ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་ཀུའེ་ཀྲོའུ་དང་ཀོང་ཏུང་ཞིང་ཆེན་དུ་སོང་ནས་ས་གནས་ཁྲིམས་འཛུགས་བྱ་བའི་ཐད་སློབ་སྦྱོང་རྟོག་ཞིབ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ4པའི་ཚེས24ཉིན་ནས་ཚེས29ཉིན་བར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་ཀུའེ་ཀྲོའུ་ཞིང་ཆེན་དང་ཀོང་ཏུང་ཞིང་ཆེན་དུ་སོང་ནས་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་དང་ས་གནས་ཁྲིམས་འཛུགས་བྱ་བའི་ཐད་སློབ་སྦྱོང་དང་རྟོག་ཞིབ་བྱས།

རྟོག་ཞིབ་ཚན་ཆུང་སྔ་རྗེས་སུ་ཀུའེ་དབྱང་གྲོང་ཁྱེར་དང་ཆན་ཏུང་ནན་ཁུལ། ཀོང་ཀྲོའུ་གྲོང་ཁྱེར། ཀྲུང་ཧྲན་གྲོང་ཁྱེར། ཧྲིན་ཀྲིན་གྲོང་ཁྱེར་བཅས་སུ་སོང་ནས། ཁྲིམས་སྐྱོང་རིག་གནས་སྲང་ཁུལ་དང་གཞི་རིམ་སྡེ་ཁུལ། སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ལྟེ་གནས། ཁྲིམས་སྐྱོང་སློབ་གསོའི་རྟེན་གཞི། གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུལ་བྱེད་ཡུལ་དང་བཅའ་ཁྲིམས་ཁྱབ་གདལ་དཔེ་སྟོན་ཁེ་ལས་བཅས་སུ་ཡུལ་དངོས་རྟོག་ཞིབ་དང་ཡུལ་དངོས་བརྗེ་རེས། ངོ་སྤྲོད་ལ་ཉན་པ། རྒྱུ་ཆ་ཀློག་འདོན་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས། གཙོ་བོ་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་ས་གནས་ཁྲིམས་འཛུགས་དང་བཅའ་ཁྲིམས་ཁྱབ་གདལ་གནས་འཛུགས་སྐྲུན་བྱེད་པ། གྲངས་རིག་བཅའ་ཁྲིམས་ཁྱབ་གདལ་བེད་སྤྱོད་བྱེད་པ། གཞི་རིམ་དམངས་གཙོའི་ཁྲིམས་སྐྱོང་གསར་སྐྲུན་བྱེད་པ། གསར་བརྗེའི་ཁྲིམས་སྐྱོང་རིག་གནས་རྒྱུན་འཛིན་བྱེད་པ། མི་རིགས་ས་ཁུལ་གྱི་ཁྲིམས་སྐྱོང་མཉམ་འདྲེས་སོགས་ཀྱི་ནང་དོན་ལ་གཞིགས་ནས་རྟོག་ཞིབ་གཏིང་ཟབ་བྱས།

རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། ཀུའེ་ཀྲོའུ་ཞིང་ཆེན་དང་ཀོང་ཏུང་ཞིང་ཆེན་གཉིས་ཀྱིས་རང་ངོས་ཀྱི་ཐོན་ཁུངས་དགེ་མཚན་ལ་གཞི་ཚུགས་ཏེ། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་བྱ་བའི་ཁྲོད་གནད་འཁེལ་ཇུས་བསྟར་དང་བདེན་སྲུང་གསར་གཏོད་བྱས་ཏེ། འདྲ་བཟོ་བྱས་ཆོག་པ་དང་ཁྱབ་གདལ་བཏང་ཆོག་པའི་ཉམས་མྱོང་རྩ་ཆེན་རབ་དང་རིམ་པ་འཚོལ་ཞིབ་བྱས་ནས། རང་ཞིང་གིས་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་སྤུས་འདེགས་རིམ་སྤོར་བྱེད་པ་དང་། གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་་དུ་བསྒྱུར་བར་བྱེད་ཐབས་ནུས་ལྡན་འདོན་སྤྲོད་བྱས།

རྟོག་ཞིབ་ཚན་ཆུང་གིས་ནན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་གྱི་དངོས་ཡོད་གནས་ཚུལ་དང་དམ་པོར་སྦྲེལ་ནས། རྟོག་ཞིབ་གྲུབ་འབྲས་ཀྱི་མྱོང་གྲུབ་བསྡུ་ལེན་དང་རྣམ་སྒྱུར་བེད་སྤྱོད་ཏན་ཏིག་གིས་ལེགས་པོར་བསྒྲུབ་དགོས། 《མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་སྲོལ་ཡིག》གི་ཁྲིམས་འཛུགས་བྱ་བར་དམ་པོར་སྦྲེལ་བ་དང་། བཅའ་ཁྲིམས་ཁྱབ་གདལ་འགན་འཁྲི་དོན་འཁྱོལ་བྱེད་པ། བཅའ་ཁྲིམས་ཁྱབ་གདལ་བྱེད་ཐབས་གསར་གཏོད་དང་བེད་སྤྱོད་བྱེད་པ། གཞི་རིམ་ཁྲིམས་སྐྱོང་འཛུགས་སྐྲུན་བྱེད་པ། གྲངས་འཛིན་བཅའ་ཁྲིམས་ཁྱབ་གདལ་ནུས་སྩོལ། ཁྲིམས་སྐྱོང་རིག་གནས་ཀྱི་སྤུས་རྟགས་གསོ་སྐྱོང་བྱེད་པ། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། ཁྲིམས་ལྟར་དམངས་ཆེན་གྱི་འགན་འཁྲི་ལག་བསྟར་བྱེད་པ་དང་སྤུས་ཚད་མཐོ་བའི་ཁྲིམས་འཛུགས་ལ་བསམ་ཚུལ་དང་གྲོས་གཞི་འདོན་པ། བྱེད་ཐབས་དངོས་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་བྱ་བ་ལམ་ལུགས་ཅན་དང་ཚད་ལྡན་ཅན། རྒྱུན་རྣམ་ཅན་བཅས་སུ་འཕེལ་རྒྱས་གཏོང་དགོས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།