ཟླ5པའི་ཚེས25ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན། ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་བཅས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། ཞིང་ཆེན་ཏང་ཨུའི་བླང་བྱ་དོན་འཁྱོལ་བྱས་ལ། སློབ་སྦྱོང་སློབ་གསོ་དང་བདེ་འཇགས་ཐོན་སྐྱེད། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་སོགས་ཀྱི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཧྲན་ཞི་ཁྲང་ཀྲི་གྲོང་ཁྱེར་ཆིན་ཡོན་རྫོང་གི་རྡོ་སོལ་གཏེར་ཁ་ཞིག་ཏུ་ཝ་སི་འབར་གས་བྱུང་བའི་དོན་རྐྱེན་ཐད་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ་ནན་གྱིས་བསྟན་དོན། དོན་རྐྱེན་གྱི་བསླབ་བྱ་བསྡུ་ལེན་ཟབ་མོ་དང་ཕྱོགས་སོ་སོའི་འགན་འཁྲི་ནན་དཀྲི་བྱས་ཏེ། ཀྲུང་དབྱང་གི་བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་སྐོར་ཞིབ་སོགས་ཀྱི་མངོན་མེད་གནད་དོན་ཕྱིར་ལྡོག་བྱས་པར་དམ་པོར་དམིགས་ནས། གཏེར་རི་དང་། གཞུང་ལམ་འགྲིམ་འགྲུལ། བཟོ་བཀོད་ཨར་ལས། ཉེན་ཁའི་རྫས་འགྱུར་དངོས་རྫས། མེ་ཟོན། རིག་གནས་ཡུལ་སྐོར་སོགས་ལས་རིགས་གཙོ་བོའི་ཁྱབ་ཁོངས་ལ་དམིགས་ནས། བདེ་འཇགས་ཉེན་ཁ་ཞིབ་འཇུག་བརྡར་གཅོད་དང་རྐྱེན་ངན་དག་ཐེར་བཅོས་སྐྱོང་ལ་ཤུགས་སྣོན་པ། བདེ་འཇགས་ཐོན་སྐྱེད་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བ། ཞོད་འགོད་གནོད་སེལ་གྱི་བདེ་འཇགས་འགོག་ཐིག་ཕྱོགས་ཡོངས་ནས་བརྟན་པོར་བསྐྲུན་པ། དོན་རྐྱེན་ཚབས་ཆེན་འབྱུང་བ་མཐའ་གཅིག་ཏུ་འགོག་ཟོན་དང་བཀག་འགོག་བྱས་ཏེ་སྤྱི་ཚོགས་སྤྱི་ཡོངས་བརྟན་བརླིང་ཡོང་བར་ཁག་ཐེག་བྱེད་དགོས།
གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་དང་གྲོས་མོལ་གནང་སྐབས་དང་། ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་དང་གྲོས་མོལ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བཏོན་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་ལ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་དུ་བསྐྲུན་པའི་ཁྲོད་ཧུར་ཐག་གིས་འདྲེས་པར་བྱས་ནས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་མུ་མཐུད་རྒྱ་ཆེ་རུ་གཏོང་དགོས། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་བྱ་བ་ཞིང་ཆེན་ཡོངས་ཀྱི་ལྟེ་བའི་ལས་དོན་ཁྲོད་འདྲེས་པར་ཁྲིད་སྟོན་གང་ལེགས་བྱས་ཏེ། ཞིབ་འཇུག་གྲུབ་འབྲས་སྔར་ལས་མང་པོ་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་སྟོབས་ཤུགས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ལས་ཉེ་དུས་ཀྱི་ཀྲུང་དབྱང་རིམ་པའི་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་འབྲེལ་ཡོད་གྲོས་ཚོགས་དང་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། “སྒྲུབ་འོས་པ་སྒྲུབ་པ་དང་སྒྲུབ་མི་འོས་པ་མི་སྒྲུབ་པ་རྒྱུན་འཁྱོངས་བྱེད་པ། རང་རྟོགས་སྒོས་དམངས་དོན་དུ་སྲིད་འབྲས་ལེན་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་འབྲས་བརྩོན་པའི”བརྗོད་དོན་གཞིར་བཟུང་སྟེ་བརྗེ་རེས་བགྲོ་གླེང་བྱས་ཏེ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། གནད་དོན་གསལ་ཐོའི་འགུལ་རྣམ་གསར་སྒྱུར་མུ་མཐུད་དུ་ལེགས་པོར་སྒྲུབ་པ་དང་། ཤེས་རྟོགས་གནད་དོན་དག་ཐེར་བྱ་བ་གནད་འཁེལ་དངོས་གཉེར་སྒོས་དམ་འཛིན་བྱས་ནས། དག་ཐེར་བཅོས་སྐྱོང་གི་དངོས་འབྲས་ལ་བརྟེན་ནས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་དགོས།
གྲོས་ཚོགས་ལས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་ལ་དམིགས་ཏེ་སློབ་སྦྱོང་དང་ཞིབ་འཇུག་བགྲོ་གླེང་བྱས་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ལྗང་མདོག་ཁྲིད་སྟོན་དང་ཐོན་ལས་རིམ་སྤོར། གསར་གཏོད་འགག་སྒྲོལ། བཅོས་སྒྱུར་ནུས་སྩོལ་བཅས་དམིགས་སུ་འཛིན་པ། རྨང་གཞིའི་ཞིབ་འཇུག་དང་། ལག་རྩལ་གསར་གཏོད་ཀྱི་འགག་སྒྲོལ། ཚན་རྩལ་གྲུབ་འབྲས་དོན་འཁྱོལ་གཞན་སྒྱུར་སོགས་ལ་གཅིག་འདོམས་སྐུལ་འདེད་བཏང་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དེ་གསར་པ་དང་ལྗང་མདོག ཐབས་མཁས་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ལས་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།