ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཉིས་པ་བསྡུས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ5པའི་ཚེས27ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཉིས་པ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་ཧྥེང་ཁྲུན་དང་། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ཝང་ཅིན་ཀྲའེ། དྲུང་ཡིག་ཆེན་མོ་ཁྲེན་ཏུང་ཁྲང་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཁྱོན་བསྡོམས་མི52གྲོས་ཚོགས་ལ་ཞུགས་པས་ཁྲིམས་བཀོད་མི་གྲངས་དང་མཐུན། ཝུའུ་ཞའོ་ཅུན་གྱིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་འགོ་འཛིན་བྱས།

གྲོས་ཚོགས་ལས་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཐེངས་འདིའི་གྲོས་ཚོགས་ལ་འབྲེལ་ཡོད་མི་དོན་བྱ་བའི་གནས་ཚུལ་ཡར་ཞུ་བྱེད་པའི་སྐོར་གྱི་གསལ་བཤད་ལ་ཉན་པ་དང་། བསྐོ་འཇོག་བྱེད་རྩིས་ཡོད་པའི་འོས་མིས་གཏམ་བཤད།

གྲོས་ཚོགས་ལས་སྔ་རྗེས་སུམཚོ་སྔོན་ཞིང་ཆེན་གྱི་ས་ཞིང་དོ་དམ་སྲོལ་ཡིག་འཆར་ཟིནགྲོས་ཞིབ་མཇུག་འབྲས་སྐོར་གྱི་སྙན་ཞུ་དང་། མཚོ་སྔོན་ཞིང་ཆེན་གྱི་བརླན་ས་སྲུང་སྐྱོབ་སྲོལ་ཡིག་བཟོ་བཅོས་འཆར་ཟིནགྲོས་ཞིབ་བྱེད་པར་སྤྲོད་པའི་གྲོས་གཞིའི་གསལ་བཤད། མཚོ་སྔོན་ཞིང་ཆེན་གྱིསཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟོ་ཚོགས་བཅའ་ཁྲིམསལག་བསྟར་བྱེད་ཐབས་བཟོ་བཅོས་འཆར་ཟིན》གྲོས་ཞིབ་བྱེད་པར་སྤྲོད་པའི་གྲོས་གཞིའི་གསལ་བཤད། ཟི་ལིང་གྲོང་ཁྱེར་གྱི་བདེ་འཇགས་ཐོན་སྐྱེད་སྲོལ་ཡིགསྐོར་གྱི་གསལ་བཤད། མཚོ་ཤར་གྲོང་ཁྱེར་གྱི་གྲོང་གསེབ་ཡུལ་སྐོར་སྲོལ་ཡིགསྐོར་གྱི་གསལ་བཤད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིགསྐོར་གྱི་གསལ་བཤད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་བོད་བརྒྱུད་ནང་བསྟན་ལས་དོན་སྲོལ་ཡིག་བཟོ་བཅོསསྐོར་གྱི་གསལ་བཤད། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཐུན་རིན་ལོ་རྒྱུས་རིག་གནས་གནའ་གྲོང་སྲུང་སྐྱོབ་སྲོལ་ཡིགསྐོར་གྱི་གསལ་བཤད། ཧི་ནན་སོག་རིགས་རང་སྐྱོང་རྫོང་གི་མཁར་གྲོང་གི་རྣམ་པའི་དོ་དམ་སྲོལ་ཡིགསྐོར་གྱི་གསལ་བཤད་བཅས་ལ་ཉན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཀྲང་ཧོང་ཡོན་གྱིས་ཕུལ་བའིམཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་རེ་ཟུང་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་ཞིབ་བཤེར་སྙན་ཞུརཉན་པ་དང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི2025ལོའི་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོབ་དམིགས་འབེན་ཡོངས་འགྲུབ་གནས་ཚུལ་སྐོར་གྱི་སྙན་ཞུདང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུརཉན།

གྲོས་ཚོགས་ལསམཚོ་སྔོན་ཞིང་ཆེན་གྱི་བརླན་ས་སྲུང་སྐྱོབ་སྲོལ་ཡིག་བཟོ་བཅོས་འཆར་ཟིནསྐོར་གྱི་གྲོས་ཞིབ་བསམ་འཆར་དང་། ཟི་ལིང་གྲོང་ཁྱེར་གྱི་བདེ་འཇགས་ཐོན་སྐྱེད་སྲོལ་ཡིགསྐོར་གྱི་ཞིབ་བཤེར་སྙན་ཞུ། མཚོ་ཤར་གྲོང་ཁྱེར་གྱི་གྲོང་གསེབ་ཡུལ་སྐོར་སྲོལ་ཡིགསྐོར་གྱི་ཞིབ་བཤེར་སྙན་ཞུ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིམཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་འཕང་འབྲས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིགབཀོལ་མཚམས་འཇོག་པའི་སྐོར་གྱི་ཆོད་དོནགྱི་ཞིབ་བཤེར་སྙན་ཞུ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིགསྐོར་གྱི་ཞིབ་བཤེར་སྙན་ཞུ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་བོད་བརྒྱུད་ནང་བསྟན་ལས་དོན་སྲོལ་ཡིག་བཟོ་བཅོསསྐོར་གྱི་ཞིབ་བཤེར་སྙན་ཞུ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཐུན་རིན་ལོ་རྒྱུས་རིག་གནས་གནའ་གྲོང་སྲུང་སྐྱོབ་སྲོལ་ཡིག》སྐོར་གྱི་ཞིབ་བཤེར་སྙན་ཞུ། ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་མི་དམངས་འཐུས་མིའི་ཚོགས་ཆེན་གྱིཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གི་ཆུ་བེད་བཟོ་སྐྲུན་དོ་དམ་སྲོལ་ཡིགབཀོལ་མཚམས་འཇོག་པའི་སྐོར་གྱི་ཆོད་དོནགྱི་ཞིབ་བཤེར་སྙན་ཞུ། ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་མི་དམངས་འཐུས་མི་ཚོགས་ཆེན་གྱིཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་གི་ཆུ་བེད་བཟོ་སྐྲུན་སྒྲིག་བཀོད་དོ་དམ་སྲོལ་ཡིགབཀོལ་མཚམས་འཇོག་པའི་སྐོར་གྱི་ཆོད་དོནགྱི་ཞིབ་བཤེར་སྙན་ཞུ། ཧི་ནན་སོག་རིགས་རང་སྐྱོང་རྫོང་གི་མཁར་གྲོང་རྣམ་པའི་དོ་དམ་སྲོལ་ཡིགསྐོར་གྱི་ཞིབ་བཤེར་སྙན་ཞུ། མཚོ་སྔོན་ཞིང་ཆེན་ཁོངས་གཏོགས་ཀྱི་གྲོང་ཁྱེར་དང་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་མི་གྲངས་བཀོད་སྒྲིག་བྱེད་པའི་སྐོར་གྱི་ཆོད་དོན་འཆར་ཟིནབཅས་པར་འགྲེམ་བྱས།

ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལིའུ་མེ་ཕིན་དང་། ཧྲིན་ཀྲང་གཞོན་པ་ལིའུ་ཐའོ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཙེ་ཅུན། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཀྲ་ཆིན་ཅིའུ་སོགས་ཚོགས་འདུར་ཟུར་ཞུགས་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།