མཚོ་སྔོན་གྱིས་ཐེངས་དང་པོར་དབྱར་རྩྭ་དགུན་འབུ་བརྐོ་སྐབས་གློག་འཁྱུག་ཐོག་རྒྱག་གི་ཉེན་ཁར་དབྱེ་ཞིབ་ཚོད་དཔོག་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ5པའི་ཚེས7ཉིན་་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་ཁུལ་གནམ་གཤིས་བརྟག་དཔྱད་ཁང་གིས་ཉེ་བའི་ལོ་བཅུའི་རིང་གི་དཔྱད་གཞིའི་ཡིག་ཚགས་དང་གཞི་གྲངས་འབོར་ཆེན་ལ་གཞིགས་ནས་《2026ལོའི་ཡུས་ཧྲུའུ་ཁུལ་དབྱར་རྩྭ་དགུན་འབུ་བརྐོ་དུས་སུ་ཐོག་དང་གློག་འཁྱུག་གི་གནོད་འཚེའི་ཉེན་ཁའི་རང་བཞིན་དབྱེ་ཞིབ་སྙན་ཞུ》དེ་སྒྲིག་ཁོངས་ལེགས་འགྲུབ་བྱུང་བ་དང་འབྲེལ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཨུ་དང་ཁུལ་སྲིད་གཞུང་ལ་ཆེད་དོན་ཕུལ་ནས་དབྱར་རྩྭ་དགུན་འབུ་བརྐོ་དུས་སུ་་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་བྱ་ཆེད་ཚན་རིག་དང་མཐུན་པའི་འདེགས་སྐྱོར་མཁོ་འདོན་བྱས་པ་རེད།

སྙན་ཞུའི་ནང་ཉེ་བའི་ལོ་བཅུའི་རིང་དབྱར་རྩྭ་དགུན་འབུ་བརྐོ་དུས་(གཙོ་བོ་ཟླ་6པ)ཐོག་དང་གློག་འཁྱུག་གི་དོན་རྐྱེན་འབྱུང་སླ་བོ་ཡོད།     ལྡོག་འཁྱུག་གི་བསྡུར་ཚད་76.9%ཟིན་པ་དང་ལྷག་པར་དུ་ཟླ་6པའི་ནང་དོན་རྐྱེན་འབྱུང་བ་མང་ཞིང་ཉིན་རེའི་འགྱུར་ལྡོག་གི་དབང་གིས་དུས་ཚོད13ནས་16བར་ནི་ཆེས་འབྱུང་མང་བའི་དུས་མཚམས་ཤིག་ཡིན་པར་མ་ཟད་ལོ་རྒྱུས་ཀྱི་འཆི་རྨས་དོན་རྐྱེན་བའི་དུས་ཚོད་དང་མཐུན་པ་རེད།     ས་ཁོངས་ཐད་ནས་ལྡོག་འཁྱུག་སྟུག་ཚད་མཐོ་བའི་ས་ཁུལ་དང་དབྱར་རྩྭ་དགུན་འབུ་སྐྱེས་ས་གཉིས་གནས་གཅིག་ཏུ་འཁེལ་ཡོད།  ཡུས་ཧྲུའུ་གྲོང་ཁྱེར་ལྷོ་རྒྱུད་དང་།    ནང་ཆེན་རྫོང་དབུས་རྒྱུད།    རྫ་སྟོད་རྫོང་ལྷོ་ནུབ་རྒྱུད་བཅས་ཀྱི་ཉེན་ཁ་མངོན་གསལ་ཡིན།     དེའི་ནང་དབྱར་རྩ་དགུན་འབུ་སྐྱེས་སའི93.3%གྱི་ས་ཁོངས་ནི་ཐོག་དང་གློག་འཁྱུག་གི་ཉེན་ཁ་མཐོ་ཤོས་ཀྱི་རིམ་པར་གནས་པ་དང་།    98.8%ནི་ཅུང་མཐོ་བ་དང་དེའི་ཡན་གྱི་རིམ་པར་གནས་པས་འབུ་བརྐོ་མཁན་གྱི་ཉེན་ཁ་ཧ་ཅང་ཆེ།     གནམ་གཤིས་གྱི་སྔོན་དཔག་ལྟར་ན2026ལོར་བྲུག་སྐབས་སུ་དྲོད་གྲངས་་ཅུང་མཐོ་བ་དང་ཆར་ཆུ་འབབ་ཚད་5%ནས་25%བར་མང་དུ་ཕྱིན་ནས་གློག་འཁྱུག་ཐོག་རྒྱག་དང་དྲག་ཆར་གྱི་གནོད་འཚེ་དུས་མཉམ་དུ་འབྱུང་བའི་ཉེན་ཁ་ཆེ།

ཐེངས་འདིའི་དབྱེ་ཞིབ་སྙན་ཞུའི་ནང་ཐེངས་དང་པོར་ཡུལ་ཤུལ་ས་ཁུལ་དུ་དབྱར་རྩྭ་དགུན་འབུ་བརྐོ་སའི་གློག་འཁྱུག་ཐོག་རྒྱག་གི་ཉེན་ཁར་ཞིབ་ཚགས་ཀྱིས་དབྱེ་ཞིབ་དང་གྲངས་ཚད་ཅན་གྱི་ཚོད་དཔོག་བྱས་ནས“ཉེན་ཁ་ཆེ་བའི་ས་ཁུལ་དང་དབྱར་རྩྭ་བརྐོ་ས་གཉིས་གནས་གཅིག་ཏུ་འཁེལ་བའི་ཁྱད་ཆོས་གསལ་སྟོན་བྱས་ཡོད་པས་ཏང་སྲིད་ལས་ཁུངས་དང་ལས་རིགས་སྡེ་ཚན་གྱིས་འགོག་སྲུང་སྟོབས་ཤུགས་བཀོད་སྒྲིག་གནད་ལ་འཁེལ་བར་ཐད་ཀར་ཁ་ཕྱོགས་བསྟན་ནས་གནོད་འཚེ་སྔོན་འགོག་དང་ཇེ་ཉུང་གཏོང་བར་སྐུལ་འདེད་བཏང་སྟེ་ཞིང་འབྲོག་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་དང་དབྱར་རྩྭ་དགུན་འབུའི་དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་བྱེད་པར་འཛིང་རགས་བརྟན་པོ་བསྐྲུན་ཡོད།     

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།