ཟླ5པའི་ཚེས7ཉིན་གྱི་ཆུ་ཚོད17དང་སྐར་མ22སྟེང་། ད་ལོའི་སྐོར་དང་པོའི་གཙོད་བརྒྱ་དང་ང་དྲུག་གིས་ཁ་བ་དང་བུ་ཡུག་ལ་མ་འཛེམ་པར་སྨིག་པ་ལ་སྒང་སྲུང་སྐྱོང་ས་ཚིགས་ཀྱི་ལས་བྱེད་མི་སྣའི་བརྒྱུད་རིམ་ཧྲིལ་བོའི་སྲུང་སྐྱོང་དང་འགྲིམ་འགྲུལ་གྱི་གནས་སྐབས་དོ་དམ་ཚོད་འཛིན་འོག་ཏུ། བདེ་འཇགས་རིམ་ལྡན་ངང་མཚོ་བོད་ལྕགས་ལམ3001དང3002བརྒྱུད་དེ། ཨ་ཆེན་གངས་རྒྱབ་ཀྱི་ཕང་བ་རུ་གནས་སྤར་བ་དང་། དེས2026ལོར་རི་དྭགས་གཙོད་དངོས་སུ་གནས་སྤར་འགོ་བརྩམས་པ་མཚོན་ཡོད།
གཙོད་གནས་སྤོར་སྐབས་ཀྱི་སྲུང་སྐྱོབ་བྱ་བ་ལེགས་པོར་བསྒྲུབ་ཆེད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་ཡིས་གྲ་སྒྲིག་ཚགས་སུ་ཆུད་པ་བྱས་ཏེ། གཙོད་བརྒྱུད་སའི་ཁུལ་ཁོངས་གཙོ་བོར་སྐོར་སྲུང་དང་ལྟ་ཞིབ་ནན་མོ་བྱས། སྨིག་པ་ལ་སྒང་སྲུང་སྐྱོབ་ས་ཚིགས་ཀྱིས་གནས་སྤོར་སྐབས་སུ་ཡུན་ཐུང་གི་འགྲིམ་འགྲུལ་དོ་དམ་ཚོད་འཛིན་དང་འགྲིམ་འགྲུལ་གྱི་དུང་བརྡ་སྒྲོག་མི་ཉན་པ་སོགས་ཀྱི་ནུས་ལྡན་བྱེད་ཐབས་སྤྱད་དེ། གཙོད་བདེ་འཇགས་ངང་གཞུང་ལམ་བརྒྱུད་ཐུབ་པ་དང་གནས་སྤོར་བརྒྱུད་རིམ་ཁྲོད་འདྲོགས་མི་སློང་བར་ཁག་ཐེག་བྱས་ཤིང་། དེ་དང་མཉམ་དུ། གཙོད་གནས་སྤོར་སྐབས་ཀྱི་འགུལ་རྣམ་གནས་ཚུལ་ཚང་མར་རྒྱུས་ལོན་བྱས་ནས། གནས་སྤོར་དུས་ཚོད་དང་ཁ་གྲངས། དེ་མིན་འབྲེལ་ཡོད་གཞི་གྲངས་བཅས་ལ་ལྟ་ཞིབ་ཚད་ལེན་དང་བསྡོམས་རྩིས་བྱས་པ་དང་། གཙོད་གནས་མཚོ་སྲུང་སྐྱོབ་ས་ཚིགས་ཀྱིས་སྔོན་ལ་སྒར་བཙུགས་ཏེ། གཙོད་ཕྲུག་རྩེབ་པའི་སྐབས་ཀྱི་སྲུང་སྐྱོབ་བྱ་བ་ལེགས་པོར་བསྒྲུབས།
ལོ་རེའི་ཟླ5པ་ནས་ཟླ7པའི་བར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་དང་། བོད་ལྗོངས་བྱང་ཐང་། ཞིན་ཅང་ཨ་འར་ཅིན་རི་བོ་སོགས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་གཙོད་མོ་རྣམས་ལེ་བར་སྟོང་ཕྲག་གི་གནས་སྤོའི་ལམ་བུ་བརྒྱུད་ཅིང་། མཚོ་བོད་ལྕགས་ལམ་བརྒལ་ནས། གཙོད་གནས་མཚོ་རུ་ཡོང་ནས་གཙོད་ཕྲུག་རྩེབས་པ་རེད།