རྨ་ལྷོའི“ལམ་དཔོན་ལམ་ལུགས”རྒྱལ་ཡོངས་ཕུལ་བྱུང་དཔེ་མཚོན་ཁྲོད་བདམས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ5པའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཉེ་ཆར་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་ནོར་སྲིད་པུའུ་ཡིས་མཉམ་འབྲེལ་ཐོག་གྲོང་གསེབ་ཀྱི་གཞུང་ལམ་དོ་དམ་བདག་སྐྱོང་ལམ་སྲོལ་སྒྱུར་བཅོས་ཀྱི་ཚོད་ལྟའི་ལས་དོན་ཞིབ་བཤེར་རྩིས་ལེན་བྱས་འབྲས་ཡོངས་བསྒྲགས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་སྒྱུར་བཅོས་ཚོད་ལྟའི་ལས་དོན་ཁག5ཚང་མ་ཞིབ་བཤེར་རྩིས་ལེན་བྱས་པ་དང་སྒྱུར་བཅོས་ཀྱི་ཕན་འབྲས་ལ་ཁས་ལེན་གང་ལེགས་བྱས། དེའི་ནང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གྲོང་གསེབ་གཞུང་ལམ་གྱི“ལམ་དཔོན་ལམ་ལུགས”ཀྱི་ཚོད་ལྟའི་ལས་དོན་ལ་ཕུལ་བྱུང་རིམ་པའི་བྱ་དགར་འདེམས་པ་དང་། དེར་འབྲེལ་གྱི་ལས་ཀའི་བྱེད་ཕྱོགས་དང་ལག་ལེན་ཉམས་མྱོང་རྒྱལ་ཡོངས་ཀྱི་ཕུལ་བྱུང་དཔེ་མཚོན་ཁྲོད་བདམས་ནས། རྒྱལ་ཡོངས་ངེས་ཐད་ནས་ཉམས་མྱོང་བརྗེ་རེས་དང་དཔེ་མཚོན་ཁྱབ་གདལ་བཏང་བ་དེས་རང་ཞིང་གི་མཐོ་སྒང་རོང་འབྲོག་ས་ཁུལ་གྱི་གྲོང་གསེབ་གཞུང་ལམ་དོ་དམ་བདག་སྐྱོང་སྒྱུར་བཅོས་གཏིང་ཟབ་ཏུ་ཕྱིན་པ་དང་། ཁྱད་ཆོས་མངོན་གསལ། མིག་དཔེ་རུ་གྱུར་པ་བཅས་མཚོན་ཡོད།

རང་ཞིང་གིས་ས་མཐོའི་ས་ཁོངས་རྒྱ་ཆེ་བ་དང་གཞུང་ལམ་དྲ་རྒྱ་ཁ་ཐོར་ཡིན་པ། དོ་དམ་བྱེད་དཀའ་བའི་དོན་དངོས་དང་། “གྲོང་ལམ་ལེགས་པོ་བཞི”ཡི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དམིགས་འབེན་ལ་དམ་པོར་དམིགས་ཏེ། གྲོང་གསེབ་གཞུང་ལམ་བདག་སྐྱོང་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ། ཁྱོན་ཡོངས་ནས་རྫོང་དང་ཡུལ་ཚོ། སྡེ་བ་བཅས་རིམ་པ་གསུམ་གྱི་ལམ་དཔོན་འགན་འཁྲིའི་མ་ལག་བསྐྲུན་པ་དང་། རིམ་པ་སོ་སོའི་བདག་སྐྱོང་འགན་འཁྲི་ནན་དཀྲི་བྱས་ཏེ། དབང་ཆ་དང་འགན་འཁྲི་གསལ་བ། མཉམ་འཛིན་མཉམ་སྒྲུབ།  འཁོར་སྐྱོད་བཟང་བ་བཅས་ཀྱིབདག་སྐྱོང་དོ་དམ་རྣམ་པ་འཐུས་ཚང་དུ་བཏང་།  བཅོས་སྒྱུར་ཚོད་ལྟའི་ས་ཁུལ་གྱི་ལས་དོན་ཁག་ལྔའི་ཁྲོད། རྟ་ཐང་ཧའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གི“མཛེས་པའི་གྲོང་གསེབ་གཞུང་ལམ”ཚོད་ལྟའི་ས་གནས་ལ་དཔྱད་འཇོག་ལེགས་པོ་ཐོབ་ཡོད་པ་དང་། མཚོ་ཤར་གྲོང་ཁྱེར་དམར་གཙང་ཁུལ་གྱི“སྲིད་གཞུང་དཔྱད་ཞིབ།” ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་གྱི“གསར་གཏོད་བདག་སྐྱོང་གི་ཐོན་སྐྱེད་རྣམ་པ།” མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གྱི“མ་དངུལ་འགན་སྲུང”བཅས་ཀྱི་ཚོད་ལྟའི་ས་ཁུལ་ལ་ཚད་ལོངས་ཀྱི་དཔྱད་འཇོག་ཐོབ་པ་རེད།

རྨ་ལྷོ་ཁུལ་གྱིས་ལམ་དཔོན་ལམ་ལུགས་བསྒྱུར་བཅོས་ཚོད་ལྟའི་ལས་འགན་ལག་བསྟར་བྱས་ནས། ས་གནས་རོང་འབྲོག་ས་ཁུལ་གྱི་གཞུང་ལམ་དྲ་རྒྱའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། “རིམ་པ་བཞིའི་ལམ་དཔོན་ལམ་ལུགས”ཀྱི་བརྗོད་དོན་གཙོ་བོའི་ཚོད་ལྟའི་ལས་དོན་སྤེལ་ནས། གྲོང་གསེབ་ཀྱི་གཞུང་ལམ་ཁུལ་དང་། རྫོང་། ཞང་། གྲོང་ཚོ་བཅས་རིམ་པ་བཞིའི“ལམ་དཔོན་ལམ་ལུགས”ཀྱི་དྲ་མིག་ཅན་གྱི་དོ་དམ་མ་ལག་བཙུགས་པ་དང་། ལས་ཀའི་ལམ་སྲོལ་དང་བྱ་དགའ་ཆད་གཅོད་ཀྱི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། ཁུལ་ཁོངས་གྲོང་གསེབ་ཀྱི་གཞུང་ལམ་དོ་དམ་དེ་སྔོན་གྱི་རྫོང་རིམ་པའི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་དོ་དམ་བྱེད་པ་ནས་ཁུལ་དང་རྫོང་སྲིད་གཞུང་གིས་གཙོ་ཁྲིད་དོ་དམ་བྱེད་པར་རིམ་སྤོར་བྱས་པ་མ་ཟད། ད་དུང་སྤྱིར་བཏང་གི་རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་རྣམས་ཀྱང“ལམ་དཔོན་ལམ་ལུགས”ཀྱི་དོ་དམ་ཁྱབ་ཁོངས་སུ་བཅུག་སྟེ། སྤྱིའི་ལམ་དཔོན་གྱིས་མཐུན་སྦྱོར་བཀོད་འདོམས་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། རིམ་པ་ཁག་གི་ལམ་དཔོན་གྱི་རང་སྟོབས་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་ཕྱིན་པ། འབྲེལ་ཡོད་སྡེ་ཁག་གི་བྱ་བའི་བསྡེབས་ཤུགས་ནུས་ལྡན་ངང་གཅིག་སྡུད་བྱས་པ་དང་། མགྱོགས་མྱུར་ནུས་ལྡན་ངང་གནད་དོན་ཐག་གཅོད་ཐུབ་པ་མ་ཟད། སྲིད་འཛིན་ཐོན་ཁུངས་གྲོན་ཆུང་ཡང་བྱས་ཡོད། “རིམ་པ་བཞིའི་ལམ་དཔོན་ལམ་ལུགས”གྱིས་ཚོད་ལྟའི་ས་ཁུལ་གྱི་རིམ་པ་སོ་སོའི་གཞུང་ལམ་གསོ་སྐྱོང་མཐུན་སྦྱོར་གྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། དོ་དམ་གཉེར་སྐྱོང་ནུས་པ་དང་ལམ་གྱི་གནས་སྟངས། ཞབས་ཞུའི་སྤུས་ཚད། མང་ཚོགས་ཀྱི་འདོད་བློ་ཁེངས་ཚད་བཅས“མཐོར་འདེགས་བཞི”མངོན་འགྱུར་བྱས་ནས། བསྐྱར་བཟོ་བྱས་ཆོག་པ་དང་ཁྱབ་བརྡལ་གཏོང་ཆོག་པའི་ཉམས་མྱོང་གི་རྣམ་པ་གྲུབ་པར་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།