དབང་པོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་མ་ལག་སྔར་ལས་འཐུས་ཚང་དུ་བཏང་སྟེ། དབང་པོ་སྐྱོན་ཅན་མང་ཚོགས་ལ་བདེ་འཇགས་འགན་སྲུང་གི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་ཆེད། ཉེ་སྔོན། མཚོ་བྱང་ཁུལ་སྟོང་སྐོར་རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དོན་དངོས་དང་ཟུང་འབྲེལ་སྒོས། དབང་པོ་སྐྱོན་ཅན་གྱི་གློ་བུར་བའི་རྨས་སྐྱོན་ཉེན་ཚབ་ཚོད་ལྟའི་བྱ་བ་སྤེལ་བ་དང་། ལས་ཞུགས་ལོ་ཚད་ལོན་པའི་དབང་པོ་སྐྱོན་ཅན་ལ་དམིགས་ཏེ། “སྲིད་གཞུང་གིས་ཁྲིད་སྟོན་དང་། ཉེན་ཚབ་སྲུང་སྐྱེལ། དབང་པོ་སྐྱོན་ཅན་ལ་ཁེ་ཕན་ཐོབ་པ”བཅས་ཀྱི་རྣམ་པའི་ཐོག་ནས། དབང་པོ་སྐྱོན་ཅན་ལ་ཉེན་ཁའི་སྲུང་ཡོལ་བརྟན་པོ་ཞིག་བསྐྲུན།
ཚོད་ལྟའི་བྱ་བ་གནད་འཁེལ་དོན་འཁྱོལ་ཡོང་བར་ཁག་ཐེག་བྱེད་ཆེད། རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དབང་པོ་སྐྱོན་ཅན་གྱི་གློ་བུར་བའི་རྨས་སྐྱོན་ཉེན་ཚབ་ཚོད་ལྟའི་བྱ་བ་དེ་ལོ་འཁོར་གྱི་གཙོ་གནད་དམངས་འཚོའི་དོན་དངོས་ནང་བཅུག་ནས། ཇུས་འགོད་ཞིབ་མོ་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ། ཚོད་ལྟའི་བྱ་བ་སྣ་ཚོགས་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བརྟན་པོ་བཏང་། རྫོང་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་རྨང་གཞིའི་ཆ་འཕྲིན་གྱི་རྩིས་ཐོར་བརྟེན་ནས། ཞང་དང་གྲོང་རྡལ་དབང་པོ་སྐྱོན་ཅན་གྱི་ཆེད་འགན་ཨུ་ཡོན་རྩ་འཛུགས་བྱས་ཏེ་ལས་ཞུགས་ལོ་ཚད་ཀྱི་དབང་པོ་སྐྱོན་ཅན་ལ་རྩད་གཅོད་དང་རེ་རེ་བཞིན་ཞིབ་བཤེར་བྱས་ཏེ། ཆ་རྐྱེན་འཛོམས་པའི་འགན་བཅོལ་ནང་ཞུགས་མཁན་གནད་ལ་འཁེལ་བའི་སྒོ་ནས་གཏན་འཁེལ་བྱེད་པ་དང་། མི་སྣ་ཐོ་འགོད་ཞིབ་ཕྲ་བྱེད་པ། ཚོད་ལྟའི་འགན་བཅོལ་ནང་ཞུགས་མཁན་གྱི་ཆེད་གཏོགས་རྩིས་ཐོ་བཟོས་ནས། གདིང་གཞི་ཞིབ་པ་དང་གནས་ཚུལ་གསལ་བ། ཆད་ལུས་མེད་པ་བཅས་བྱས་ཏེ། ཆ་རྐྱེན་འཛོམས་པའི་དབང་པོ་སྐྱོན་ཅན་ལ་འགན་བཅོལ་བྱེད་དགོས་པ་ཚང་མ་འགན་བཅོལ་ཐུབ་པ་ཁག་ཐེག་བྱེད་དགོས།
དེ་དང་ཆབས་ཅིག རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྲིད་གཞུང་དང་ཁེ་ལས་མཉམ་འགུལ་དང་མཐུན་སྦྱོར་ཤུགས་སྣོན་རྒྱུན་འཁྱོངས་བྱས་པ་དང་། བཟང་འདེམས་ཀྱིས་ཆེད་ལས་ཉེན་ཚབ་སྒྲིག་གཞི་དང་སྦྲེལ་མཐུད་བྱས་པ། ཕྱོགས་མང་པོའི་ཐད་ནས་འགན་སྲུང་དོན་ཚན་ཇེ་ལེགས་སུ་གཏོང་བ་དང་སྐྱིན་ཚབ་འཇལ་བའི་ཚད་གཞི་མཐོ་རུ་གཏོང་བ། འགན་སྲུང་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་བཅས་ཀྱི་ཐད་གྲོས་མོལ་བྱས་ནས། འགན་བཅོལ་འགན་སྲུང་གློ་བུར་བའི་དོན་རྐྱེན་དང་གློ་བུར་བའི་རྨས་སྐྱོན། གློ་བུར་བའི་སྨན་ཁང་དུ་སྡོད་པའི་ཐོབ་ཆ་སོགས་ཀྱི་རྣམ་གྲངས་ཁྱོན་ཡོངས་ལ་ཁྱབ་པ་བཅས་བྱས་ནས། དམིགས་གཏད་ཡོད་པའི་སྒོ་ནས་དབང་པོ་སྐྱོན་ཅན་གྱི་གློ་བུར་སྨན་བཅོས་དང་ཁམས་གསོ་སྨན་བཅོས། འཚོ་བའི་རོགས་སྐྱོབ་སོགས་དངོས་ཡོད་དགོས་མཁོ་ཐག་གཅོད་བྱས་ཏེ། གློ་བུར་བའི་དོན་རྐྱེན་ཀྱིས་དབང་པོ་སྐྱོན་ཅན་ཁྱིམ་ཚང་གི་དཔལ་འབྱོར་གནོན་ཤུགས་ཇེ་ཆུང་དུ་གཏོང་གང་ཐུབ་བྱས་ནས། དབང་པོ་སྐྱོན་ཅན་ལ་གཤིས་ནུས་མཐོ་བ་དང་འཚམ་ཚད་མཐོ་བའི་བདེ་འཇགས་འགན་སྲུང་བྱས། མིག་སྔའི་བར་དུ། རྫོང་ཡོངས་ཀྱི་ལས་ཞུགས་བྱས་ཟིན་པ་དང་སྤྱི་ཚོགས་འགན་སྲུང་གི་མཐའ་སྐྱོར་ལག་ཁྱེར་མེད་པའི་དབང་པོ་སྐྱོན་ཅན151ཐུན་མོང་འགན་བཅོལ་ནང་ཞུགས་པའི་བྱ་བ་ཁྱོན་ཡོངས་ནས་ལེགས་གྲུབ་བྱས་ཟིན།