མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་སྤྱིའི“དྲུག་གཅིག”བྱིས་པའི་དུས་ཆེན་བརྗོད་དོན་དུ་བྱས་ཏེ་བྱེད་སྒོ་སྤེལ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཟླ5པའི་ཚེས29ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་གྱིས2026ལོའི་རྒྱལ་སྤྱིའི"དྲུག་གཅིག"བྱིས་པའི་དུས་ཆེན་གྱི་བརྗོད་དོན་བྱེད་སྒོ་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་ཝུན་ཡོན་སློབ་ཆུང་དུ་སྤེལ། "དུས་རབས་གསར་པར་བྱིས་པའི་ཕུགས་འདུན་བསྐྲུན། ཀུན་སྤྱོད་བཟང་པོས་མཐོ་སྒང་མཛེས་པར་བརྒྱན"ཞེས་པ་ནི་ཐེངས་འདིའི་བྱེད་སྒོའི་བརྗོད་དོན་དུ་བྱས་ཡོད་ལ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁོང་ཡུང་བྱེད་སྒོར་ཞུགས།

ཐེངས་འདིའི་བྱེད་སྒོ་ལས་དུས་རབས་གསར་པའི་མི་སྣ་གསོ་སྐྱོང་གི་བྱ་བའི་བླང་བྱར་དམ་པོར་སྦྲེལ་བ་དང་། ལོ་ཆུང་བྱིས་པའི་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རིག ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་དམིགས་ཏེ། ཁྱད་ཆོས་ལྡན་པའི་བྱེད་སྒོའི་ལེ་ཚན་ཆེན་པོ་དྲུག་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱས་པ་དང་། བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་དང་། སྒྱུ་རྩལ་མཛེས་དཔྱོད། ལུས་རྩལ་སྦྱོང་བརྡར། གཉེན་ཉེའི་ཐུན་མོང་གི་གསོ་སྐྱོང་སོགས་ཕྱོགས་ཡོངས་ནས་མཉམ་འདྲེས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ལོ་ཆུང་བྱིས་པའི་ཡར་རྒྱས་བརྩོན་ལེན་དང་ཧུར་བརྩོན་ཡར་ཐོན་གྱི་བསམ་པའི་ཉམས་འགྱུར་གཅིག་སྡུད་ཐོག་མངོན་པར་བྱས་ཡོད། སློབ་རའི་བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་ལ་ཁྱད་ཆོས་མངོན་གསལ་ལྡན། སྒྲོག་སྟེགས་ཞབས་བྲོའི་བྱེད་སྒོ་ཡིས་དུས་རབས་གསར་བའི་ན་གཞོན་གྱི་ཡར་རྒྱས་གོང་འཕེལ་གྱི་ལང་ཚོའི་གཟི་དཔལ་མངོན་ཡོད་ལ། མཛེས་རིག་ཁྱད་ཆོས་འགྲེམ་སྟོན་ཁུལ་དུ་གཅིག་བསྡུས་ཀྱིས་བརྗོད་དོན་གསར་བ་ཡིན་པ་དང་། གསོན་ཉམས་ལྡན་པའི་དགེ་སློབ་ཚོའི་རི་མོ་དང་ཡིག་གཟུགས་ཀྱི་བརྩམས་ཆོས་འགྲེམ་སྟོན་བྱས།

ཐེངས་འདིའི་བྱེད་སྒོ་རུ་ལག་ལེན་ཉམས་ལེན་རིགས་ཀྱི་བྱེད་སྒོ་གཙོ་གནད་དུ་བཟུང་ནས་བཀོད་སྒྲིག་བྱས་ཏེ། རིག་གནས་སིམ་འཛུལ་དང་ལག་ལེན་གསོ་སྐྱོང་འབུར་དུ་ཐོན་པར་བྱས་ཡོད། བྱེད་སྒོ་རུ་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཞིམ་ཟས་ཀྱི་ཕ་བུའི་ཉམས་ལེན་ཁུལ་བསྐྲུན་ཏེ། ཁྱིམ་ཚང་དང་སློབ་གྲྭ་མཉམ་འགུལ་བྱེད་པ་དང་ཕ་མ་དང་ཕྲུ་གུ་མཉམ་འབྲེལ་གྱི་སྒྲུབ་པའི་བྱེད་སྟངས་སྤྱད་དེ། ཁྱིམ་བདག་དང་སློབ་མ་ཚོས་མཉམ་དུ་ས་གནས་དེའི་ཁྱད་ཆོས་ལྡན་པའི་ཞིམ་ཟས་བཟོས་པར་མ་ཟད། དེས་ཁྱིམ་ཚང་དང་སློབ་གྲྭས་མཉམ་ལས་བྱེད་པའི་བྱ་བར་རྨང་གཞི་བརྟན་པོ་བཏང་ཡོད། དེ་དང་མཉམ་དུ། ཡུལ་དངོས་སུ་སྲོལ་རྒྱུན་ལུས་རྩལ་རྩེད་མོ་སྣ་མང་བཀོད་སྒྲིག་བྱས་ཏེ། སློབ་མ་རྣམས་སྤྲོ་སྣང་ལྡན་པའི་ལུས་རྩལ་ཁྲོད་གཟུགས་གཞི་བདེ་ཐང་ཡོང་བར་ཁྲིད་སྟོན་བྱས། བྱེད་སྒོའི་ཡུལ་དངོས་སུ། མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ད་དུང་ཝུན་ཡོན་སློབ་ཆུང་དུ་རིན་ཐང་ལ་སྒོར་ཁྲི་ཕྲག་ལྷག་ཡོད་པའི་དཔེ་དེབ་དང་ལུས་རྩལ་སྒྲིག་ཆས་ཞལ་འདེབས་སུ་བྱིན་པ་དང་། དེས་སློབ་གྲྭའི་རིག་གནས་ལུས་རྩལ་སློབ་གསོའི་ཐོན་ཁུངས་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།