ལུའོ་ཏུང་ཁྲོན་གྱིས་ཟི་ལིང་གྲོང་ཁྱེར་རྟ་ཐང་རྫོང་དང་མཚོ་བྱང་ཁུལ་མིན་ཡོན་རྫོང་དུ་རྟོག་ཞིབ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ5པའི་ཚེས7ཉིན།   ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།   ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་གྲོང་ཁྱེར་རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་རྫོང་དུ་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་སོགས་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་བྱས།  ཁོས་ནན་གྱིས་བསྟན་དོན།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་།   གཞུང་དོན་དུ་ཏང་འཛུགས་པ་དང་དམངས་ལ་བདེ་སྐྱིད་བསྐྲུན་པ།    ཚུན་རིག་དང་མཐུན་པའི་ཇུས་ཐག་གཅོད་པ།    དམ་འཛིན་དངོས་སྒྲུབ་བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་ཆུད་པར་བྱེད་པ།  ཞིང་ཆེན་ཏང་ཨུའི་སྐོར་ཐེངས་གཅིག་ཅན་དྲུག་གི་བྱ་བའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ།    སློབ་སྦྱོང་ནན་མོ་དང་གོ་བ་གཏིང་ཟབ་བླངས་ནས་ཁ་ཕྱོགས་གསལ་བར་བྱེད་པ་དང་།   ཞིབ་བཤེར་ནན་མོ་དང་ལེགས་བཅོས་བཟང་བོ་བྱས་ཏེ་མཐོར་འདེགས་ལ་སྐུལ་སྤེལ་གཏོང་བ་བཅས་བྱས་ནས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་སུ་བསྒྱུར་དགོས།

རྟ་ཐང་རྫོང་ཅིན་དབྱང་གྲོང་རྡལ་ཀན་ཧྲུའུ་ཝན་སྡེ་བ་རུ།  ལུའོ་ཏུང་ཁྲོན་འཛུགས་སྐྲུན་བྱས་མ་ཐག་པའི་སྔོ་ཚལ་ལས་སྣོན་རྟེན་གཞིར་སོང་ནས་ཁེ་ལས་ཀྱི་འགན་ཁུར་བས་སྔོ་ཚལ་ཆུ་འབུད་དང་མྱུར་མོར་འཁྱགས་བཟོའི་ལག་རྩལ་གྱི་གོ་རིམ་དང་།   ཐོན་ལས་འཕེལ་རྒྱས་གནས་ཚུལ་མཚམས་སྦྱོར་བྱས་པར་ཉན་རྗེས།    མཐོ་སྒང་གི་གྲང་བསིལ་སྔོ་ཚལ་གྱི་སྤུས་ལེགས་དགེ་མཚན་ལ་བརྟེན་ནས“དག་གཙང་གི་མཚོ་སྔོན། མཐོ་སྒང་གི་ཁྱད་རྫས”ཞེས་པའི་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་སྣང་བརྙན་བེད་སྤྱོད་བཟང་བོ་བྱས་ཏེ། གྲང་བསིལ་སྔོ་ཚལ་གྱི་ལས་སྣོན་མུ་ཕྲེང་རྒྱུན་བསྲིང་དང་རིན་ཐང་འཕར་སྣོན་ལ་སྐུལ་འདེད་གཏོང་བ་དང་།   ཞིང་ཆེན་ཕྱི་ནང་གི་དུས་ཚིགས་མི་གཅིག་པའི་ཁྲོམ་རའི་སྟོང་ཆ་ལེགས་པོར་སྐོང་བ།   སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ་བཅས་བྱས་ནས། སྡེ་མི་སྔར་ལས་མང་པོ་རང་ས་གནས་སུ་ལས་ཞུགས་བྱེད་པ་དང་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱེད་དགོས་ཟེར།   

ཀན་ཧྲུའུ་ཝན་སྡེ་བའི་རོགས་རེས་བདེ་སྐྱིད་ཁང་དུ་ལུའོ་ཏུང་ཁྲོན་གྱིས་རྒན་རྒོན་རྣམས་དང་བརྩེ་བས་ཁ་བརྡ་བྱས་པ་དང་།   ཁོ་ཚོ་ནད་མེད་ཚེ་རིང་ཡོང་བའི་སྨོན་འདུན་ཞུས་པར་མ་ཟད།    འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བར་སྤྱི་པའི་ཞབས་ཞུའི་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། བརྩེ་སེམས་ཡོད་པའི་སྒོ་ནས་ལོ་ལོན་རྒན་པར་བདག་སྐྱོང་བཟང་བོ་བྱས་ཏེ། མང་ཚོགས་ཡིད་ཚིམས་པའི་དོན་བཟང་དང་དོན་དངོས་མང་པོ་སྒྲུབ་དགོས་པའི་མངག་བཅོལ་བྱས།  ཅིན་དབྱང་གྲོང་རྡལ་ཅིན་ཁྲུང་སྡེ་བ་རུ།   ལུའོ་ཏུང་ཁྲོན་གྱིས་འཆམ་མཛེས་གྲོང་གསེབ་འཛུགས་སྐྲུན་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་།     བཟོ་སྐྲུན་ཁྲི་སྟོང་གི་ཉམས་མྱོང་སློབ་སྦྱོང་ནན་མོ་དང་བེད་སྤྱོད་བཟང་བོ་བྱས་ཏེ་ཁྱད་ཆོས་འབུར་དུ་ཐོན་པར་བྱེད་པ་དང་སྙིང་རུས་གཏན་འཁྱོངས་བྱེད་པ།   ཡུལ་བབ་དང་བསྟུན་ནས་འཆར་འགོད་གཏན་འབེབས་དང་འཐུས་ཚང་དུ་གཏོང་བ།   རྨང་གཞིའི་སྒྲིག་བཀོད་ལེགས་བཅོས་དང་འཚོ་སྡོད་ཁོར་ཡུག་ལེགས་བཅོས།   ཐོན་ལས་མཉམ་བསྲེས་འཕེལ་རྒྱས།   རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་སོགས་ཀྱི་བྱ་བར་གཅིག་འདོམས་སྐུལ་འདེད་གཏོང་བ།   ན་གཞོན་སྔར་ལས་མང་པོ་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པར་འགུག་པ་བཅས་བྱས་ནས། མཐོ་སྒང་གི་བདེ་སྡོད་ལས་འཚམ་གྱི་འཆམ་མཛེས་གྲོང་གསེབ་འཛུགས་སྐྲུན་ལེགས་པོ་བྱེད་དགོས་པ་ནན་གྱིས་བསྟན།

རྟ་ཐང་རྫོང་གི་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་བྱ་བའི་ཆེད་ཚན་དུ། ལུའོ་ཏུང་ཁྲོན་གྱིས་སློབ་སྦྱོང་སློབ་གསོ་སྤེལ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུར་ནན་ཏན་གྱིས་ཉན་པ་དང་།  ཚང་མ་དང་མཉམ་དུ་བསམ་བློ་བརྗེ་རེས་ཟབ་མོ་བྱས།   དེའི་རྗེས་སུ་བསྡུས་པའི་བཞུགས་མོལ་ཚོགས་འདུའི་སྟེང་།  ལུའོ་ཏུང་ཁྲོན་གྱིས་སྲིད་འབྲས་ལྟ་བ་ཡང་དག་གི་ཚན་རིག་ནང་དོན་དང་ལག་ལེན་བླང་བྱ་ཁོང་དུ་ཆུད་དགོས་པ་དང་།   སློབ་སྦྱོང་ཞིབ་བསྡུར་དང་གནད་དོན་བཤེར་འདོན།   དག་ཐེར་ལེགས་བཅོས།   སྒྲིག་འཛུགས་ལུགས་འཛུགས།   སྒོ་འབྱེད་སློབ་གསོ་སོགས་བྱ་བའི་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱེད་པ།   མང་ཚོགས་ལ་དགོས་མཁོ་ཆེ་བའི་བྱ་བ་དང་མང་ཚོགས་ལ་ཕན་ཐོགས་ཡོད་པའི་བྱ་བ།   རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་བྱ་བ་བཅས་མང་ཙམ་བསྒྲུབ་པ།   རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཆེས་ཆེར་གཏོང་བ།   གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས། འཕེལ་རྒྱས་གྲུབ་འབྲས་ཀྱིས་སྔར་ལས་འདྲ་མཉམ་སྒོས་རིགས་སོ་སོའི་མང་ཚོགས་ལ་ཕན་ཐོགས་པར་བྱེད་དགོས་པ་ནན་གྱིས་བསྟན།

མིན་ཡོན་རྫོང་ཆིན་ཧྲི་ཙུའེ་གྲོང་རྡལ་དུ་ཡོད་པའི་མཚོ་སྔོན་ཞིང་ཆེན་དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་སྡེ་ཚོགས་ཚད་ཡོད་ཀུང་ཟི་ཧྲི་ཐིག་འགག་ཆུ་གློག་ས་ཚིགས་སུ། ལུའོ་ཏུང་ཁྲོན་གྱིས་གློག་འདོན་ས་ཚིགས་འཁོར་གཉེར་དང་ཆུ་འདྲེན་འགན་སྲུང་།   ཁེ་ལས་འཕེལ་རྒྱས་འཆར་འགོད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་།    ཁེ་ལས་ཀྱིས་སློབ་སྦྱོང་སློབ་གསོ་སྤེལ་བ་དང་ཟུང་འབྲེལ་སྒོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དེ་ཐོན་སྐྱེད་ལས་གཉེར་གྱི་གོ་རིམ་ཧྲིལ་བོའི་ཁྲོད་ཁྱབ་པར་བྱེད་པ་དང་།   ཚན་རིག་དང་མཐུན་པའི་བཀོད་གཏོང་དང་དེང་རབས་ཅན་གྱི་དོ་དམ་ལ་ཤུགས་སྣོན་པ།   ཆུའི་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་གྱིས་བེད་སྤྱོད་བྱེད་པ་དང་། ཆུའི་སྐྱེ་ཁམས་སྲུང་སྐྱོབ་བཅོས་སྐྱོང་དང་ཆུ་གློག་སྙོམ་སྒྲིག་ནུས་པ་རྒྱུན་མཐུད་ངང་ཇེ་ཆེར་གཏོང་བ།   ཆུ་བེད་ལྟེ་གནས་ཀྱི་འགན་སྲུང་བྱེད་ནུས་འདོན་སྤེལ་བཟང་བོ་བྱེད་པ།    སྣ་མང་ཅན་གྱི་དག་གཙང་ནུས་ཁུངས་མ་ལག་མགྱོགས་མྱུར་སྒྲིག་འཛུགས་བྱེད་པ།   བདེ་འཇགས་ཐོན་སྐྱེད་དམ་འཛིན་ལེགས་པོ་བཅས་བྱས་ནས། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་བྱེད་པར་ཞབས་འདེགས་ཞུ་བ་དང་དེའི་ཁྲོད་འདྲེས་པར་བྱེད་པའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པའི་སྐུལ་མ་བཏང་།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།