མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ལྟ་སྡོམ་གྱི་ལས་འགན་ཁག40རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་མོའི་འཛུགས་སྐྲུན་ཁྲོད་ཡོངས་སུ་འདྲེས་པར་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཉེ་ཆར། མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་མོའི“གཅིག་གྱུར་ལྔ་དང་སྒོ་འབྱེད་གཅིག”གི་འཛུགས་སྐྲུན་ཚད་གཞི་ལྟར་དུ། ཁྲོམ་རའི་རྨང་གཞིའི་ལམ་ལུགས་དང་རྨང་གཞིའི་སྒྲིག་བཀོད། ཐོན་དབང་གི་བདག་རྐྱེན།  ཚོང་ཟོག་ཞབས་ཞུ། ལྟ་སྡོམ་ཁྲིམས་བསྟར། ཕྱི་ཕྱོགས་སྒོ་འབྱེད་བཅས་ཁྱབ་ཁོངས་དྲུག་གི་ཐད་ནས། ཞིབ་ཕྲའི་ལས་འགན་ཁག40བཀོད་སྒྲིག་བྱས་ཏེ། གནད་ལ་འཁེལ་བའི་ལྟ་སྡོམ་བྱས་པ་བརྒྱུད། མཚོ་སྔོན་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་མོའི་འཛུགས་སྐྲུན་ཁྲོད་གཏིང་ནས་འདྲེས་པར་བྱས།

ཞིབ་ཕྲའི་ལས་འགན་ཁག40དེའི་ནང་། གཅིག་གྱུར་ཁྲོམ་རའི་ལམ་ལུགས་ཀྱི་རྨང་གཞི་རྒྱུན་མཐུད་ངང་ཇེ་བརྟན་དུ་གཏོང་བ་དང་། ཤེས་བྱའི་ཐོན་དབང་གི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ས་གནས་ཀྱི་ཆེད་ཁེ་སྲུང་སྐྱོབ་སྲོལ་ཡིག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་བ། ཤེས་བྱའི་ཐོན་དབང་ལ་ཆེད་དོན་བཅོས་སྒྲིག་བྱེད་པ། མུ་ཕྲེང་ཧྲིལ་པོའི་སྲུང་སྐྱོབ་མ་ལག་འཛུགས་པ། རྒྱལ་ཁབ་རིམ་པའི་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལྟེ་གནས་མགྱོགས་མྱུར་ངང་འཛུགས་པ། ཚོང་རར་ཞུགས་འཐུས་ཀྱི“རྒྱལ་ཡོངས་ཀྱི་གསལ་ཐོ་གཅིག”དོན་འཁྱོལ་ནན་མོ་བྱེད་པ་དང་། ཚོང་དོན་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་གཏོང་བ། ཚོང་རར་ཞུགས་འཐུས་ཀྱི་སྔོན་དཔག་དུས་བཅད་ལྟར་ཇེ་བརྟན་དུ་གཏོང་བ། རྒྱུན་རྣམ་ཅན་གྱི་སྒོ་ནས་འདྲ་མཉམ་འགྲན་རྩོད་ལ་ཞིབ་བཤེར་བྱེད་པ་དང་། སྲིད་འཛིན་སྒེར་སྡེམ་དང་གོ་རིམ་མེད་པའི་འགྲན་རྩོད་དུས་ཐོག་ཏུ་བཅོས་སྒྲིག་བྱེད་པ། ཁེ་ལས་དང་འབྲེལ་བ་ཡོད་པའི་གྲོན་དངུལ་བསྡུ་ལེན་ཚད་ལྡན་དུ་གཏོང་བ། ཚུལ་མིན་འགྲན་རྩོད་བྱ་སྤྱོད་ལ་ཞིབ་བཤེར་ནན་མོ་བྱེད་པ། ཡིད་རྟོན་ལྟ་སྡོམ་དུས་གཅིག་ཏུ་ཇེ་ལེགས་སུ་གཏོང་བ། ཡིད་རྟོན་ཉམས་གསོ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཁེ་ལས་དང་འབྲེལ་བ་ཡོད་པའི་ཡིད་རྟོན་གཞི་གྲངས་བསྡུ་རུབ་བྱེད་པ། ལྟ་སྡོམ་ཞིབ་ཚགས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་སོགས་ཚུད་ཡོད།

ཐོན་ལས“གནས་བཞི”འཛུགས་སྐྲུན་ལ་རྐང་ཚུགས་པར་བྱས་ཏེ། མཚོ་སྔོན་གྱིས་མཐོ་སྒང་གི་སྤུས་ཚད་རྨང་གཞིའི་སྒྲིག་བཀོད་ཀྱི་འདུས་གྲུབ་ཞབས་ཞུའི་མ་ལག་བསྐྲུན་རྒྱུ་དང་། མཐོ་སྒང་གི་ཁྱད་ཆོས་ཁས་ལེན་ཚོད་ལྟ་བྱེད་རྒྱུ། རྒྱལ་ཁབ་རིམ་པའི་ཉེར་སྤྱོད་རྣམ་གྲངས་རེ་ཞུ་བྱ་རྒྱུ་རེད། ཞང་ཀང་གིSTCམཚོ་སྔོན་ཚོད་ལྟ་ཁང་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས། ཁྱད་ལྡན་ཐོན་རྫས་ཀྱི་དཔང་དངོས་བདེན་སྤྲོད་ཀྱི་ཕན་ཚུན་ཁས་ལེན་བརྒྱུད་ལམ་རྒྱ་སྐྱེད་གཏོང་བ། ད་ཡོད་ཀྱི་སྤུས་ཚད་ཞིབ་བཤེར་ལྟེ་གནས་རིམ་སྤོར་དང་བོད་སྨན་སྤུས་ཚད་ཞིབ་བཤེར་སྒྲིག་གཞི་བཀོད་སྒྲིག ལག་རྩལ་མཐོ་བའི་ཞིབ་དཔྱད་ཚད་ལེན་སྒྲིག་གཞི་གསོ་སྐྱོང་བྱེད་པ། ཤེས་བྱའི་ཐོན་དབང་སྤོ་སྒྱུར་གྱི་ཡུན་ཕན་ལམ་སྲོལ་བཙུགས་ནས། ཚན་རྩལ་གྲུབ་འབྲས་ལ་དབང་ཆ་སྤྲོད་པའི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་རེད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།