མཚོ་ཤར་གྱིས་གྲངས་འཛིན་ཐོན་ལས་ཀྱི་མཁོ་འདོན་འོས་སྦྱོར་ཚོང་འགུག་བྱེད་སྒོ་སྤེལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ5པའི་ཚེས20ཉིན། མཚོ་ཤར་གྲོང་ཁྱེར་གྱིས་མཚོ་སྔོན་ཞིང་ཆེན་གཞི་གྲངས་ཅུས་དང་མཚོ་འོད་ཐོན་ལས་སྐྱེ་ཁམས་མཉམ་ལས་རྩ་འཛུགས་དང་མཉམ་འབྲེལ་སྒོས“ལྗང་མདོག་མུ་ཕྲེང་གི་འབྱུང་འགྱུར་དང་།     གྲངས་འདུས་ཀྱི་མཚོ་ཤར།     འཐབ་ལམ་གསར་པ་འགོ་ཚུགས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་གྲངས་འཛིན་ཐོན་ལས་མཁོ་སྤྲོད་འོས་སྦྱོར་ཚོང་འགུག་བྱེད་སྒོ་དང་། གཞི་གྲངས་ཐོན་ལས་དང་ཤེས་ལྡན་མི་སྣའི་བཞུགས་མོལ་ཚོགས་འདུ་བསྡུས། ཚོགས་འདུའི་ཐོག་མ་དངུལ་གཏོང་བའི་གྲོས་ཡིག་ལ་མིང་རྟགས་བཀོད་པ་དང་སྤྱིའི་མ་དངུལ་སྒོར་ཐེར་འབུམ་གཅིག་དུང་ཕྱུར་གསུམ་བྱེ་བ་དྲུག་བཏང་ཡོད།    

ཤེས་རྟོགས་བྱུང་བ་ལྟར་ན།     ད་ཐེངས་ཀྱི་བྱེད་སྒོའི་དམིགས་ཡུལ་ནི“སྲིད་ཐོན་སློབ་ཞིབ་སྤྱོད”བཅས་ཀྱི་མཉམ་འདྲེས་བྱེད་སྟངས་ཐོག་ནས“ཤར་གྲངས་ནུབ་རྩིས”དང“གཞི་གྲངས་ཀྱིས་མཚོ་སྔོན་ལ་རོགས་སྐྱོར”གྱི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་།     མཚོ་ཤར་གྱི་གཞི་གྲངས་དཔལ་འབྱོར་དང་དངོས་གཞིའི་དཔལ་འབྱོར་གྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།     ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་དང་ཐོན་ལས“གནས་བཞི”འཛུགས་སྐྲུན་ལ་རོགས་ཤུགས་འདོན་ཆེད་ཡིན། བྱེད་སྒོ་སྤེལ་ཡུལ་དུ་མཚོ་འོད་ཐོན་ལས་སྐྱེ་ཁམས་མཉམ་ལས་རྩ་འཛུགས་དང་།     མཚོ་སྔོན་སློབ་ཆེན།     མཚོ་སྔོན་དགེ་ཐོན་སློབ་ཆེན།     མཚོ་སྔོན་མི་རིགས་སློབ་ཆེན།     མཚོ་སྔོན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་བཅས་ཀྱི་འཐུས་ཚབ་ཀྱིས་རང་ངོས་ཀྱི་ལེགས་ཆར་དམིགས་ནས་མཚོ་ཤར་མཉམ་ལས་ཀྱི་ཁ་ཕྱོགས་ཐད་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད།     མཚོ་ཤར་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་གོང་གསལ་སློབ་གྲྭ  ཁེ་ལས་བཅས་ཀྱིས་འཐབ་ཇུས་མཉམ་ལས་ཀྱི་གྲོས་ཡིག་ལ་མིང་རྟགས་བཀོད།     མཚོ་ཤར་བཟོ་ལས་གླིང་ཁུལ་དང་སོན་ལི་ལག་རྩལ་ཞབས་ཞུ་ཚད་ཡོད་ཀུང་སི། ཅུས་ཞང་ཆ་འཕྲིན་ལག་རྩལ་ཚད་ཡོད་ཀུང་སི་བར་མ་དངུལ་གཏོང་བའི་གྲོས་ཡིག་བཞག་ནས་མ་དངུལ་བསྡོམས་འབོར་སྒོར་ཐེར་འབུམ་གཅིག་དུང་ཕྱུར་གསུམ་བྱེ་བ་དྲུག་བཏང་ཡོད།  མཚོ་ཤར་གྲོང་ཁྱེར་གཞི་གྲངས་ཅུས་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཞི་གྲངས་ཅུས་ཀྱིས“གྲངས་འཛིན་གནས་བརྒལ་དཔལ་འབྱོར”གྱི་གྲོས་ཡིག་ལ་མིང་རྟགས་བཀོད། རིག་ལྡན་ཞིང་ཕྱུགས་དང་།     བོད་ལུགས་གསོ་རིག་སྨན་རྫས།     བོད་སྐད་ཡིག     མཐོ་སྒང་སྐྱེ་ཁམས། གཞི་གྲངས་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་ཆེད་མཁས12མཚོ་ཤར་གྱི་ཁྱད་ལྡན་གཞི་གྲངས་ཆེད་མཁས་མཛོད་ཀྱི་ཁོངས་མིར་གདན་ཞུ་ཞུས་ཡོད།    

ཉེ་བའི་ལོ་ཤས་རིང་མཚོ་ཤར་གྲོང་ཁྱེར་ལ་ལོ་གསུམ་རིང་ཞིང་ཆེན་ཡོངས་ཀྱི་ལྗང་མདོག་རྩིས་ནུས་དང་གཞི་གྲངས་ཐོག་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་དོན་གྱི་ཕན་འབྲས་མངོན་གསལ་དོད་པའི་ས་ཁུལ་ཐོབ་ནས། རྒྱལ་ཡོངས་ཀྱི་གྲོང་ཁྱེར་རྩིས་ནུས་སྟོན་གྲངསTOP30ཡི་གྲས་སུ་ཚུད་ཡོད།     གཞི་གྲངས་གསོག་འཇོག་དང་རྩིས་ནུས་ཞབས་ཞུ་ནས་རྣམ་པ་ཉེར་སྤྱོད་དང་ཐོན་ལས་གསོ་སྐྱོང་བར་གྱི་མུ་ཕྲེང་ཧྲིལ་པོའི་འཕེལ་རྒྱས་ཁོར་ཡུག་གྲུབ་པ་དང་། ཁྲོམ་རའི་བྱེད་པོ212ཟིན་པ་དང་གྲངས་འཛིན་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་སྒོར་ཐེར་འབུམ་གཅིག་ལས་བརྒལ་ཡོད།     “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་མཚོ་ཤར་གྲོང་ཁྱེར་གྱིས་རྩིས་ནུས་དང་གཞི་གྲངས་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་རྒྱུ་དང་།  ལྗང་མདོག་རྩིས་ནུས་སྲོག་ཤིང་འདུས་པའི་དཔེ་སྟོན་ཁུལ་གཏོད་རྒྱུ།  མདོ་དབུས་མཐོ་སྒང་གི་གྲངས་འཛིན་དཔལ་འབྱོར་གྱི་གསར་གཏོད་མཐོ་ས་དང་ཞིང་ཆེན་ཡོངས་ཀྱི་གཞི་གྲངས་ཐོན་ལས་འདུས་ཁུལ་བཅས་བསྐྲུན་རྒྱུ་རེད། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།