གསར་འགོད་པས་ཟླ་ལྔ་པའི་ཚེས་ལྔ་ཉིན་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་རྒྱུས་ལོན་པ་ལྟར་ན། “ལྔ་གཅིག”གུང་གསེང་རིང། སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་མི་སྣའི་འཁོར་རྒྱུག་ཚད་སྔོན་རྩིས་བྱས་ན་མི་ཐེངས་ཐེར་འབུམ་གཅིག་དུང་ཕྱུར་ལྔ་ལས་བརྒལ་བ་དང་། ཉིན་རེར་ཆ་སྙོམས་ཀྱིས་མི་ཐེངས་དུང་ཕྱུར་གསུམ་ལས་བརྒལ་ནས། ལོ་རྒྱུས་ཀྱི་དུས་མཉམ་གྱི་ཟིན་ཐོ་གསར་པ་བསྐྲུན།
ཚེས་ལྔ་ཉིན། འགྲིམ་འགྲུལ་ཕྱིར་སྐྱོད་ལས་ཕྱིར་ལོག་འགྲུལ་པ་མང་ཤོས་ཀྱི་དུས་སྐབས་བསུས་པ་དང་། ལྕགས་ལམ་གྱི་འགྲུལ་རྒྱུན་ལས་མཐའ་སྐོར་གྱི་གྲོང་ཁྱེར་ཆུང་འབྲིང་ནས་ལྟེ་གནས་གྲོང་ཁྱེར་ཆེན་པོར་ཕྱིར་ལོག་པའི་རྣམ་པ་མངོན། ལྕགས་ལམ་སྡེ་ཁག་གིས་མེ་འཁོར2225ཇེ་མང་དུ་གཏོང་རྒྱུའི་འཆར་གཞི་ཡོད་པ་མ་ཟད། མེ་འཁོར་ས་ཚིགས་ཀྱི་འགྲུལ་རྒྱུན་ཁ་ཐོར་བྱེད་པའི་བྱ་བ་ལེགས་པར་བསྒྲུབ་རྒྱུ་ཡིན་པ་དང་། སྐྱེལ་འདྲེན་ས་ཚིགས་མང་པོ་ཞིག་གིས་མཚན་བརྒྱབ་ནས་ལས་གཉེར་བྱས་ཏེ། ཡུལ་སྐོར་བའི་མཚན་མོའི་སྒུག་སྡོད་ཀྱི་དགོས་མཁོ་བསྐངས།
རྒྱལ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་གྱི་རླངས་འཁོར་རྒྱུག་ཚད་ཚེས་ལྔ་ཉིན་ཉིན་སྔོན་མ་ལས་མར་ཆག་པ་དང་ཧ་ལམ་རླངས་འཁོར་རྒྱུག་ཐེངས་བྱེ་བ་དྲུག་ས་ཡ་གཅིག་ཡིན། པེ་ཅིན་དང་ཧྲང་ཧའེ། ཀོང་ཀྲོའུ། ཁྲུན་ཏུའུ་སོགས་གྲོང་ཁྱེར་ཆེ་གྲས་ནས་འགྲོ་འོང་བྱེད་པ་དང་། དེ་མིན་གནམ་གྲུ་ཐང་གི་མྱུར་བགྲོད་གཞུང་ལམ་མཐའ་སྐོར་གྱི་ལམ་དྲ་རུ་རླངས་འཁོར་འགག་པའི་གནས་ཚུལ་འབྱུང་སླ། རིན་མེད་ཤར་བགྲོད་སྲིད་ཇུས་ལྟར། རྐུབ་སྟེགས་བདུན་དང་རྐུབ་སྟེགས་བདུན་མན་གྱི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་རྒྱལ་ཡོངས་ཀྱི་ལམ་རིན་བསྡུ་བའི་གཞུང་ལམ་དུ་རིན་མེད་ངང་རྒྱུག་པའི་དུས་ཚོད་ཀྱི་ཚད་བཀག་ནི། ཚེས་ལྔ་ཉིན་གྱི་དགོང་མོའི་ཆུ་ཚོད་བཅུ་གཉིས་བར་ཡིན་ལ། རླངས་འཁོར་མྱུར་བགྲོད་གཞུང་ལམ་གྱི་ཐོན་སྒོ་ཡི་ལམ་རིན་བསྡུ་བའི་འཁོར་ལམ་དང་བྲལ་བའི་དུས་ཚོད་ཚད་གཞིར་འཛིན་དགོས།