སྐབས་གསུམ་པའི“རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག”རིམ་འདས་མཉམ་འགྲན་འགོ་བརྩམས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ5པའི་ཚེས10ཉིན། སྐབས་གསུམ་པའི“རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག”རིམ་འདས་མཉམ་འགྲན་མཚོ་སྔོན་ལུས་རྩལ་ལྟེ་གནས་སུ་འགོ་བརྩམས། 

དབྱར་གྱི་དཔལ་ཡོན་རྣམ་པར་རྒྱས་པའི་ཟི་ལིང་དུ་སྐྱེ་སྟོབས་ཀྱིས་ཁེངས་ཡོད། ཟླ5པའི་ཚེས10ཉིན། སྐབས་གསུམ་པའི“རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག”རིམ་འདས་མཉམ་འགྲན་མཚོ་སྔོན་ལུས་རྩལ་ལྟེ་གནས་སུ་འགོ་བརྩམས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་འགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད་འགོ་བརྩམས་པ་ཁྱབ་བསྒྲགས་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཡོལ་བ་ཕྱེ་ནས་འགྲན་བསྡུར་གྱི་མགོ་བརྩམས།

ཞིང་ཆེན་གྱི་འགོ་ཁྲིད་མགོན་པོ་བཀྲ་ཤིས་དང་ལིའུ་ཆི་ཧྥན། དབྱང་ཧྥེང་ཁྲུན། ཝང་ཏ་ནན།    དབྱང་ཀྲི་ཝུན། རིན་ཆེན་རྣམ་རྒྱལ། ཐེན་ཁུའེ། ཅིན་ཧྲེང་ཧྲོའུ་བཅས་འགོ་རྩོམ་མཛད་སྒོར་ཞུགས་པ་དང་། ཁྲེང་ཅི་ཝེ་ཡིས་འགོ་འཛིན་བྱས།

ཐེངས་འདིའི་རིམ་འདས་མཉམ་འགྲན་གྱིས་མུ་མཐུད་དུ་འགྲན་བསྡུར་སྟེགས་བུ་བྱས་ནས། “ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་ལས། གསོ་སྤེལ”བཅས་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དང་ཡང་བསྐྱར་རིམ་སྤར་ལ་སྐུལ་འདེད་གཏོང་རྒྱུ་རེད། འགོ་རྩོམ་མཛད་སྒོའི་སྔོན་ལ། ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གཉིས་མཚོ་སྔོན་ལུས་རྩལ་ལྟེ་གནས་ཀྱི་འགྲེམས་སྟོན་ཁང་ཕྱི་རོལ་གྱི་འགྲེམས་སྟོན་ཁུལ་དུ་བསྐྱོད་དེ། འགྲེམས་སྟོན་བྱ་ཡུལ་དུ་ནོར་གནག་དང་བོད་ལུག ནས། འཕང་འབྲས། ལི་གྲོ།  གཟུགས་འདས་ཤུལ་བཞག་རིག་གནས་གསར་གཏོད་དང་མཐོ་སྒང་གི་ལུས་གསོ་སོགས་མཚོ་སྔོན་གྱི་ཁྱད་ལྡན་ཐོན་རྫས་དང་ཞབས་ཞུའི་འགྲེམ་སྟོན་ལ་ལྟ་ཞིབ་བྱས། “དག་གཙང་གི་མཚོ་སྔོན། མཐོ་སྒང་གི་སྤུས་ལེགས་ཐོན་རྫས”ཀྱི་སྤྱི་སྤྱོད་སྤུས་རྟགས་ཁྱོན་ཡོངས་ནས་གཙང་འབྱིད་བྱས་ཏེ། མཐོ་སྒང་གི་རྒྱུ་སྤུས་མངོན་པ་དང་།   ཐོན་སྐྱེད་དང་ཕྱིར་ཚོང་གི་ཐབས་ལམ་རྒྱ་ཆེར་གཏོང་བ།  ཞིང་འབྲེལ་ཞིང་ཁྲིད་ལ་ཤུགས་སྣོན་པ་བཅས་ཀྱི་ཐད་ལ་འབད་བརྩོན་བྱས་ཏེ། སྤུས་ལེགས་འགྲན་བསྡུར་གྱི་ཞབས་ཞུར་བརྟེན་ནས་དགའ་མོས་བྱེད་ཚད་གཅིག་སྡུད་དང་བཞུར་ཚད་ནང་འདྲེན་བྱེད་པ། “མཚོ་སྔོན་རྟགས་ཅན”གྱི་ཐོན་རྫས་གོ་སྐབས་དང་བསྟུན་ནས་ཐོན་ཐུབ་པ་དང་། འགྲན་བསྡུར་ལ་བརྟེན་ནས་རིན་ཐང་འཕར་ཐུབ་པར་བྱས་ཏེ། འགྲན་བསྡུར་གྱི་བཞུར་ཚད་ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པ་དང་རིགས་སོ་སོའི་མང་ཚོགས་ལ་ཕན་པ་ཐོབ་པར་བྱེད་དགོས་པ་ནན་གྱིས་བསྟན།

མཚོ་སྔོན་གྱི་རིམ་འདས་མཉམ་འགྲན་སྤེལ་བ་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལུས་རྩལ་བྱ་བའི་རྒྱས་བཤད་གལ་ཆེན་དང་། རྐང་གྲུག་བྱ་བའི་མཛུབ་སྟོན་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས། ནུས་ཤུགས་ཡོད་རྒུས་ལུས་རྩལ་གྱི་ཞིང་ཆེན་སྟོབས་ལྡན་བསྐྲུན་པ་དང་། མཚོ་སྔོན་གྱི་རྐང་གྲུག་དར་སྤེལ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་བྱེད་ཐབས་ཤིག་རེད། སྐབས་སྔོན་མ་གཉིས་ཀྱི་ཉམས་མྱོང་གསོག་འཇོག་བྱས་པ་བརྒྱུད། མཚོ་སྔོན་རིམ་འདས་མཉམ་འགྲན་གྱིས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་རྐང་རྩེད་སྤོ་ལོའི་སྤྲོ་སེམས་འཕེལ་དུ་བཅུག་པ་མ་ཟད།     ཁྱོན་ཡོངས་ནས“རང་མཛེས་མཚོ་སྔོན”གྱི་སྣང་བརྙན་གསར་པ་ཕྱི་རུ་མངོན་པ་དང་། “ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་ལས། གསོ་སྤེལ”བཅས་གཏིང་ཟབ་པའི་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ནས། རྒྱལ་ཡོངས་སུ་དབྱེ་འབྱེད་བྱེད་ཚད་མཐོ་བ་དང་མཚན་སྙན་ལེགས་པ། གསོན་ཤུགས་ཆེ་བ་བཅས་ཀྱི་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་རྐང་གྲུག་ཟོང་རྟགས་སུ་གྱུར་ཡོད། སྐབས་འདིའི་རིམ་འདས་མཉམ་འགྲན་གྱིས་སྐབས་སྔོན་མ་གཉིས་ཀྱི་འགྲན་བསྡུར་ཉམས་མྱོང་ཕྱོགས་ཡོངས་ནས་སྤྱི་བསྡོམས་བྱས་པ་དང་། སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱི་བྱེད་སྟངས་བཟང་པོ་དཔྱད་གཞིར་འཛིན་པ་དང་བསྡུ་ལེན་བྱས་ཏེ། འགྲན་བསྡུར་ལམ་ལུགས་དང་ཞབས་ཞུའི་འགན་སྲུང་། ཐོན་ལས་མཉམ་འདྲེས། ཕྱི་ཕྱོགས་བརྗེ་རེས་སོགས་ཀྱི་ཐད་མ་ལག་རང་བཞིན་གྱི་ལེགས་གཏོང་རིམ་སྤར་བྱས་ནས། སྔར་ལས་ཛ་དྲག་ཆེ་བ་དང་སྔར་ལས་ངོ་མཚར་ཆེ་བ། སྔར་ལས་ཡིད་དབང་འཕྲོག་ཤུགས་ལྡན་པ་བཅས་ཀྱི་འགྲན་བསྡུར་རབ་དང་རིམ་པ་སྤེལ་ཏེ། ཕྱི་ཕྱོགས་ལ་མཚོ་སྔོན་གྱི་སྐྱེ་ཁམས་མཛེས་པ་དང་འཕེལ་རྒྱས་ཀྱི་མཛེས་པ། མཐུན་སྒྲིལ་ཀྱི་མཛེས་པ། བདེ་སྐྱིད་ཀྱི་མཛེས་པ་བཅས་ཕྱོགས་ཡོངས་ནས་མངོན་པར་བྱས་ཏེ། མཐོ་སྒང་ས་ཁུལ་གྱི་རྐང་གྲུག་ལས་དོན་ལ་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་ཧུར་ཐག་གིས་འཚོལ་ཞིབ་བྱ་རྒྱུ་རེད།    

ཞིང་ཆེན་གྱི་འགོ་ཁྲིད་དང་སྐུ་མགྲོན་གྱིས་ད་དུང་ཡུལ་དངོས་སུ་འགོ་རྩོམ་མཛད་སྒོའི་འཁྲབ་སྟོན་ལ་བལྟས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།