ཟླ5པའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་འགྲིམ་འགྲུལ་ཚོད་འཛིན་སྡེ་ཚོགས་དང་ནུབ་རྒྱུད་གཏེར་ལས་སྡེ་ཚོགས་ཀྱི་བྱ་བར་རྟོག་ཞིབ་བྱས་ཤིང་། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཁོངས་ཁེ་ལས་བཅོས་སྒྱུར་འཕེལ་རྒྱས་དང་ཏང་འཛུགས་སྐྱོང་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་དང་། ཡང་དག་པའི་སྲིད་འབྲས་ལྟ་བ་ལག་ལེན་གཏིང་ཟབ། གོ་བསྐོན་སློབ་གསོའི་གྲུབ་འབྲས་དེ་ཁེ་ལས་འཕེལ་རྒྱས་ཀྱི་ཕན་འབྲས་དངོས་སུ་བསྒྱུར་བ་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་སྔར་ལས་བརྟན་པོ་འདོན་སྤྲོད་བྱེད་དགོས་ཟེར།
མཚོ་སྔོན་འགྲིམ་འགྲུལ་ཚོད་འཛིན་སྡེ་ཚོགས་སུ། ཝུའུ་ཞའོ་ཅུན་ཁེ་ལས་འགྲེམ་ཚོམས་དང་སྐུ་མགྲོན་ཞབས་ཞུ་ལྟེ་གནས། འཕྲལ་བསྟུན་བཀོད་འདོམས་བཀོད་གཏོང་ལྟེ་གནས་བཅས་སུ་སོང་ནས། མཚོ་སྔོན་གྱི་འགྲིམ་འགྲུལ་འཛུགས་སྐྲུན་གྱི་བརྒྱུད་རིམ་ལ་རྒྱུས་ལོན་བྱས་པར་མ་ཟད། ལས་ཐོག་གི་ལས་བྱེད་པའི་བར་འབྲེལ་མཐུད་བྱས་ནས། ཤར་གཏོང་འགན་ལེན་དང་ཞབས་ཞུ་འགན་སྲུང་སོགས་ཀྱི་ལས་དོན་སྙན་ཞུར་ཉན། ཝུའུ་ཞའོ་ཅུན་ནུབ་རྒྱུད་གཏེར་ལས་སྡེ་ཚོགས་སུ་ཡོང་ནས། ཁེ་ལས་ཀྱི་གཏེར་རི་བཙོ་སྦྱང་དང་ཚྭ་མཚོའི་རྫས་འགྱུར་བཟོ་ལས། སྐྱེ་ཁམས་ཡུལ་སྐོར། ཚན་རྩལ་དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་འཕེལ་རྒྱས་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད། རིག་ལྡན་འཛིན་སྡོམ་ལྟེ་གནས་བརྒྱུད་དེ། གཏེར་རིའི་བདེ་འཇགས་ཐོན་སྐྱེད་དང་མཛེས་ལྗོངས་ཁུལ་གྱི་དོ་དམ་འཁོར་སྐྱོད་ལས་དོན་ལ་བཀོད་གཏོང་བྱས།
རྟོག་ཞིབ་བྱེད་སྐབས། ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་འགྲིམ་འགྲུལ་ཚོད་འཛིན་སྡེ་ཚོགས་དང་ནུབ་རྒྱུད་གཏེར་ལས་སྡེ་ཚོགས་ཀྱིས་གོ་བསྐོན་སློབ་གསོ་སྤེལ་བ་དང་ཐོན་སྐྱེད་གཉེར་སྐྱོང་བྱས་པའི་གནས་ཚུལ་ལ་ཉན་པ་རེད། ཁོས་ནན་གྱིས་བསྟན་དོན། ཏང་གི་མགོ་ཁྲིད་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་། རྒྱལ་ཁོངས་ཁེ་ལས་ཀྱི་རུས་མིང་ཏང་ཡིན་པའི་རྩ་བའི་ངོ་བོ་ཁོང་དུ་ཆུད་པར་བྱེད་པ། ཏང་ཨུས་ཁ་ཕྱོགས་འཛིན་པ་དང་ཁྱོན་ཡོངས་ལ་དོ་དམ་བྱེད་པ། དོན་འཁྱོལ་འགན་ལེན་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་འཛུགས་དང་ཐོན་སྐྱེད་གཉེར་སྐྱོང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ནས། སྤུས་ཚད་མཐོ་བའི་ཏང་འཛུགས་ལ་བརྟེན་ནས་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱེལ་བྱེད་དགོས།
ཚན་རིག་དང་མཐུན་པའི་སྒོ་ནས་ཐོན་ལས་ཁྱབ་ཚུལ་ཇེ་ལེགས་སུ་བཏང་སྟེ་ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་ལམ་དྲའི་ནུས་ཆོད་རྒྱུན་མི་ཆད་པར་ཆེ་རུ་གཏོང་བ་དང་། ལམ་ཡན་དཔལ་འབྱོར་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་བ། བཞུར་ཚད་ལ་བརྟེན་ནས་ཐོན་ལས་མུ་ཕྲེང་སྣུར་སྲིང་བྱེད་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་ཐོན་ཁུངས་བདེ་འཇགས་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་སྲུང་དང་། གཏེར་ཁའི་ཐོན་ཁུངས་བེད་སྤྱོད་ནུས་ཆེ་ཡོང་བར་སྐུལ་འདེད། ཐོན་སློབ་ཞིབ་སྤྱོད་མཐུན་སྦྱོར་ལམ་སྲོལ་འཐུས་ཚང་། ཁེ་ལས་གོང་སྤེལ་གྱི་བར་སྟོང་རྒྱུན་མཐུད་ངང་རྒྱ་བསྐྱེད་བཅས་བྱས་ཏེ། ཁེ་ལས་ཀྱི་སྲོག་ཤིང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས།
སྤུས་གསར་ཐོན་སྐྱེད་ནུས་ཤུགས་གང་མགྱོགས་སྒོས་སྐྱེད་སྲིང་བྱེད་པ་དང་། གཙོ་གནད་ཁ་ཕྱོགས་ལ་དམིགས་པ། འགག་རྩའི་ལག་རྩལ་མཁྲེགས་གཏོར་དང་། ཐོན་ལས་གྲངས་རིག་ཅན་དང་ལྗང་མདོག་ཅན་དུ་འགྱུར་ཚད་ཇེ་མགྱོགས་སུ་བཏང་སྟེ། བྱེད་ཐབས་སྣ་ཚོགས་ཀྱི་སྒོ་ནས་བློ་རིག་དང་ནུས་ཤུགས་ལ་བརྟེན་ནས། བྱང་ཚད་མཐོ་བའི་ཚན་རིག་ཞིབ་འཇུག་གི་ཤེས་ལྡན་པའི་དཔུང་སྡེ་འཛུགས་སྐྲུན་སྔར་ལས་ཇེ་མགྱོགས་སུ་གཏོང་དགོས། རྒྱལ་ཁོངས་ཁེ་ལས་ཀྱི་བཅོས་སྒྱུར་ཟབ་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་དང་། ཁེ་ལས་བཅོས་སྐྱོང་གི་ཕན་ནུས་རྒྱུན་མཐུད་ངང་ཆེར་བསྐྱེད། གྲངས་འཛིན་ལག་རྩལ་བེད་སྤྱོད་ལ་ཤུགས་སྣོན། ། ལམ་ལུགས་ཁག་གསུམ་སྒྱུར་བཅོས་གཏིང་ཟབ་བཅས་བཏང་སྟེ། མ་རྩ་ཉུང་གཏོང་དང་ཕན་འབྲས་ཆེ་རུ་གཏོང་བའི་ལས་དོན་སྔར་བས་ཡག་པོ་བསྒྲུབ་ནས་ལས་སྒྲུབ་ལས་སྐྲུན་ལ་གསོན་ཤུགས་སྣོན་དགོས།
ཉེན་ཁར་འགོག་ཟོན་ནན་མོ་བྱས་ཏེ། འཕེལ་རྒྱས་དང་བདེ་འཇགས། འཕེལ་རྒྱས་དང་སྲུང་སྐྱོབ་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཐོག དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ཐོན་སྐྱེད་དམ་པོར་བཟུང་ནས་བརྒྱུད་རིམ་རང་བཞིན་གྱི་ཉེན་ཁ་མི་འབྱུང་བའི་མ་མཐའི་ཚད་ཐིག་བརྟན་སྲུང་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྐྱེ་ཁམས་རྨང་གཞི་བརྟན་པོ་ཆགས་དགོས།
སློབ་སྦྱོང་དང་སློབ་གསོ་དམ་འཛིན་ནན་མོ་བྱས་ཏེ། “ཏང་འཛུགས་ནི་སྤྱི་གཞུང་གི་ཆེད་དང་། དམངས་ལ་བདེ་སྐྱིད་བསྐྲུན་པའི་ཆེད་དུ་ཡིན་པ་དང་། ཚན་རིག་དང་མཐུན་པའི་ཇུས་ཆོད་གཏན་འབེབས། དམ་འཛིན་དངོས་སྒྲུབ”བཅས་ཀྱི་སྤྱིའི་བླང་བྱ་དམ་པོར་བཟུང་ནས། “སྐོར་གཅིག་ཅན་དྲུག”དང“དམངས་ཕན་བྱ་སྤྱོད་ཁག་བདུན”དོན་འཁྱོལ་ཡག་པོ་བྱས་ཏེ། སྲིད་འབྲས་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་ལེན་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འདེགས་སྐྱོར། ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས་མངོན་པར་བྱས་ཏེ། ལག་བསྟར་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་གྲུབ་འབྲས་གསར་སྐྲུན་ཧུར་ཐག་བྱེད་དགོས། ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཁེ་ལས་ཀྱི་ཏང་འཛུགས་དང་བཅོས་སྒྱུར་འཕེལ་རྒྱས། གཉེར་སྐྱོང་དོ་དམ། ཉེན་ཁ་འགོག་སྡོམ་སོགས་ཀྱི་ཁྱབ་ཁོངས་ལ་དམ་པོར་དམིགས་ཏེ། གནད་འཁེལ་མཛུབ་སྟོན་ལ་ཤུགས་བསྣན་ཐོག ཁེ་ལས་ཀྱི་དངོས་ཡོད་དཀའ་ངལ་མང་ཙམ་ཐག་གཅོད་བྱས་ནས་ རྒྱལ་ཁོངས་རྒྱུ་ནོར་དང་རྒྱལ་ཁོངས་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།
ཚའོ་ཅུན་དང་ལིའུ་ཁྲའོ་རྟོག་ཞིབ་ཁྲོད་ཞུགས།