2026ལོའི“ལྔ་པའི་བཅུ་དགུའི་ཀྲུང་གོའི་ཡུལ་སྐོར་ཉིན་མོའི”མཚོ་སྔོན་ཡན་ལག་ཚོགས་རའི་བྱེད་སྒོ་འགོ་བརྩམས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ5པའི་ཚེས19ཉིན་གྱི་སྔ་དྲོར།   2026ལོའི“ལྔ་པའི་བཅུ་དགུའི་ཀྲུང་གོའི་ཡུལ་སྐོར་ཉིན་མོའིམཚོ་སྔོན་ཡན་ལག་ཚོགས་ར་དང་དྭངས་གཙང་གི་རྨ་ཆུ་ཞེས་པའི་ཡུལ་སྐོར་བྱེད་སྒོ་རབ་དང་རིམ་པའི་འགོ་རྩོམ་མཛད་སྒོ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།  ཧྲིན་ཀྲང་ལུའོ་ཏུང་ཁྲོན་བྱེད་སྒོར་ཞུགས་པ་མ་ཟད་བྱེད་སྒོ་འགོ་བརྩམས་པ་ཁྱབ་བསྒྲགས་བྱས།

ཉེ་བའི་ལོ་འགའི་རིང་།   ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ལག་བསྟར་ཟབ་མོ་བྱེད་པ་དང་། རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱལ་ཁབ་འཐབ་ཇུས་དོན་འཁྱོལ་ནན་མོ་བྱེད་པ།    རི་སྔོ་ཆུ་དྭངས་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་བསྟར་བྱེད་པ།   རིག་གནས་ཀྱིས་ཡུལ་སྐོར་གཏོད་པ་དང་ཡུལ་སྐོར་གྱིས་རིག་གནས་མངོན་པ་རྒྱུན་འཁྱོངས་བྱེད་པ།   རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་རྒྱུར་སྟོབས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ།  ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་རྒྱུན་མཐུད་ངང་འཐུས་ཚང་དུ་གཏོང་བ།   རིག་གནས་ཡུལ་སྐོར་ཐོན་རྫས་ཀྱི་འདོན་སྤྲོད་ཕུན་སུམ་ཇེ་ཚོགས་སུ་གཏོང་བ།   ཡུལ་སྐོར་ཞབས་ཞུའི་སྤུས་ཚད་ཇེ་ལེགས་སུ་གཏོང་བ།   གསོ་རླུང་འདང་བའི་ཡུལ་སྐོར་ཞབས་ཞུའི་མ་ལག་མགྱོགས་མྱུར་སྒོས་བསྐྲུན་པ་བཅས་བྱས་ཏེ། ནུས་ཤུགས་ཆེན་པོས་སྐྱེ་ཁམས་དགེ་མཚན་དང་ཐོན་ཁུངས་དགེ་མཚན་དེ་ཐོན་ལས་དགེ་མཚན་དང་འཕེལ་རྒྱས་དགེ་མཚན་དུ་འགྱུར་བར་བྱས།   ལྷག་པར་དུ་ན་ནིང་ནས་བཟུང་།    ནུས་ཤུགས་ཆེན་པོས་དྭངས་གཙང་རྨ་ཆུ་ཞེས་པའི་སྐྱེ་ཁམས་ཡུལ་སྐོར་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ།   རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་དང་རིག་གནས།   ཡུལ་སྐོར་ཐོན་ཁུངས་བཅས་མ་ལག་ལྡན་པའི་སྒོ་ནས་ལེགས་སྒྲིག་བྱས་པ་དང་།   མཉམ་དུ་འཆར་འགོད་དང་སྒྲིག་བཀོད་མཉམ་སྐྲུན།   ཐོན་རྫས་མཉམ་སྐུལ།   ཁྲོམ་ར་མཉམ་སྤྱོད་བཅས་ཀྱི་གཞི་གཅིག་ཅན་གྱི་འཕེལ་རྒྱས་རྣམ་པ་ཆགས་པར་བྱས་ནས། སྐྱེ་ཁམས་སྲུང་སྐྱོབ་དང་རིག་གནས་རྒྱུན་འཛིན། ཐོན་ལས་ཕན་སྐྱེད། དམངས་འཚོ་ལེགས་བཅོས་བཅས་ཀྱི་མཐུན་སྦྱོར་མཉམ་རྒྱལ་མངོན་འགྱུར་བྱས།

ཐེངས་འདིའི་དྭངས་གཙང་གི་རྨ་ཆུ་ཞེས་པའི་ཡུལ་སྐོར་བྱེད་སྒོ་རབ་དང་རིམ་པས་ད་ལོའི“ལྔ་པའི་བཅུ་དགུའི་ཀྲུང་གོའི་ཡུལ་སྐོར་ཉིན་མོ”དང་།  “སྤུས་ལེགས་ཡུལ་སྐོར་མཉམ་སྤྱོད། མཛེས་པའི་རི་ཀླུང་མཉམ་རོལ”ཞེས་པའི་བརྗོད་དོན་ལ་དམིགས་ཏེ།  རྨ་ཆུའི་འགྲམ་དུ་འཛོམས་ནས་རབ་མཛེས་མཚོ་སྔོན་གྱི་མཛེས་པ་ཉམས་སུ་མྱོང་ཞེས་པ་གཙོ་ཐིག་བྱས་ཏེ་བརྙན་རིས་ཀྱི་ལམ་ནས་གངས་རི་དང་འཁྱགས་རོམ།  གྲོག་རོང་གི་མཚམས་སྤྲིན་ས་དབྱིབས།   མི་ཚུལ་གནའ་ཤུལ་སོགས་ཁྱད་ལྡན་ཐོན་ཁུངས་ཀྱི་ཡུལ་སྐོར་རྒྱུད་ཀྱི་ལམ་ཐིག་གཙོ་བོ་སྦྲེལ་མཐུད་བྱས་ཡོད་པ་དང་།  མཛེས་ལྗོངས་ཁུལ་གྱི་པ་སེའི་རིན་གོང་ཇེ་དམའ་རུ་གཏོང་བ་དང་རིག་གནས་ཡུལ་སྐོར་འཛད་སྤྱོད་བྱང་བུ་སྟེར་བ།   གསོལ་མགྲོན་ཁང་དང་དམངས་སྲོལ་མགྲོན་ཁང་གིས་རིན་གོང་ཇེ་དམའ་གཏོང་བ་སོགས་དང་བཅས་པའི་དམངས་ཕན་བྱེད་ཐབས་ལག་བསྟར་བྱས་ཤིང་།   རྨ་ཆུའི་བཞུར་རྒྱུན་གྱི་ལྗོངས་ཞིང་དགུར་རང་གིས་རླངས་འཁོར་སྐོར་ཏེ་ཡུལ་སྐོར་བྱེད་ཅེས་པའི་བྱེད་སྒོའི་མགོ་བརྩམས་ལ།  འདི་ནི་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་འཕེལ་རྒྱས་ཀྱི་གནས་བབ་ཆེན་པོར་བསྟུན་ཞིང་། རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཡིན་པར་མ་ཟད།   མཚོ་སྔོན་གྱི་ཐོན་ཁུངས་དགེ་མཚན་ལ་རྐང་བཙུགས་ཏེ་སྐྱེ་ཁམས་རིག་གནས་ཡུལ་སྐོར་སྔོག་འདོན་དང་། ལྗོངས་ཡོངས་ཡུལ་སྐོར་ལ་ནུས་པ་སྩོལ་བའི་འཐབ་ཇུས་བྱེད་ཐབས་ཤིག་ཀྱང་ཡིན་ལ།  རྨ་ཆུའི་བཞུར་རྒྱུན་གྱི་ལྗོངས་ཞིང་དགུའི་རིག་གནས་ཡུལ་སྐོར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། རྨ་ཆུའི་རིག་གནས་ཡུལ་སྐོར་རྒྱུད་མཉམ་སྐྲུན་བྱེད་པའི་མཛེས་སྡུག་གི་འགོ་རྩོམ་ས་ཞིག་དེ་བས་ཀྱང་ཡིན།

དེའི་སྐབས་སུ་ད་རུང་སྐྱེ་ཁམས་ཡུལ་སྐོར་མཐུན་སྦྱོར་འཕེལ་རྒྱས་ཀྱི་སྐུལ་འདེད་ཚོགས་འདུ་དང་། རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་གྲོས་ཡིག་འགོད་པའི་མཛད་སྒོ་སོགས་བྱེད་སྒོ་སྤེལ་རྒྱུ་རེད།

ཁྲིན་ཅི་ཝེ་མཛད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།