི་བསྒྱུར་བཀོད་ཇེ་མགྱོགས་སུ་བཏང་ནས། རིན་ཐང་མུ་ཕྲེང་གི་རབ་འབྲིང་ཅན་ཕྱོགས་སུ་མཐོར་འདེགས་བཏང་། ཅང་སུའུ་རུ། ཆེད་ཞིབ་ཁྱད་གསར་བཞིའི་དམངས་གཉེར་ཁེ་ལས་ཀྱིས་ཞིབ་ཕྲའི་འགྲན་ལམ་ལ་དམིགས་པ་དང་། བློ་རྩེ་གཅིག་སྒྲིམ་གྱིས་ལྟེ་བའི་ལག་རྩལ་ལ་བརྩོན་ཞིབ་བྱས་ནས། ཐོན་ལས་མུ་ཕྲེང་གི་འགག་རྩའི་གོ་རིམ་གྱི་ཞན་ཆ་ཁ་གསབ་བྱས།
“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རྩ་གནད་ལས། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་བཏང་སྟེ། དམངས་གཉེར་ཁེ་ལས་ཀྱིས་བཅོས་སྐྱོང་གྲུབ་ཚུལ་དང་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བར་ཁྲིད་སྟོན་བྱས་ནས། དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་དང་དམངས་གཉེར་དཔལ་འབྱོར་མི་སྣ་བདེ་ཐང་ངང་འཚར་ལོངས་ཡོང་བར་སྐུལ་སྤེལ་གཏོང་དགོས་ཞེས་བཏོན་ཡོད་པས། འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་རྒྱུན་ཆད་མེད་པར་ཐོན་བཞིན་ཡོད།