ཉེ་ཆར། ཀན་སུའུ་དང་ཅི་ལིན་གྱིས་སོ་སོར“‘ལོ་ལྔའི་འཆར་འགོད་བཅོ་ལྔ་པ’”འགོ་རྩོམ་པའི་ཆེད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ནས། ས་གནས་ཀྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རྩ་གནད་ལ་དམིགས་ཏེ། འཕེལ་རྒྱས་ཀྱི་དམིགས་འབེན་དང་གཙོ་གནད་ལས་འགན། ལག་བསྟར་ཐབས་ལམ་བཅས་འགྲེལ་ཀློག་གཏིང་ཟབ་བྱས།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀན་སུའུ་ལེའུ་འབད་པས་འབྲི།
“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་སུ། ཀན་སུའུ་ཡིས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ་དང་ཚན་སློབ་ཀྱི་ཞིང་ཆེན་སྟོབས་ལྡན་མགྱོགས་མྱུར་འཛུགས་སྐྲུན་བྱེད་པ། ནུས་ཁུངས་ཀྱི་ཞིང་ཆེན་སྟོབས་ལྡན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཕྱོགས16ལ་དམིགས་ནས་གཙོ་གནད་ལས་འགན་དང་གཙོ་གནད་བྱེད་ཐབས། གཙོ་གནད་ལས་སྟེགས་བཅས་བཀོད་སྒྲིག་བྱེད་པ་དང་། ཚན་རྩལ་སྟོབས་ལྡན་དང་བཟོ་ལས་སྟོབས་ལྡན། རྫོང་ཁོངས་སྟོབས་ལྡན། ཞིང་ཆེན་ལྟེ་གནས་སྟོབས་ལྡན། རྨང་གཞི་ཇེ་བརྟན་བཅས་སུ་གཏོང་བའི་འགུལ་སྐྱོད་ལག་བསྟར་གཏིང་ཟབ་བྱས་ནས། དཔལ་འབྱོར་སྤུས་ཚད་ཐད་མཐོར་འདེགས་ནུས་ལྡན་དང་གྲངས་ཚད་ཐད་འཕར་སྣོན་ལུགས་མཐུན་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན།
མ་འོངས་པའི་ལོ་ལྔའི་རིང་། ཀན་སུའུ་ཡིས་རྒྱལ་ཁབ་ཀྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་འདུས་ཚོགས་4དང་། ཁྲག་ཁྲིག་དྲུག་རིམ་པའི་ཐོན་ལས་འདུས་ཚོགས6བསྐྲུན་རྒྱུ་ཡིན་པ་དང་། དེང་རབས་ཀྱི་གྲང་ཐན་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས། 2030ལོར་སླེབས་དུས་ནོར་ལུག་དང་སྔོ་ཚལ། སིལ་ཏོག་སོགས་ཐོན་ལས་ཀྱི་འདུས་ཚོགས་ཆེན་པོ་བརྒྱད་ཀྱི་ཐོན་ཐང་སྒོར་ཁྲག་ཁྲིག་བརྒྱད་ཡན་དུ་བསླེབ་རྒྱུ་བརྩོན་ལེན་བྱེད་པ། “ནུས་ཁུངས་གསར་པ་དང་མཉམ་འབྲེལ”གྱི་འགུལ་སྐྱོད་ཆེན་པོ་བཅུ་ལག་བསྟར་བྱས་ནས། “ཀན་སུའུ་ཡི་གློག་ཧུའུ་པེ་རུ་གཏོང་བ”དང་། “ཀན་སུའུ་ཡི་གློག་ཅང་ཞི་རུ་གཏོང་བའི”ནུས་ཁུངས་གསར་པ་ཕྱིར་གཏོང་བགྲོད་ལམ་གཉིས་བསྐྲུན་པ། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་བཅོས་སྐྱོང་མགྱོགས་སུ་གཏོང་བ་དང་། རྨ་ནུབ་དོག་ལམ་དུ་སྤྱི་ལེ་ཆིག་སྟོང་དྲུག་བརྒྱ་གྱ་དྲུག་གི་རླུང་འགོག་བྱེ་འཇགས་ནགས་ར་མགྱོགས་མྱུར་སྒོས་བསྐྲུན་པ་བཅས་བྱས་ཏེ། རྒྱལ་ཁབ་ནུབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་མཐའ་གཅིག་ཏུ་བརྟན་པོ་བསྐྲུན་རྒྱུ་རེད།
ཅི་ལིན་གྱིས་ཕྱོགས་ཡོངས་དར་སྤེལ་ཐད་ཐོད་བརྒལ་གསར་བ་འབྱུང་བར་སྐུལ་འདེད་བཏང་།
“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་སུ། ཅི་ལིན་གྱིས་དཔལ་འབྱོར་འཕེལ་རྒྱས་དང་གསར་གཏོད་སྐུལ་འདེད། དམངས་འཚོའི་བདེ་སྐྱིད་སོགས་ཕྱོགས5ལ་དམིགས་ནས་གཙོ་གནད་དམིགས་ཚད་23བཀོད་སྒྲིག་བྱས་ཤིང་། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་བཏང་བ་དང་། རླངས་འཁོར་ཐོན་ལས་དེ་རིག་ནུས་དྲ་སྦྲེལ་གྱི་ནུས་ཁུངས་གསར་པར་བསྒྱུར་བར་སྐུལ་འདེད་བཏང་ལ། འཛམ་གླིང་རིམ་པའི་ཐཱན་ཚི་སྣའི་ཐོན་ལས་ཅན་གྱི་རྟེན་གཞི་བསྐྲུན་པ་དང་། ལུས་ལྡན་རིག་ནུས་དང་ཆིང་ནུས། དེང་རབས་ནུས་གསོག མཁའ་དབྱིངས་ཆ་འཕྲིན། སྐྱེ་དངོས་བཟོ་སྐྲུན་སོགས་འབྱུང་འགྱུར་གྱི་ཐོན་ལས་གསོ་སྐྱོང་དང་རྒྱ་ཆེར་བཏང་སྟེ། ཐོན་ལས་གྲུབ་ཚུལ་དེ“ལས་གཅིག་འབུར་ཐོན”ནས“ལས་མང་འདེགས་སྐྱོར”དུ་རྣམ་སྒྱུར་བྱེད་པར་སྐུལ་འདེད་བཏང་།
མ་འོངས་པའི་ལོ་ལྔའི་རིང་། ཅི་ལིན་གྱིས་གཙོ་གནད་བཟོ་སྐྲུན33དང་གཙོ་གནད་ལས་གཞི370ཇུས་འགོད་དང་བཀོད་སྒྲིག་བྱེད་པ་དང་། དེང་རབས་ཅན་གྱི་ཞིང་ལས་ཆེན་པོ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས། འབྲུ་རིགས་ཐོན་ཚད་རྒྱ་མ་ཁྲག་ཁྲིག་ཡན་དུ་སླེབས་པར་སྐུལ་འདེད་གཏོང་བ་དང་། ནུས་ཁུངས་མ་ལག་གསར་པ་བཙུགས་ཏེ། རྒྱལ་ཁབ་ཀྱི་ལྗང་མདོག་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པ། ཁྲང་ཁྲོན་གྱི་དེང་རབས་ཅན་གྱི་གྲོང་ཁྱེར་ཚོམས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། འཆར་འགོད་རྩ་གནད་དེ་མང་ཚོགས་ཀྱིས་ཚོར་ཐུབ་པ་དང་རེག་ཐུབ་པའི“བདེ་སྐྱིད་ཀྱི་ལྗོངས་རིས”སུ་བསྒྱུར་གང་ཐུབ་བྱ་རྒྱུ་ཡིན།